04 Jan 2017
2 min 55 sec
Audio Overview
Creators:
Gangsol Folk Culture Preservation Project
- མོ་ངན་ཁ་དང་ཕོ་ངན་ལག
- ངན་པའི་ཁ་མ་གློང༌། རིས་པའི་སྒྱེ་མ་གློང༌།
- མི་མར་འགྲོའི་རྒྱབ་ཀྱི་རྦབ་རྡོ།
- ངན་པ་ཟས་ཀྱིས་བརྒྱགས་ན་སྐད་གསང་མཐོ། མ་རབས་མཐོ་སར་བཞག་ན་ཀུན་ལ་སྡང༌།
- བུ་བཟང་ངན་བརྒྱ་སྡེའི་ཁ་ན་ཡོད། འབབ་ཆེ་ཆུང་ཏ་ལེན་ནང་ན་ཡོད།
- བཟང་པོའི་ཁ་ཚིག་མེད་ན་ཡང༌། ངན་པའི་ཁུར་ཤེད་ཡོད།
- བཟང་ལན་ངན་གྱིས་མ་མཇལ། ཆང་ལན་ཆུ་ཡིས་མ་མཇལ།
- དཔོན་ཆེན་པོའི་ཁ་བཟང་དོན་མེད་ཡིན། ནམ་རིང་པོའི་རྨི་ལམ་སྟོང་པ་ཡིན།
- བླ་ཆེན་ཡུལ་ལ་ཕེབས་ན། རིགས་དྲུག་ཆོས་ལ་བཀོད།
- དཔོན་བཟང་ཡུལ་ལ་ཕེབས་ན་སྲིད་པ་བདེ་ལ་བཀོད།
- ངན་པར་ཡར་ས་ཐོན་ན། ར་ར་རི་རི་བཅོ་བརྒྱད།
- མགོར་རལ་ལི་འཇོག་པར་དོན་ཟིག་ཡོད། གཡག་ཚ་སྣ་བྱས་པར་སྐྱོན་ཟིག་ཡོད།
- དྲེལ་སྨུག་ཆུང་བཟང་ཡང་བོང་ཞད་ཡོད། མཛོ་ཁྱུང་དཀར་བཟང་ཡང་རྟེའུ་ཞད་ཡོད།
- སྟོད་ས་གར་གྱི་སུལ་ལུང་ན། བུ་སུ་བཟང་སུས་མི་གོ།
- བཟང་པོ་གོང་ཤོར། ངན་པ་འདབ་ཤོར།
- ཁང་བཟང་རྒྱག་པ་ལས། ཞིང་བཟང་འདེབས་པ་དགའ༌།
- ཤིང་ཏ་ལིའི་ལོ་མ་དེ་ལུག་ལ་བཟང་རུང་བལ་ལ་ངན།
- རྟ་བཟང་ལ་ཁ་ཐོན་དུས། རྟ་ངན་ཆུ་ཁར་ཐོན།
- གོང་དཔོན་པོའི་འདུག་ཆོས་ཡག་བཙོག་དེ། སྡེ་ཁྲ་མོའི་སྐྱོར་ཡ་བཟང་ངན་རེད།
- མཛོ་ཁྱུང་དཀར་བཟང་རུང་གླང་གི་རྒྱུད་པ། གཡག་རོག་པོ་ངན་རུང་འབྲོང་གི་རྒྱུད་པ།
- ཕ་གཅིག་བུ་ལ་བཟང་ངན། གཡག་གཅིག་ཀོ་བ་ལ་འཐུག་སྲབ།
- མི་རྒན་རྟ་རྒན་ཁྱི་རྒན་གསུམ། ངན་མ་བྱས་དེ་ཀུན་གྱིས་སྡང༌།
- ཨ་ལི་ཁྱིའུ་རིས་ཚེ་གསུམ། བཟང་མ་བྱས་དེ་ཀུན་གྱིས་གཅེས།
- དམག་འཁྲུགས་ནང་གི་གང་བཟང་འཆི། མུག་ངན་ནང་གི་གང་ངན་འཆི།
- བཟང་ཆེ་ན་ངན་པ་ཀླད་ལ་འཆོར། ངན་ཆེ་ན་བཟང་པོའི་སེམས་རྩ་གཅོད།
- བཟང་པོའ་འགྲོགས་ན་ཇེ་བཟང༌། ངན་པའ་འགྲོགས་ན་ཇེ་ངན།
- བཟང་པོ་རིག་ན་ཆུ་སྦྱིན། ངན་པ་རིག་ན་ཆུར་མངགས།
- ཕ་བཟང་མ་བཟང་མཚང་ཡིན། བུ་བཟང་རུས་པ་གསེར་ཡིན།
- ཕ་བཟང་བུ་ལ་ཞུ་སྣ་ཡོད། རིན་ཆེན་གསེར་ལ་བཞུ་སྣ་ཡོད།
- སྐྱེ་ཕོ་བཟང་འདྲ་གཉིས་ཐུག་པ་ནི། དར་དང་གོས་ཆེན་ཐུག་པ་འདྲ།
- ཡག་ནི་མཛའ་ནི་གཉིས་ཀ་རེད། དྲོ་ནི་འཇམ་ནི་བཞི་ཀ་རེད།
- སྐྱེ་ཕོ་འབྲིང་འདྲ་གཉིས་ཐུག་པ་ནི། མར་དང་གྲོ་མ་ཐུག་པ་འདྲ།
- ཞིམ་ནི་མངར་ནི་གཉིས་ཀ་རེད། བརྒྱགས་ནི་སྐྱིད་ནི་བཞི་ཀ་རེད།
- སྐྱེ་ཕོ་ངན་འདྲ་གཉིས་ཐུག་པ་ནི། ཀུ་རུ་འཕྲ་འཛིང་བཀྱེ་བ་འདྲ།
- ན་ནི་ཚ་ནི་གཉིས་ཀ་རེད། ཁ་ཧ་བོ་བྲང་ང་བཞི་ཀ་རེད།
- ངན་པ་མི་བྱུང་དགུ་བྱུང་། སྐྱག་པ་མི་བྲོ་དགུ་བྲོ།
- ངན་པ་འགྱེལ་ས་སྐྱག་ལམ།
- ངན་པར་བྱུང་རྒྱུ་ཆེ། སྐྱག་པར་བྲོ་རྒྱུ་ཆེ།
- ར་མ་མགོ་ཐོག་གི་བཏགས་ན། རིལ་མ་མིག་ནང་ང་གཏང་།