04 Jan 2017
2 min 28 sec
Audio Overview
Creators:
Gangsol Folk Culture Preservation Project
- རྟ་ཚོང་སྲབ་མདའ་གང་།
- མཛོ་ཚོང་སྣ་ཐག་གང་།
- གཡོག་ཐག་དཔོན་གྱིས་ཆོད་ཀྱང་དཔོན་ཐག་གཡོག་གིས་མི་ཆོད།
- བུ་སུ་སྐྱེས་དགའ་ལྡན་ཁྲི་ལ་བདག་པོ་མེད།
- ན་ཐག་རིང་ནི་རག་ག ཤི་ཐག་ཐུང་ན་དགའ།
- ལྷ་བྱམས་པ་མཇལ་ན་གོ་རིམ།
- བྲག་དམར་པོ་འགོས་ན་ཐེམ་པ།
- མི་མ་ཤི་ན་བློ་མི་ཟད།
- བྱ་མ་ཤི་ན་ཚང་མི་འཐོར།
- མི་སོས་ནད་པ་ཤི་ན་དགའ།
- མི་འགྲིག་བཟའ་བ་འཐོར་ན་སྐྱིད།
- ལྷ་སྐུ་ཆུང་དཀའ༌།
- ཡི་གེ་ཆེ་དཀའ༌།
- སྡུག་ན་མཆི་མ་མི་འདོན་རྒྱུ།
- སྐྱེ་པ་ཕོ་ཡི་མཚན་ཉིད་ཡིན།
- སྐོམ་ན་ན་ཆུ་མི་འཐུང་རྒྱུ།
- བྲེ་སེར་འབྲོང་གི་ཁྱད་ཆོས་ཡིན།
- དམྱལ་བ་མ་མཐོང་ན།
- སངས་རྒྱས་ཡིད་མི་ཆེས།
- ཚ་ངན་པ་སྐྱེས་ན་ཞིང་གི་བདུད།
- རྭ་ཁེ་ལི་སྐྱེས་ན་མིག་གིས་བདུད།
- ལི་ལི་འཇམ་དང་སྤར་མོ་རྩུབ།
- གནོད་པའི་མྱི་དེ་བཙལ་མི་དགོས།
- སྲན་མའི་རིལ་བུ་དེ་དྲིལ་མི་དགོས།
- ཕོ་ཤ་རྫ་རྡོ་གཉིས་ཀ་རྦབ་རྒྱུ་མེད།
- མོ་ཤ་ཤུག་དམར་གནིས་ཀ་རུལ་རྒྱུ་མེད།
- ཕྱི་མི་བདེ་གཅེལ་རོང་མས་རྡོ་ཁུར་ནི་འདྲ་བ།
- ནང་མི་བདེ་གཅོང་རོ་མས་ཆུ་འཐུང་ནི་འདྲ་བ།
- མི་ཆེན་ལྷུང་ན་གཡོག་པོ་མི་ཉན།
- གོས་ཆེན་ཐེད་ན་ལྷན་པོ་མི་ཉན།
- བུ་རང་སྐྱེ་རྩམ་པ་རང་འགམ།
- མིའི་སྙིང་རུས་ཉམས་ན་ལ་རྒྱ་འཆོར།
- རྟས་ཤ་ཁ་ལྷུང་ན་བང་རྩལ་འཆོར།
- མོ་འདོད་སྨན་གྱིས་ནད་གསོ་ཐུབ།
- མི་སྙན་གཏམ་གྱིས་ཕན་ཐོགས་ཐུབ།
- དགའ་ས་བོ་དེ་གླེང་གི་འདུག་ག
- ན་ས་བོ་དེར་རེག་གི་འདུག་ག
- སེམས་ན་ན་བཤད་འདོད།
- ལུས་ན་ན་རེག་འདོད།
- གཅེས་བསའ་སེམས་ན་ཡོད་ན་གླེང་གྲངས།
- མཛའ་མོ་ལུས་ན་ཡོད་ན་ལྟ་གྲངས།