04 Jan 2017
2 min 13 sec
Audio Overview
Creators:
Gangsol Folk Culture Preservation Project
- དགྲ་གཅིག་ཡོད་ཀྱང་མང་སས། གཉེན་བརྒྱ་ཡོད་ཀྱང་ཉུང་སེ།
- སྤྱི་རྟ་ཡི་སྡུག་ཟིག་མེད། སྤྱིའི་མི་ཡི་དགའ་ཟིག་མེད།
- ཤྭ་ཕོ་ཆེན་ལ་རེ་ཆེ། རྫ་ཁྲ་ཡག་ལ་བསྐུང་ཆེ།
- བསོགས་བསམ་པའི་བུ་ལ་ལྟོགས་རྒྱུ་དང༌། ཟ་བསམ་པའི་བུ་ལ་བརྒྱགས་རྒྱུ་མེད།
- མྱི་སེམས་ཨ་ར་བ་ར། དོགས་པ་མི་འཆར་དགུ་འཆར།
- རྒོད་ཐང་དཀར་ཀྱི་བུ་དེ་ཇེ་དཀར། ཁྭ་ཏའི་བུ་དེ་ཇེ་ནག
- ནད་འདྲི་ནད་ལ་མི་ཕན་ཀྱང༌། ནད་འདྲི་ནད་པའི་སེམས་རེད།
- མི་ངན་ལ་དབང་ཆ་སྤྲད་ན། བསྟན་པ་འགོ་ནས་བཤིག
- བཟི་མི་བཟི་རྩ་ཁམས་འཁྲུགས་ལུགས་རེད། སྨྱོ་མི་སྨྱོ་རང་སེམས་འགུགས་ལུགས་རེད།
- གསེར་ས་འོག་ན་ཡོད་ན། འོད་ནམ་མཁར་ཁྱབ།
- ཟས་ཁ་རིན་ཅན་ཟིག་ཟ་རག་བས། ལྟོ་བྱང་མའི་སྐེ་རགས་བསྡམ་ན་དགའ༌།
- ཤྭ་བོའི་རྭ་ཐར་སར། ཡུ་མོའི་རྣ་མི་ཐར་དོན་མེད།
- མྱི་མང་ཁ་དེ་འདྲེ་ཡིན། མྱི་མང་ལག་དེ་གསེར་ཡིན།
- དཔོན་ལ་མི་སྐྲག་དབང་ལ་སྐྲག སྔགས་ལ་མི་སྐྲགས་མཐུ་ལ་སྐྲག
- ཆོས་དྲེད་ཆོས་ཀྱིས་མི་ཐུལ། མར་སྐོགས་སྣུམ་གྱིས་མི་ཐུལ།
- ཞིམ་ན་ཁམ་གང། སྙན་ན་ཚིག་གཅིག
- ཚ་བས་ཁ་བསྲེགས་ནི་དང་འཁྱག་པས་སུན་ཕུང་ནི།
- དེད་པས་དེད་ན་གྱོས་བོ་གྱོས་མོ་མགྱོགས།
- ཆོས་ཁྲིམས་དར་གྱི་མདུད་པ།རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང༌།
- བཤད་པས་མི་འདག་བདེན་ཆགས་ཀྱི་བུ་ལོན། ཕྱིས་ནས་མི་འདག་ཐོད་པའི་གཉེར་མ།
- བསམ་ནས་བཤད་ན་ཚིག་ཡིན། བསྡད་ནས་མིན་ན་ཟས་ཡིན།
- མྱི་མྱིར་རིག་ན་བགད་ཁ་འཆོར། ཟོག་ཟོག་ལ་རིག་ན་མཁོན་ཁ་གཏུགས།
- རྩ་བ་སྨན་ཡིན་ན། ཡལ་ག་དུག་ཡིན་མི་སྲིད།
- བཟོ་ལག་ཤེས། ཚོང་ཐབས་ཤེས་ཡིན།
- མཛོ་མོ་མང་ན་ཟོག་རྒྱུད་ཆད། གྲྭ་བ་མང་ན་མི་རྒྱུད་ཆད།
- མི་དགའ་དགའ་ཁུལ་བྱེད་པ་དེ། སྐྱེ་ཤར་ལོ་ཇག་ལ་འགྲོ་ཉིན་རེད།
- མི་སྡུག་སྡུག་ཁུལ་བྱེད་ནི་དེ། སྨད་བུ་མོ་གནས་ལ་འགྲོ་ཉིན་རེད།
- མི་ལུས་ལེན་ཁར་ཁྱི་ལུས། དམྱལ་བར་འགྲོ་ཁར་དཔོན་ལུས།
- མཐོན་པོའི་བྲག་ལ་འགས་ཡས་དམའ་མོའི་གཡང་ལ་ལྷུང༌།
- བསམ་མེ་དུང་ན་བྱུང་ནི་ཡིན། བལྟས་ཡས་བགད་ན་འཕྱས་ནི་ཡིན།