Video Overview
Dechen Wangmo gives an account of Hindu Cliff of Wang Sisina. She says she learned about this cliff from her grandfather, Dasho Gadza, and other elderly people of the community. It is believed that the cliff contains numerous treasure chests, which were supposedly offered to Tashi Choedzong as gifts by the nagas (serpent spirits). Beside the treasure chests, a male and female conch shell and a variety of jewels can also be seen on this particular cliff. Sisi Landlady's family became rich due to the cliff’s location just opposite of their house.
བདེ་ཆེན་དབང་མོ་གིས་ ཝང་སི་སི་ན་ལུ་ཡོད་པའི་ ཧིན་དུ་བྱག་གིས་སྐོར་ལས་ ལོ་རྒྱུས་བཤད་དོ་ཡོདཔ་ཨིན། མོ་གིས་བཤད་མི་ནང་ བྱག་གིས་སྐོར་ལས་ མོ་རའི་ཨ་རྒས་གད་ཟ་དང་ གཡུས་གའི་མི་རྒན་ཤོས་ཚུ་ལས་ལྷབ་ཅིག་ཟེར་ཨིན་མས། བྱག་འདི་ནང་ལུ་ ཀླུ་ཚུ་གིས་ བཀྲ་ཤིས་ཆོས་རྫོང་ནང་ལུ་ ཕྱག་མཇལ་སྦེ་ཕུལ་ཡོད་པའི་ གཏེར་མཛོད་སྒྲོམ་ལེ་ཤ་ཡོད་པའི་ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན་མས། གཏེར་མཛོད་སྒྲོམ་གྱི་མ་ཚད་པར་ དུང་དཀར་ཕོ་དང་མོ་ དེ་ལས་ རིན་ཆེན་རྡོ་ཡང་ལེ་ཤ་ཅིག་རང་བྱག་འདི་ཁར་ མཐོང་ཚུགས་དོཡོདཔ་ཨིན་མས། དེ་འབདཝ་ལས་ སི་སི་སྦྱིན་བདག་ཨམ་གྱི་བཟའ་ཚན་ཚུ་ ཕྱུགཔོ་འགྱོ་ཡི་ཟེར་ཨིནམ་དང་ དེ་ཡང་ བྱག་འདི་ མོ་གི་ཁྱིམ་གྱི་ གདོང་ཕྱོགས་ལུ་ཡོདཔ་ཨིན་མས།
- བདེ་ཆེན་དབང་མོ་ Dechen Wangmoང་བཅས་ཨ་ནཱི་ ཁྱིམ་འདི་གི་རྒྱབ་ཁ་གི་བྱག་སྦོམ་འདི་ ཨ་ནཱི་དང་ཕུ་འབདན་རོགས་ ཁྲམ་སྦེ་ཡོད་དོ་འདྲས་ལགས། འ་ནཱ་ལུ་ ཧིན་དྷུ་བྱག་ཟེར་ མིང་རང་འ་ནཱི་སྦེ་སླབ་ཨིན་ལོ་ལགས། ཧིན་དུ་བྱག་ཟེར།
