Skip to main content Skip to search
10 Feb 2017
4 min 5 sec
Video Overview
Creators: 
Yeshi Wangchuk, Penchela, Sonam Chophel

རྒྱལ་ཁབ་ནང་ སྣུམ་འཁོར་ལམ་དང་ ལམ་འགྲུལ་གྱི་མཐུན་རྐྱེན་ འགོ་མ་བཙུགས་པའི་ཧེ་མ་ སྐྱེལ་འདྲེན་གྱི་དོན་ལུ་ འབྲུག་མི་ལ་ཁ་མཐོ་སར་སྡོད་མི་ཚུ་གིས་གཡག་དང་ ས་ཁ་དམའ་སར་སྡོད་མི་ཚུ་གིས་ རྟ་ལུ་བརྟེན་སྡོད་ཡོདཔ་ད་ སེམས་ཅན་གུ་སྐྱེལ་འདྲེན་འབད་བའི་སྐབས་སུ་ རྟའི་སྒ་ཆས་ལ་སོགས་པ་ཚུ་ ཁག་ཆེ་ཏོག་ཏོ་ཨིན་པས། གློག་བརྙན་ཐུང་ཀུ་འདི་ནང་ ཐིམ་ཕུག་རྫོང་ཁག་ ཝང་དངས་ལོ་གཡུས་ཚན་ལས་ རྣམ་རྒྱལ་རྡོ་རྗེ་གིས་ སྒ་ཆས་དང་ གཞན་ཡང་ཉེ་བར་མཁོ་བའི་ རྟའི་ཅ་ཆས་ཀྱི་སྐོར་ལས་ བཤད་པ་རྐྱབ་ཨིན་པས། སྒ་ལུ་སྤྱིར་བཏང་ཡོངས་གྲགས་ལུ་ བཞོན་སྒ་དང་ ཁལ་སྒ་ཟེར་ ཁག་གཉིས་སྦེ་ཡོདཔ་ད་ འདི་ཚུ་ཡང་ ཨེ་ཏོག་མེ་ཏོག་གི་ཤིང་ལ་སོགས་པའི་ ཤིང་འཇམ་དྲགས་ཚུ་གི་སྦེ་ བཟོ་དོ་ཡོདཔ་ཨིན་པས། སྤྱིར་བཏང་སྒ་འདི་གཉིས་ ཅོག་ར་འཐདཔ་སྦེ་ཡོད་རུང་  བཞོག་སྒ་གུ་རྐངམ་བཀལ་ས་ཡོདཔ་ད་ ཁལ་སྒ་གུ་ཁུར་ཆ་བསྡམ་ནི་གི་ ཐགཔ་རིངམ་ཅིག་ཡོད་མི་ལས་བརྟེན་ ཁྱད་པར་བཟོཝ་ཨིན་པས། ཏེ་རྟ་གུ་བཞོན་ནི་བྱ་སྟབས་བདེ་ནིའི་དོན་ལུ་ ད་རེས་ནངས་པ་ བཞོན་སྒ་འདི་ཀོཝ་གི་སྦེ་བཟོ་ཡོདཔ་ཨིན་པས།  

Transcript search
No results found for this search
0 of 0
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    ལགས་སོ་ ཏེ་ ཨ་ནཱི་ལགས་ བཞོན་སྒ་གི་ཐེའུ་(?)ལགས་འ་ནཱི་ ཏེ་ འ་ནཱི་གི་སབ་ཐག་(?)ཟེར་ལགས་ ཏེ་ འ་ནཱི་གཉིས་སཱབ་(?)ལགས་ དང་ཕུ་གི་ལགས་ ཏེ་ དང་ཕའི་སཱབ་ཟེར་མི་འདི་ འ་ནཱི་ཨིན་ལགས་ ཏེ་ དོ་རུང་ ད་ ཨ་ནཱི་ ད་ ད་རེས་ནངས་པ་འབདཝ་ད་རོགས་ ད་ མང་ཤོས་རང་འ་ནཱི་འཛིན་སྐྱོང་མི་འཐབ་ལགས་ མ་འཐབ་མི་འདི་ ག་དེ་མས་ཟེར་བ་ཅིན་ བདེ་ཏོག་ཏོ་སྦེ་ རྒྱ་གར་གྱི་ མར་ལས་ཀྱི་སྒ་ ཀོཝ་སྒ་ཟེར་མི་འདི་ འཐོན་དེས་བ་ལགས།
