Audio Overview
Description not yet available.
- གཞི་རྩེའི་ཆང་གཞས། ༼ཡུལ་འདི་ཆུ་མོའི་གཞུང་ལ་༽
- ཡུལ་འདི་ཆུ་མོའི་གཞུང་ལ། སྐལ་པ་བཟང་སོང་ལགས། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་གྲོ་ཀུན་ཁམས་བཟང་། བཙོས་པའི་མཆོད་ཆང་མཆོད་དང་། སྐལ་པ་བཟང་སོང་ལགས་བཟང་སོང་ལགས། ལ་ལ་ལ་་་་་་་་་་་། མེ་ཚེ་ཆུ་ལས་རིང་བ། དགའ་སྐྱིད་དཔལ་ལ་རོལ་སོང་།
- སྟེང་ཕྱོགས་ལྷ་མོ་མཇལ་ཡོང་། སྐལ་པ་བཟང་སོང་ལགས། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་གྲོ་ཀུན་ཁམས་བཟང་། གཡུ་ཡི་ཕོ་བྲང་མཇལ་ཡོང་། སྐལ་པ་བཟང་སོང་ལགས་བཟང་སོང་ལགས། ལ་ལ་ལ་་་་་་་་། ང་ཚོའི་གཞུང་དྲངས་ཟླ་བ། ཟླ་བའི་ཞལ་ལྟར་ཡིན་འགྲོ།
- ང་ཚོའི་སྐྱིད་པའི་གཞུང་ལ། སྐལ་པ་བཟང་སོང་ལགས། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཆོགས། ཨ་མ་བག་གྲོ་ཀུན་ཁམས་བཟང་། རྒྱ་མཚོའི་ནང་ལ་སླེབས་སོང་། སྐལ་པ་བཟང་སོང་ལགས་བཟང་སོང་ལགས། ལ་ལ་ལ་་་་་་་་་་་་། མེ་ཚེ་འདི་ལ་འཁོད་པ། ཕྱི་མ་བྱས་ལས་སྨོན་ལམ། ལའ་ལ་ལ་་་། བཀྲ་ཤིས་སྨོན་ལམ་ཞུས་ཡོད་། བཀྲ་ཤིས་སྨོན་ལམ་ཞུས་ཡོད་། བཀྲ་ཤིས། སྨོན་ལམ། ཞུས་ཡོད་། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་གྲོ་ཀུན་ཁམས་བཟང་། གཏན་དུ་བདེ་བ་ཐོབ་པར་ཤོག