Skip to main content Skip to search
04 Jan 2017
1 min 28 sec
Audio Overview
Creators: 
Gangsol Folk Culture Preservation Project
Transcript search
No results found for this search
0 of 0
  • ལུང་པ་གཅིག་ལ་སྟག་གཟིག་གཉིས། ཤོང་ལུགས་ཡོད་དང་འགྲིག་ལུགས་མེད།
  • རི་མགོའི་ཤྭ་སྐྱ་འདྲ་བ་དེ། ཁུས་ཞབས་ཀྱི་བ་མོ་འདྲ་ཞིག་བྱས། ལུས་ཕྱེད་དེ་སྐྲན་ན་བརྫོགས། བྲང་བྱེད་དེ་ནུ་མར་བསྒྱུར།
  • མ་ཁྲོས་ཐུགས་རྗེ་ཆེན་པོ། ཁྲོས་ན་རྟ་མགྲིན་དམར་པོ།
  • སྐྱེས་སྐྱེས་དམར་ཡག་སྟག་ལ་སྐྱེས། ཤི་ཤི་སྔོན་མོ་གྲི་ཁར་ཤི།
  • ཆ་ཡོད་ནང་ལ་ཆེ་འགྱིང༌། བ་གླང་ནངལ་མཛོ་འགྲོས། དཔྱིད་ལུག་ནང་ལ་གཡག་འགྲོས། ཀི་རྭ་ནང་ལ་མདའ་རྒྱག
  • སྲིད་པ་ཆགས་པའི་གངས་རྒན་ཡིན་པ་ལས། མདང་དགོང་བཞག་པའི་བད་མོ་མེད་པ་རེད།
  • གངས་སེང་གེ་དཀར་མོའི་འོ་མ་དེ། མ་མཁའ་འགྲོ་མིན་པས་བཞོ་ནི་མིན།
  • འཛིན་དར་ཐག་མིན་པས་དོ་ནི་མིན། བཞོ་གསེར་ཟོ་མིན་པས་ཚོགས་ནི་མིན།
  • ཤར་ཉི་ཟླ་ཀླད་ཀྱིས་བོར་ནི་དང་རྒྱ་ལམ་སྔུན་གྱི་ཟད་ནི་མ་རེད།
  • བཞོ་ཟོ་གནམ་ལ་འདོགས་རྒྱུ་དང་རྐྱལ་བ་ཉི་མར་སྐམ་རྒྱུ་ཟིག་བྱེད།
  • :ཁྱི་ཕར་ཟིག་མེད་པར་གླ་བ་ཚུར་ངེར་མ་བྱེད། དམར་ཡག་སྟག་ལ་ཨོ་ལེབ། བྲེ་སེར་འབྲོང་ལ་རྭ་རྩེད་མ་བྱེད།
  • གངས་སེང་གེ་དཀར་མོའི་གཡུ་རལ་དེ། རྒྱབ་སོག་འདབ་མན་ལ་དམའ་མ་མྱོང༌།
  • ཁྱི་རྒན་གདའ་ལིའི་རྔ་མ་དེ། རྒྱབ་གྲུག་ཐོག་ཡན་ལ་འབུད་མ་མྱོང༌།
  • བཙན་རལ་གྲིའི་མགོ་ན་མེ་འབར་ནི། གཉན་ཕུར་བུའི་མགོ་ན་དུག་འཕྱུར་ནི།
  • མཚོན་མ་གཡུག་དགྲ་བཞི་རང་འདུལ་དང་། རྔ་མ་བརྡུང་ལྷ་སྲིན་རང་འཁོར་ཡིན།
  • མགོ་རྒོད་པོ་ཞྭ་ཡིས་མ་ཐུམ་པ། རྐང་རྒོད་པོ་ལྷམ་གྱིས་མ་ཆུམས་པ།
  • མགོ་རྒོད་པོ་ཞྭ་ཡིས་མ་ཆིམས་ནས་རལ་བ་ནག་སིག་གེ རྐང་རྒོད་པོ་ལྷམ་གྱིས་མ་ཆིམས་ནས་སེན་མོ་སྔོ་ཤར་རེ།