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    ཏེ་ འ་ནཱི་ ང་བཅས་ཀྱི་འདི་ དང་ཕུའི་ སྒ་ཏེ་སྒ་(ཁལ་སྒ་)ཟེར་མི་འདི་ལགས་ འ་ནཱི་གང་དགོ་ལགས་ དེ་ལས་ འ་ནཱི་སྒ་རྩ་(?)ལགས་ དེ་ལས་ འ་ནཱི་སྒ་ཤོག་(?)ཟེར་དོང་ལགས་ འ་ནཱི་སྒ་ཤོག་ དེ་ལས་འ་ནཱི་ གོང་ལགས་ ཏེ་ དེ་ལསནི་ འ་ནཱི་ འ་ནཱ་གློ་ལགས་ ཏེ་ དེ་ལསནི་འ་ནཱི་ ཡབ་ལགས་ ང་བཅས་ར་བཞོན་འགྱོཝ་ད་ ཁ་ཡར་བལྟ་ཨིན་རུང་ཨིན་ མར་བལྟ་མར་ཨིན་རུང་ཨིན་ ཏེ་ བཞོན་སྒ་འདི་གུ་ འ་ནཱི་དགོ་རང་དགོ་ལགས་ འ་ནཱི་མེད་པ་ཅིན་ ཏེ་ རྦབ་རིལ་མྱོང་ལགས།
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    ཏེ་ དེ་ལསནི་ འ་ནཱི་ཟངས་(?)ཟེར་སྡོད་འོང་ལགས་ ཏེ་ འ་ནཱི་མི་(?)ཟེར་སྡོད་འོང་ལགས་ ཏེ་ད་ བཞོན་སྒའི་སྐོར་ལས་འདི་ འ་ནེམ་ཅིག་སྦེ་ཚངམ་ཨིན་ ཏེ་འ་ནི་ང་བཅས་ར་ ཕར་དང་ཚུར་ ཐག་རིང་སར་ ལམ་རིངམོ་འབད་བ་ཅིན་ ད་ ད་རེས་ནངས་པ་ འ་ནི་བཟུམ་འཛིན་སྐྱོང་འཐབ་ནི་མིན་འདུག་ལགས་ ད་ གནམ་མེད་ས་མེད་ཉམས་དེས་ ཉམས་མི་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ག་ར་རོགས་ འཕྲུལ་ཆས་གུ་ལཱ་འབད་དེ་སྡོད་ནི་འདི་གིས།
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    ཏེ་ད་ འ་ནཱི་བདག་འཛིན་མི་འབད་བས་ ཏེ་ ང་བདག་འཛིན་འབད་བཞག་ཡི་ཟེར་ཞུ་ནི་ཨིན་ལགས་ ཏེ་ བདག་འཛིན་འབད་དགོ་མི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ད་རེས་ནངས་པ་འ་ནཱི་བཟུམ་སྦེ་ འདྲི་བ་དྲིས་ལན་རེ་ བཀོད་མི་འབྱོན་པ་ཅིན་ ང་འ་ནེམ་ཅིག་ སྟོན་དགོ་ནི་འདྲས་ཟེར་མནོ་སྟེ་བཞག་ཡི་ལགས་ ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་ཅི་ཨིན་ན་ལགས?
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཨ་ནཱི་འདི་ རྟ་ཚུ་ཕར་ཚུར་འགྱོཝ་ད་ལུ་ ཨ་ནཱི་རྟ་ལུ་ འ་ནཱི་ཆག་ཨིན་ན་ལགས?
