17 Mar 2016
1 min 13 sec
- དཀར་ཡོལ་དཀར་སང་ཞིག་ལ།
- རི་མོ་རྨ་འབྲུག་ཕབས་ཡོད།
- དཀར་ཡོལ་ཆག་ན་མ་གཏོགས།
- རི་མོ་འདག་རྒྱུ་མི་འདུག
- དཀར་ཡོལ་ཆག་ན་ཆག་སོང་།
- རི་མོ་དག་ན་དག་སོང་།
- དར་རྩེ་མདོ་ལ་སོང་ནས་།
- དེ་མིན་ཡག་ཞིག་ཉོས་ཡོང་།
- ཕྱི་ནི་དཀར་ཡོལ་དཀར་སང་།
- ནང་ནི་འོ་ཇ་དཀར་བོ།
- བར་གི་རྩམ་པ་དཀར་བོ།
- དཀར་བོ་གསུམ་གྱི་གྲ་འགྲིག
- བར་གི་རྩམ་པ་དཀར་བོ།
- དཀར་བོ་གསུམ་གི་གྲ་འགྲིག