Skip to main content Skip to search
05 Jan 2017
1 min 25 sec
Audio Overview
Creators: 
Gangsol Folk Culture Preservation Project
Transcript search
No results found for this search
0 of 0
  • ཁ་ཡག་གི་ཁར་མ་ཉན། ངོ་ཡག་གི་ངོར་མ་ལྟ།
  • སྔ་དྲོ་མ་ཤེས་འཁྲུལ་བའི་དབང་དུ་སོང་ན། ཕྱི་དྲོ་རིག་པ་གཏན་ལ་ཕོབས།
  • བཙན་རང་ཚོད་ཟིན་ན་མཐའ་བརྟན། བློ་རྒན་ལ་དྲིས་ན་ཕུགས་བརྟན།
  • བག་མར་འགྲོ་ཁ་མ་དང་མ་འགལ། དམག་ལ་འགྲོ་ཁར་ཕ་དང་མ་འགལ།
  • རྒྱ་མི་ནག་ཡུལ་གྱི་གོས་བཟོས་ན། བོད་ཁྲོམ་པའི་སྔུན་ནས་གོན་ལོམ་ནི་ཟིག་དགོས།
  • ཆུ་ཚོགས་སའི་སྣོད་ཡོད་རུངགཏམ་ཚོགས་སའི་སྣོད་དཀོན།
  • མི་བསླུ་ཚིག་གིས་བསླུ། རྟ་བསླུ་སྒྲོག་གིས་བསླུ།
  • ཕུ་ནུ་ནང་འཁྲུགས་བྱུང་ན་ནངཚགས་ནང་གིས་སྡོམ་དགོས། བ་སྣ་ཐག་ཞིག་ན་རྫི་བོས་གཟད་དགོས།
  • བློ་མི་ལ་དྲིས། བློ་ཐག་རང་གིས་ཆོད།
  • རང་རིན་པོ་ཆེ་ཡིས་མ་སྐྱོབ་ན། རོགས་རིལ་མ་མགོ་ཡིས་སྐྱོབ་ལེ་མིན
  • ཆུ་གཙང་བོ་བརྒལ་ན་རབ་དགོས། མདའ་ལུ་མ་འཕངས་ན་རྩལ་དགོས།
  • སྔ་དྲོ་མ་ཤེས་བླ་མ་དུག་གིས་བཀྲོངས་ན། ཕྱི་དྲོ་ཤེས་པ་སྐུ་གདོང་གསེར་གྱིས་མགར་དགོས།
  • ཕོ་ཚད་མཐོན་པོ་རང་གིས་བཟུང་ན། བརྩི་འཚོ་དམའ་མོ་མིས་བྱེད་ཡོང༌།
  • ཕ་མེད་ནས་ཨ་ཁུར་རེ་དུས། ཚིག་སྙན་མོ་རྣ་ཡིས་མི་ཚོར།
  • མ་མེད་ནས་ཨ་ནེར་རེ་དུས། ཟས་ཞིམ་པོ་མིག་གིས་མི་རིག
  • ཁ་ཁ་རོག་བསྡད་ན་ཁ་མཆུ་མེད། མགོ་ལག་པས་བསྐྱོར་ན་རྒྱག་ནི་མེད།
  • སྨན་བཟང་དྲུག་ཡིན་རུང་ཟ་ཡུན་མ་རིང༌། དཔོན་རང་དཔོན་ཡིན་ཡང་མཇལ་གྲངས་མ་མང༌།
  • ཆུས་ཡག་ཉེས་སྟེང་གིས་བཀན་དགོས། རྟ་མདོ་ལུའི་ཐོག་གི་ཡང་དགོས།
  • བ་ལང་ས་ཕྱགས་རང་གི་གཉའ༌། མཆི་མ་གནམ་འཕེན་རང་གི་ངོ༌།
  • བྱ་བ་ཀུན་དཔྱད་པ་ཐོངས། འཇིག་རྟེན་ཁམས་ལ་ལྟད་མོ་ལྟོས།
  • རྟ་འདོ་བ་རང་བས་ཡན་ཟིག་དགོས། ཁྱིམ་ཆུང་མ་རང་བས་མན་ཟིག་དགོས།
  • གཏམ་གྱི་མགོ་དཀའ་། བྱ་བའི་གཞུང་དཀའ་། ཆོས་ཀྱི་མཐའ་དཀའ་།