- བདེ་ཆེན་དབང་མོ་ Dechen Wangmoཏེ་ འ་ནཱི་འདི་བྱག་འདི་ བྱག་འདི་ནང་ལུ་ བྱག་འདི་ གཞན་མི་གི་བྱག་བཟུམ་སྦེ་ སྟོངམ་སྦེ་མེན་པར་ ག་ར་འ་ནཱི་སྦེ་དོ་གི་ཚད་སྦེ་ ཇ་དོ་ ཚྭ་དོ་ དེ་ལསནི་ ག་ཅི་གུ་ཅི་གི་དོ་དོ་སྦེ་ ཏེ་ མཚོ་སྨནམ་གིས་ ཡར་རྫོང་ནང་ལུ་ བཀྲ་ཤིས་ཆོས་རྫོང་ལུ་ འབུལཝ་འབད་ཕུལ་ནི་སྦེ་འབག་འགྱོཝ་ད་ ཏེ་ འ་ནཱ་ལྷོདཔ་ད་ གནམ་ ནམ་ནངས་སོངཔ་སྦེ་ ཏེ་ འ་ནཱ་ལུ་བཞག་བཞགཔ་ཨིན་ཟེར་སླབ་མས་ལགས།
- བདེ་ཆེན་དབང་མོ་ Dechen Wangmoའ་ནཱི་འདི་ དང་ཕུ་ནཱ་ཁྱིམ་འདི་ ཁྱིམ་འདི་ནང་ལུ་ཕྱུགཔོ་མི་འདི་ ད་ཨ་ཕི་ནང་གི་བྱག་འདི་སྟོངམ་མེན་པར་ ག་ར་ ནང་ན་ཡོདཔ་སྦེ་ ནང་ཀོ་ཡོདཔ་སྦེ་འབད་ནི་འདི་གིས་ ཕྱུགཔོ་མི་འདི་ འ་ནཱི་ཨིན་སླབ་མས་ལགས།
- བདེ་ཆེན་དབང་མོ་ Dechen Wangmoདེནི་ དུང་དཀར་ཕོ་གཅིག་དང་མོ་གཅིག་ཡོད་ཟེར་ སླབ་མས་ལགས། འ་ནཱི་འབདཝ་ད་ ད་ ང་བཅས་ཤེསཔ་ཅིག་ཁ་ལས་འདི་ གཅིག་འདི་འདུག་ གཅིག་འདི་ད་ལྟོ་ཡང་འདུག་ གཅིག་འདི་མིན་འདུག་ལགས། འ་ནཱི་སྦེ་ དེ་ལས་ འ་ནཱི་བྱག་འདི་གུ་ལུ་ ད་རུང་གླངམོ་ཆེ་གི་ ཨ་ནེམ་ལེ་ཤ་མཇལ་ཚུགས་ལགས། ནོར་བུའི་བྱེ་བྲག་འ་ནཱི་བཟུམ་གནམ་མེད་ས་མེད་མཇལ་ཚུགས་ འ་ནཱི་བྱག་འདི་གནམ་མེད་ས་མེད་བྱིན་རླབས་ཡོད་ཟེར་ ཨ་རྒས་ཀྱིས་ འ་ནཱི་སྦེ་སླབ་ནི་ཡོད་ལགས།
- བདེ་ཆེན་དབང་མོ་ Dechen Wangmoདེནི་ དེ་བསྒང་འ་ནཱི་ ང་བཅས་ནཱ་ལས་ རྒཔོ་དཀརཔོ་ཟེར་མི་འདི་ ང་བཅས་ཨ་རྒས་ཀྱི་ཨ་རྒས་ འོང་མས་བ་ལགས། ཁོ་འདི་ མ་པ་གོ་ས་འདི་ རྒཔོ་གཅིག་བ་མ་འབད་བས་ དེ་འབདཝ་ད་ཁོ་གིས་འདི་ འདྲེ་དེ་ཚུ་ཡང་ བཏུལ་ཚུགསཔ་ཨིན་ཟེར་ཨིན་མས་ལགས།
