05 Jan 2017
36 sec
Audio Overview
Creators:
Gangsol Folk Culture Preservation Project
- ཁ་ཡག་ཁོག་རྩུབ།
- ཉིན་གོང་ལྷ་མོར་ལྷ་བཞེངས་རོགས། མཚན་གོང་འདྲེ་མོར་ཐགས་འཐག་རོགས།
- བྱ་རིག་ན་གཤོག་པ། གཅན་གཟན་རིག་ན་སྡེར་མོ།
- ཊ་རུ་འདྲ་བའི་ངོ་གཉིས་མ། དྲིལ་བུ་འདྲ་བའི་ལྕེ་གཉིས་མ།
- ཁ་གཅིག་རུང་ཁོག་པ་མི་གཅིག སྔས་གཅིག་རུང་རྨི་ལམ་མི་གཅིག
- མིང་གི་ལུ་གུ་འཛིན་འཛིན། དོན་གྱི་མཆིག་ཡུ་སྐོར་སྐོར།
- ཁྲ་ཁྲ་འུག་པའི་སྒྲོ་འདྲ་འདྲ། གྱ་གྱུ་སོག་ལེའི་སོ་འདྲ་འདྲ།
- ཁ་འོ་མ། ཁོག་ཚེར་མ།
- ཁ་ཡག་ནི་གསེར་ལི་གསེར་ཁ། ཞེ་ནག་ནི་རྒྱ་རྩི་དུག་ལོ།
- ཁ་ཡིས་རྟ་སྐད། རྗེས་ཀྱིས་བོང་རྗེས།