05 Jan 2017
1 min 20 sec
Audio Overview
Creators:
Gangsol Folk Culture Preservation Project
- ཕོ་དཔའ་མེད་ཀྱི་ལག་གི་མཚོན་ཆ་དེ། དགྲར་ཐུག་གིས་རང་མགོ་ལྕོགས་བྱེད་རེད།
- རང་ངོ་ན་གཡག་འགྲོ་བ་མ་རིག་པ། མྱི་ངོ་ན་ཤིག་འགྲོ་བ་རིག་མཁན།
- མྱི་ངན་པས་བཤད་ནི་དེ་འཁྱས་ནི་འདྲ། རྟ་ངན་པ་རྒྱུགས་ནི་དེ་བགུག་ནི་འདྲ།
- ཨ་གཡོག་ལ་ཡང་གཡོག ཁྱིའི་སྐྱག་ལ་མཆོད་གཡོག
- ཚིག་ཁ་རྩ་ནས་ཟད། སྒྲོ་ལུང་རྩ་ནས་ཆད།
- ཆུ་ཕུ་རུ་གང་གི་ནང་ལ། ཉ་ཕུ་རུང་འདྲ་ཟིག་ཡོད་ཁ་མི་ཉན།
- ཨ་བྲས་བསགས་པ་མཛོ་མོའི་ཁམ་གང༌།
- ངན་ནི་ངན་ན་བཤད་ཁ་ཚ། བ་ལུ་བེའུ་འཁྱོག་གཟས་འགོ་རྒོད།
- མྱི་གནོང་ཆེན་ལག་པས་ར་ར། རྟ་རྒྱབ་ཆད་རྔ་མ་འཚུབ་འཚུབ།
- ཉལ་རོགས་པུས་མོ་སྐྱ་རིལ། འགྲོ་རོགས་གྲིབ་མ་ནག་ཆུང༌།
- ཉེ་ངན་མ་ལ་འགལ་རྒྱུ་དང་ཚིག་ངན་མ་ལ་བརྗེད་རྒྱུ་མེད།
- རང་རྒྱུ་ལ་སེར་སྣ། མི་རྒྱུ་ལ་ཧམ་པ།
- སྦོ་ཕྱེད་རྐྱལ་བ། བྲང་ཕྱེད་ནུ་མ།
- མྱི་སྐྱེ་སར་ཁྱི་སྐྱེས། ནས་སྐྱེས་སར་རམ་བུ་སྐྱེས།
- རྒྱལ་པོའི་བཀའ་ཁྲིམས་རྒྱུ་ཡིས་བཤིགས། སྒོམ་ཆེན་ཕྱག་རྒྱ་ཤིག་གིས་བཤིགས།
- བཟའ་ཕོ་ཁྱི་མོ་མདུང༌། དབྱུག་པ་སྐྱ་མདུང༌།
- ནག་ནག་ལ་སྐྲ། དཀར་དཀར་ལ་སོ།
- ངན་པས་བསྟོད་ར་མི་ཁྱག བོང་བུས་གསེར་སྒ་མི་ཁྱག
- དགོས་པ་དམ་པའི་ལྷ་ཆོས་མེད་པར། མི་དགོས་འཇིག་རྟེན་བག་མའི་ལོ་རྒྱུས།
- བལྟས་ཚོད་ཀྱི་མཛོ་མོ་དཀར་མོ་ལ། བཞོ་ཚད་ཀྱི་འོ་མ་དེ་ཙམ་མེད།
- ཟོག་དཀྱིལ་ནས་བཞག་ན་མྱི་འདྲ། མྱི་དཀྱིལ་ནས་བཞག་ན་ཟོག་འདྲ་འདྲ།
- བུའི་ཚོད་ཀྱི་བུ་མོ། ཁ་རྗེའི་ཚོད་ཀྱི་ཁ་ཕོར།