- བདེ་ཆེན་དབང་མོ་ Dechen Wangmoཏེ་ ད་ལྟོ་འ་ནཱ་ ང་བཅས་འ་ནཱ་ལུ་ གཟར་ཆུ་ཡོད་འབད་མི་གི་རྐ་འདི་ ཨ་ཕར་ལས་འགྱོཝ་ད་ ཡར་ཨ་ཙི་ཡར་ཡར་འགྱོ་དགོ་ འ་ནཱ་ལུ་ བྱག་ ཡུདཔ་ཅིག་ བྱག་ཐོག་ཚད་ building (སྒྲིང་ཁྱིམ་)གྱི་ཐོག་ཚད་འབད་བ་ཅིན་ ཐོག་བཅུ་ཐམ་བཅུ་གཅིག་དེ་ཅིག་གི་སྐེད་པ་ལས་ཕར་ ཏེ་ འ་ནཱི་ཁོ་གིས་ འདྲེ་འདི་འ་ནཱ་ལས་ཕར་བཙུགས་ཏེ་སྦེ་ བྱག་དོང་སྤེད་བཅུག་སྟེ་ ཏེ་ ཆུ་གི་གཡུར་བ་འདི་ གཡུར་བ་སེལ་བཅུགཔ་ཨིན་ཟེར་ ཨིན་མས་ལགས། ཏེ་ ད་ལྟོ་ ང་བཅས་ཆུ་འདི་ འ་ནཱ་ལས་རང་འཇིབ་སྟེ་འཐུང་སྟེ་ཡོད་ལགས། ཨ་ནཱའི་གཟར་ཆུ་འདི།
- བདེ་ཆེན་དབང་མོ་ Dechen Wangmoདེ་ལས་ ཚར་གཅིག་འབདཝ་ད་ ཁོ་ ཁྲིམས་བཀལ་ཏེ་ མར་ཨ་མར་ ཁྱིམ་གྱི་མཇུག་ལུ་ ལས་སྒོ་སྦོམ་གཅིག་ཡོད་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལས་སྒོ?
- བདེ་ཆེན་དབང་མོ་ Dechen Wangmoཏེ་ ལས་སྒོ་ཟེརཝ་ད་ དང་ཕུ་འབདན་ ཨ་ནཱི་ཀར་ བྱཱོ་རྒྱ་རེད་ཚུ་བཏབ་བཞག་སུ་ཨིན་མས་བ་ལགས། ཨ་རིང་ བྱཱར་ཞིང་མེན་པར་ འ་ནཱི་ ལས་སྒོ་འདི་སེལ་བཅུགཔ་ཨིན་ཟེར་ཨིན་མས་ཁོ་གིས། ནུབམོ་གཅིག་ཁྲིམས་བཏང་སྟེ་ ཏེ་ འ་ནཱ་ལས་ཕར་གྱི་རྡོ་དེ་ཚུ་ག་ར་འཐུ་ ཕར་མཐའམ་བདའ་སྐྱེལ། དེ་ལས་ ལས་སྒོ་འདི་ སྦོམ་འདི་སྤུས་རྩ་འབད་བསལ་ཏེ་ ད་ལྟོ་ ད་ ད་རེས་ནངས་པར་ཡང་ དེ་སྦེ་རང་ཡོད་ལགས།
- བདེ་ཆེན་དབང་མོ་ Dechen Wangmoཏེ་ ཁྲམ་ནང་ལས་ཡང་ གོམ་ཐེངས་ཉི་མའི་ལས་སྒོ་ར་ཟེར་རྐྱབ་སྟེ་ཡོད་ལགས་འ་ནཱི་སྦེ། འ་ནཱི་ད་ལྟོ་བལྟ་ས་ཡང་ འ་ནཱི་སྦེ་ཡོད་ འ་ནཱི་ཨཔ་འདི་ མ་པ་ཁོ་ར་གོ་ས་འདི་ རྒཔོ་གཅིག་བ་མིན་འདུག་ དེ་རང་འབད་རུང་ ཁོ་ གནམ་མེད་ས་མེད་ འ་ནཱི་སྦེ་ མི་ ང་བཅས་རའི་མི་ འཕགས་པ་ ནེམ་ མཁས་པ་ཅིག་མེན་པར་ སོ་སོ་འབད་འ་ནཱི་སྦེ་བཏུལ་ཚུགསཔ་ རྒྱུད་པ་བཟུམ་སྦེ་ འ་ནེམ་ཅིག་ཨིན་དོ་མས་ལགས། འ་ནཱི་སྦེ་ཟེར་ ཕམ་འདི་ཚུ་གིས་ འ་ནཱི་སྦེ་སླབ་ནི་འདུག་ལགས།