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    འ་ནཱི་ནང་ན་ ཆག་འདེགས་དགོ་ལགས་ ཏེ་ འ་ནཱ་ལུ་ རེད་བྱཱ་ལྔ་ འ་ནཱ་ལུ་ལྔ་བཅུ་ཐམ་ཤོང་ལགས་ ཏེ་ བདུན་ཕྲག་གཅིག་གི་ ཁོང་གི་ དྲོ་པ་ཕྱི་རུ་སྤྱོད་ནི་གི་ རྒྱགས་སྐལ་ ནཱི་གི་ལངས་སྲིད་ནི་ཨིན་ལགས་ ཏེ་ སྟབས་བདེ་ཏོག་ཏོ་ཨིན་ལགས་ ག་མནོ་སར་ལས་ཕར་བཀོ་རུང་ཡང་ སྤེད་དེ་ཡང་མི་འགྱོ་ ཚལ་མ་ནང་ལས་ཕར་འགྱོ་རུང་ སྤེད་བཀོ་མི་མྱོང་ལགས།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཨ་ནཱི་ཕར་ཚུར་འ་ནཱི་བཟུམ་འབག་ད་ལུ་ འ་ནཱི་ཆག་འདི་ ཁོ་ར་ ཁོང་ར་རྟ་ལུ་རང་།
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    ཨོང་ལགས་ ཁོང་ར་གིས་རང་འབག་འོང་ལགས།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    འེང་ཨིན་ན།
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    ཁོང་ར་གུ་རང་བཀལ་འོང་ལགས་ ཏེ་ འ་ནཱི་གུ་བཀལ་འོང་ཟེར་ཞུ་ནི་ལགས་ ཏེ་ད་ འ་ནཱི་ང་བཅས་ར་ ཡར་དང་མར་ ཕར་དང་ཚུར་ ང་བཅས་ར་ མི་ཕར་དང་ཚུར་འགྱོཝ་ད་ ཁུར་ཆ་རེ་འབག་འབདཝ་ད་ འ་ནཱི་ང་བཅས་ཀྱི་ ཁལ་སྒ་གི་ཐེའུ་ཨིན་ལགས་འ་ནཱི་ སོ་སོ་འབད་སྡོད་འོང་ལགས་ བཞོན་རྟ་གི་དང་ ཁལ་སྒ་གི་ཐེའུ་འདི་ སོ་སོ་སྦེ་སྡོད་འོང་ལགས་ བཞོན་རྟ་གི་འདི་ སཱབ་དང་སྦྲགས་ཏེ་སྡོད་འོང་ལགས་ སཱབ་དང་སྦྲགས་ཐགཔ་ཡང་ མ་འདྲཝ་སྦེ་སྡོད་འོང་ ཏེ་འ་ནཱི།
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    ཁལ་སྒ་གི་ཨིན་ལགས་ ཁུར་ཆ་བཀལ་འབདཝ་ད་ ཏེ་ དེ་ལས་འ་ནཱི་ འ་ནཱི་སྒ་འདི་གི་མིང་ ཁལ་སྒ་ཟེར་ཨིན་ལགས་འ་ནཱི་ ཏེ་ རོགས་ཁལ་སྒ་ཟེར་ཏེ་ ཨ་ནཱི་གང་དགོ་ལགས་འ་ནཱི་ ཏེ་ དེ་ལསནི་ ད་ཅི་བཟུམ་སྦེ་རང་ཨིན་ ད་ཅི་གོང་ལས་ཞུ་དོ་བཟུམ་སྦེ་ འ་ནཱི་གང་གུ་ དེ་ལས་འ་ནི་ སྒ་ས་དེ་ལས་འ་ནི་སྒ་ཤོག་ཟེར་སྡོད་འོང་ལགས་ ཏེ་ དེ་ལས་འ་ནཱི་ ཁལ་བཏགས་ཟེར་སྡོད་འོང་ལགས་ ཁུར་ཆ་བསྡམ་ནི་གི་ ཏེ་ དེ་ལས་ མི་ཟེར་སྡོད་འོང་ལགས།
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    དེ་ལན་འ་ནཱི་ ཟངས་ཟེར་སྡོད་འོང་ལགས་ ཏེ་ རྟ་བཀྲ་མ་ཤིསཔ་སྦེ་འབད་བ་ཅིན་ ཏེ་ག་དེམ་ཅིག་དབུར་བཤམས་ རྐྱབ་རུང་སྒལ་ཏོ་ཁར་ལས་དབུར་འབད་ཞིནམ་ལས་ རྩ་ལས་རང་ཁུར་ཆ་སྤུད་མི་ཚུགས་ཟེར་ཞུ་ནི་ལགས་ ཏེ་ དེ་མེན་པ་ཅིན་ འ་ནཱི་བཏོག་བཀོ་ད་ལགས་ ད་ གབ་ཆ་རང་སྤར་བ་ཅིན་ ཏེ་ འ་ནཱི་འབད་ནི་འདི་གིས་ དང་ཕུ་གི་འ་ནི་ཨིན་ལགས།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཨ་ནཱི་སྒ་བཟོཝད་ལུ་ ཤིང་འདི་ག་ཅི་གི་བཟོཝ་སྨོ་ལགས?
