Skip to main content Skip to search
05 Jan 2017
25 sec
Audio Overview
Creators: 
Gangsol Folk Culture Preservation Project
Transcript search
No results found for this search
0 of 0
  • སྡིག་ཆེན་ཉེས་ཅན།
  • རྒྱབ་རི་ཙན་དན་ནགས་ལ་མེ་བསྒོས། མདུན་རི་རྒྱ་མཚོ་གསུམ་ལ་དུག་བཏབ།
  • མི་ནག་ཆེན་ཚིག་གིས་གནོན་ན་ཧ་སྒྲ་དང་ཧཱུ་སྒྲ། གཡག་ནག་ལི་ཁལ་གྱིས་གནོན་ན་རྔ་ལངས་ཛག་སྙེད་སྐོར།
  • མི་བསད་བརྒྱའི་ནང་གི་ལག་དམར་གཅིག རྟ་འདེད་བརྒྱའི་ནང་གི་སྒྲོག་བཤིག་གཅིག
  • རི་རབ་འགུལ་གི་འགུལ་ཤིང་། རྒྱ་མཚོ་དཀྲུག་གི་ཐུར་མ།
  • ནག་ཆེན་དཔོན་གྱིས་མི་ཁེབས། སྡིག་ཆེན་བླ་མས་མི་འདྲོངས།
  • ཁྲ་སྡིག་ཆེན་དམྱལ་བར་ལྷུང་ཁར། བྱིས་ཙི་ཙི་གཅིག་གིས་ཡར་འཕོང་མར་བཞག་མེད།