27 Dec 2016
38 sec
Audio Overview
Creators:
Gangsol Folk Culture Preservation Project
- རྨ་སྟོད་ལུང་བ་མགོ་གསུམ་ནི།།
- ཙུག་ཙུག་ཁྱ་མོ་སྟག་གི་མགོ།
- ན་བ་ཧོ་བཀྲ་རྐྱང་གི་མགོ།
- རྫ་རི་མཐོན་པོ་འབྲོང་གི་མགོ།
- མགོ་དི་གསུམ་མིན་གི་ཡོད་རབས་མེད།།
- མགོ་དི་མི་ཡོད་ན་ཁྱུར་གིས་ཤོད།།
- རྨ་སྐེད་ལུང་བ་ལྷས་གསུམ་ནི།།
- དབྱར་མི་ཆད་འོ་ལྷས་རིན་པོ་ཆེ།།
- སྟོན་མི་ཆད་རྩྭ་ལྷས་རིན་པོ་ཆེ།།
- དཔྱིད་མི་ཆད་གྱོ་ལྷས་རིན་པོ་ཆེ།།
- ལྷས་དི་གསུམ་མིན་གི་ཡོད་རབས་མེད།།
- ལྷས་དི་མི་ཡོད་ན་ཁྱུར་གིས་ཤོད།།
- རྨ་ཞོའི་ཁྱ་མོའི་རྫོང་གསུམ་ནི།།
- ཤིང་ཁྱ་ཡེ་ཁྱ་མ་ནག་གི་རྫོང་།།
- ཤཱཀྱའི་ལ་འདབས་ཁ་བའི་རྫོང་།།
- མུ་ཏིག་ཙོར་ལོ་ཆུ་ཡི་རྫོང་།།
- རྫོང་དི་གསུམ་མིན་གི་ཡོད་རབས་མེད།།
- རྫོང་དི་མི་ཡོད་ན་ཁྱུར་གིས་ཤོད།།