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    ད་ ང་བཅས་ར་ རབས་ར་འབྱུང་པ་ཅིན་ སྒ་ཤིང་འདི་ ཡར་ལ་ཁའི་ཁནམ་འདི་བཏོག་དགོ་ལགས་ རབས་འབྱུང་པ་ཅིན་ དེ་ལས་ འབྱུང་པ་ཅིན་ཨེ་ཏོ་ལགས་ ཏེ་དེ་ལས་ འབྱིད་པ་ཅིན་ དེ་ལས་ ང་བཅས་རའི་ འ་ནཱི་གཟན་དཀྲུག་ཤིང་ཟེར་ཡོད་བ་ལགས།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    འ་ནཱི་ཤིང་འདི་འབད་བ་ཅིན་ད་ལྟོ་ ག་ཅི་ ག་ཅི་གི་ཤིང་སྨོ་ལགས?
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    ད་ ང་བཅས་ནཱ་ འཇམ་སམ་སྦེ་ཨིན་ལགས་ འ་ནཱི་ ང་བཅས་ནཱ་ལུ་ ཧོད་སི་ཟེར་ཡོད་ལགས་ འ་ནཱི་ཏོག་འདི་ཨིན་ལགས་གང་མཇུག་འདི་ གང་མགོ་འདི་ཁནམ་རང་ཨིན་ལགས་ ཏེ་ སྒ་ཤོག་ལུ་འབད་བ་ཅིན་ ཅོ་ཀ་ར་བཏོག་དགོ་ལགས་ ག་ཅིམ་ཟེར་བ་ཅིན་ ང་བཅས་རའི་ ཁུར་ཆ་འབག་ད་ལུ་ བསིལ་ཏོང་ཏོ་འོང་ནི་གི་དོན་ལུ་ དེ་ལསནི་ ཅོ་ཀ་འདི་མ་ཐོབན་ ལ་ཁའི་ཏབ་ཡོད་བ་ལགས་ ཏབ་དེ་རང་སྤོགས་དགོ་ལགས།
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    ཏེ་ ཏབ་འདི་སྤོག་འ་ནཱི་འབད་བ་ཅིན་ ཏེ་ ང་བཅས་རའི་བཞོལ་སྒ་གི་ཨིན་དགོ་རུང་ཨིན་ ཁལ་སྒ་ཨིན་རུང་ཨིན་འ་ནཱི་ ཏེ་ སྒྲིང་སྒྲིང་སྦེ་སྡོད་ཡང་སྡོད་འོང་ ཚེ་ཨ་ཙི་ཅིག་ རྟ་ལུ་འ་ནི་བུང་ལགས་ ཏེ་ སྒ་བཟོཝ་ད་ སྒ་མགུ་དང་ སྒ་མཇུག་གི་ཁྱད་པར་ཡོད་ལགས་ ཁལ་སྒ་ཨིན་རུང་ཨིན་ བཞོན་སྒ་ཨིན་རུང་ཨིན་ ཡར་སྒ་མཇུག་འདི་ཆུང་སུ་ཅིག་ སྒ་མགུ་འདི་ཨ་ཙི་ཅིག་ཡངས་སུ་ཅིག་དགོ་ལགས་ ང་བཅས་ར་ ཡར་ལས་རྟ་ སྒལ་ཏོ་འ་ནཱི་མགུ་ཏོ་ཕྱ་སི་སི་ མཇུག་ཏོ་ཨ་བུག་སྦོམ་འབད་ནི་འདི་གིས་ ཏེ་ འ་ནཱི་སྦོམ་སྦེ་ བཟོ་དགོ་ལགས་ འ་ནཱ་ལགས་ ཨ་ཙི་ཅིག་མ་འདྲཝ་སྦེ་སྡོད་འོང་ལགས་སོ་ལགས།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཨ་པ་གི་རྟ་ཡོད་ག་ལགས?
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    ཡོད་ལགས་ རྟ་ཡོད་ལགས།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ད་ལྟོ་ཡང་ ཨ་ནཱི་ལག་ལེན་འཐབ?
  • རྣམ་རྒྱལ་རྡོ་རྗེ་ Namgay Dorji
    ལག་ལེན་ཏེ་ གནམ་མེད་ས་མེད་རང་འཐབ་ནི་མེད་ གཞན་ཁར་ལས་ཕར་བཙོང་པ་ཅིན་ ཏེ་ རང་དེ་མའི་མི་གིས་ དགེ་བནི་ག་ནི་ཡང་འབད་མི་ཚུགས་པས་ ཏེ་ ནཱ་གཡུས་ཁར་རང་ཡོད་ལགས་ ད་རེས་འ་ནཱ་ བར་སྦི་ས་ཕར་ཚུར་རང་ཡོད་ འདི་ཚེ་ནཱ་ཁུར་ཆ་བསྐྱེལ་ལོག་ཡར་སོངམ་མས།