05 Jan 2017
44 sec
Audio Overview
Creators:
Gangsol Folk Culture Preservation Project
- ལྷག་བསམ་ཟོལ་མེད།
- སེམས་གངས་དཀར་གྱི་ངོ་བོ་གཙང་མ་ཡིན་ན། ཚིག་ཡག་བཙོག་གཉིས་ཀ་བཤད་ན་ཆོག
- སྒ་ལྷུ་བཞིའི་རྒྱུན་ཐག་སྲ་མོ་ཡིན་ན། ལ་ཐུར་ཤོད་གཉིས་ཀ་བརྒྱུགས་ན་ཆོག
- བྱ་ཕོ་རོག་ནག་རུང་མཆིན་པ་དཀར། ཁ་ཚིག་རྩུབ་རུང་བསམ་པ་དཀར།
- སྐྱེ་ས་ཧོར་ལ་ཡིན་རུང་བསམ་པ་གླིང་དཀར་སྟོད་ལ་དཀར།
- འབྲུག་མོ་ཧོར་ལ་ཡོད་ཀྱང་བསམ་པ་གླིང་ན་ཡོད།
- བསམ་པ་དཀར་པོ་ལྷ་དར་ལྟ་བུ། བསམ་ཁོག་དྲང་མོ་ལྷ་མདའ་ལྟ་བུ།
- ཁོག་པ་གཤགས་རུང་དུང་དཀར་ཡིན། ཁྲག་རྩ་བཅད་རུང་འོ་མ་ཡིན།
- བདེན་པ་རལ་གྲིས་དཀྱིད་ན་རྨ་མེད་ནི། སྨྲ་གཏམ་དྲང་མོ་བཤད་ན་སླད་མེད་ནི་ཞིག
- བཅད་ཀྱི་ཁ་འཕྲོ་དཀར་པོ། ཟོ་འི་སྲིབ་ཤིང་དོམ་པོ།