04 Jan 2017
2 min 39 sec
Audio Overview
Creators:
Gangsol Folk Culture Preservation Project
- དམའ་འབེབ་མཐོང་ཆུང་།
- ཨ་ལོའི་ཚོད་ཀྱི་གོས་ལི། བུ་མོའི་ཚོད་ཀྱི་མག་པ།
- ཁྭ་ཏའི་མིག་ལ་ཆུར་རྡོག
- མྱིའི་ལུང་པའི་ནང་དུ་ཁྱིའི་རྒྱུ་མ་མ་བཀྲུ།
- ལྷ་སའི་རྒན་མོས་ཇོ་བོ་མི་མཇལ།
- གོ་ཚད་ཙམ་ཞིག་མི་བདེན་ཀི། སོང་ཚད་ཙམ་ཞིག་མ་ཐོན་ཟིག
- ཁྱོད་ཞིག་གིས་ཅི་ཞིག་ཐུབ། འབུ་ཞིག་གིས་ཅི་ཞིག་ཁྱོག
- ང་ཟིག་གིས་ཆི་ཟིག་གོ བོང་བུ་ཟིག་གིས་ཆི་ཟིག་ཁྱག
- མི་གསུམ་འགོ་ནས་འདུག་མ་མྱོང༌། ཚིག་གསུམ་བསྒྲིགས་ནས་བཤད་མ་མྱོང༌།
- ཕ་སེམས་བུ་ཐོག བུ་སེམས་རྡོ་ཐོག
- རྒན་པོ་རྒས་ན་རྒོད་རབས། རྒན་མོ་རྒས་ན་ཡག་རབས།
- དམར་ཡག་སྟག་ག་ཨོ་ལོབ་རེད། བྲེ་སེར་འབྲོང་ང་རྭ་འཇུ་རེད།
- བུ་མོ་ད་བོང་ལིས་སྐྱིད་མི་ཐེག ཁྱི་བུ་མོ་གཉིས་ལ་བློ་གཏད་མེད། ཤིག་བུ་མོ་གཉིས་པོར་རུས་པ་མེད།
- བཙན་ན་ཁ་གཏད། གཉན་ན་ལག་བཞག
- བཙན་ན་ཁ་གཏད་ན་བཙན་ན་རྩེ་མོ་ཡོད། གཉན་ན་ལག་བཞག་ན་གཉན་ན་ཟོར་ཁ་ཡོད།