05 Jan 2017
2 min 6 sec
Audio Overview
Creators:
Gangsol Folk Culture Preservation Project
- མགོ་རྔ་མེད་པའི་ཚིག ཕུ་རུངམེད་པའི་ལྭ།
- མིའི་ཁ་ན་ལྷང་ལྷང་ལྷང༌། ཁྱིའི་ཁ་ལ་འུར་འུར་འུར།
- མི་ཐོག་པདྨ་ཁ་ཕྱེ། རང་ཐོག་སྒྲོ་ལི་མཆུ་བསྡམ།
- སྡོམ་པ་ཡོད་དུས་འདུལ་བ་མེད། འདུལ་བ་ཤེས་དུས་སྡོམ་པ་མེད།
- བླ་མ་བཞུགས་དུས་དད་པ་མེད། དད་པ་ཡོད་དུས་བླ་མ་མེད།
- མི་ཐོག་ལ་ནམ་ལངས། རང་ཐོག་ལ་མུན་རུབ།
- རྒྱུ་ཡོད་རྟར་ཞོན་ན། རྒྱུ་མེད་ཀྱི་སེམས་འཁྱགས་དོན་མེད།
- སྨྱོན་པ་གཡང་ལ་ལྷུང་ན་ས་འཇུ་རྡོ་འབལ།
- རྒྱབ་རི་ལྷ་ཤིང་ཤུག་པ་ཡིན་ན་བསང་ཤུག་མི་ལ་རེ་དོན་མེད།
- རང་སྐྱོན་ལག་པས་བཀབ་ནས། གཞན་སྐྱོན་མཛུབ་མོས་འདྲུ་བ།
- མི་ངན་པས་རང་བསྟོད། བྱ་ཁྭ་ཏས་སྒྲོ་བསྟོད།
- ར་ཤ་ཟ་དུས་ངོ་དཀར། ར་རིན་བསྡུ་དུས་ངོ་ནག
- ཕོ་སྡར་ཁས་ཚིག་ཤོར། མོ་སྡར་ལག་གིས་ཟས་ཤོར།
- ལྷ་སའི་མང་ཇ་མི་རག འབྲས་སྤུང་གི་ཐུག་པ་མི་རག ར་མ་མགོའི་སྤྲང་འགྱེད་མི་རག
- བརྒྱད་ཅུའི་ཤིང་ཉག གླང་མའི་གྲི་ཉག
- ཕོ་ངན་ཡ་ཁ་སྣབས་ཀྱིས་གང༌། མོ་ངན་གོ་ཁ་ཐལ་གྱིས་གང༌།
- སྟག་འཛུམ་དྲུག་རྒྱས་ནས་ནགས་ལ་སོང་ནི་མ་རེད། ཝས་རྔ་མ་དྲུད་ནས་ཁུངལ་འཛུལ་ནི་རེད།
- ལས་རན་དུས་རྣམ་པར་སྣང་མཛད་ཀྱི་སྐུ་འདྲ། ཟ་རན་དུས་ཁྲུང་ཁྲུང་དཀར་མོའི་སྐེ་འདྲ་བསྲིངས།
- ཕོ་ངན་རི་ལ་སོང་ན་གཅིན་སྐྱག་ཡུལ་ཁ་ཡོང་། མོ་ངན་རི་ལ་སོང་ན་གཏམ་ངན་ཡུལ་ལ་ཡོང་།
- དཔའ་ད་བྱེད་ཟེར་དུས་གཡུལ་མགོ་དྭངས། བཟང་ད་བྱེད་ཟེར་དུས་ལག་ས་སྲབ།
- མྱི་ངན་གྱིས་རང་སྐྱོན་མི་གོ མར་མེ་ཡིས་རང་ཞབས་མི་གསལ།
- ལྷ་སའི་མང་ཇ་མི་རག འབྲས་སྤུངས་ཐུག་པ་མི་རག ར་མ་མགོའི་སྤྲང་འགྱེད་མི་རག