Skip to main content Skip to search
20 Oct 2017
7 min 36 sec
Audio Overview
Creators: 
Yeshi Wangchuk

This bodra song is known in the Bumthang region, but is less well-known in other parts of the country. According to Tshewang Dargay, the song has not been sung in Bumthang for a long time, since people are no longer interested in old songs. The song recalls the origin of sheep in the highlands, and the beauty of the sheep that graze in the meadows of the pristine environment by sheep herders; though the highlanders do have sheep, they do not have wool in their village.

བུམ་ཐང་ལུགས་ཕྱོགས་ནང་འཐེན་སྲོལ་ཡོད་པའི་གླུ་གཞས་འདི་ རྒྱལ་ཁབ་ཀྱི་ས་གནས་གཞན་ཁར་ལུ་ གནམ་མེད་ས་མེད་ ཡོངས་གྲགས་མེད་པའི་མེདཔ་ཨིནམ་ད་ ཚེ་དབང་དར་རྒྱས་དང་འཁྲིལ་བ་ཅིན་ མི་ཚུ་གིས་ ཞབས་བྲོ་རྙིངམ་ཚུ་ལུ་ གནམ་མེད་ས་མེད་ སྤྲོ་བ་མི་བསྐྱེད་དོ་ཡོདཔ་ལས་ བུམ་ཐང་ལུང་ཕྱོགས་ནང་ཡང་ གླུ་གཞས་འདི་འཐེན་ནི་མེད་པ་ ཨ་ཙི་ཡར་སོང་ཡི་ཟེར་ཨིན་པས། གླུ་གཞས་འདི་ནང་ ས་མཐོ་སའི་ལུང་ཕྱོགས་ནང་གི་ ལུག་གི་འབྱུང་ཁུངས་དང་ སྤང་འཇའ་ཆི་ཆི་དང་ མཐའ་འཁོར་ཉམས་དགའ་ཏོག་ཏོ་ཚུ་ ལུག་གི་བསྐོར་ལས་ སླབ་ཨིནམ་ད་ འབྱོགཔ་ཚུ་ཁོང་ར་ལུ་ལུག་ཡོད་རུང་ ཁོང་གི་གཡུས་ཁར་བལ་མེདཔ་ལས་ གླུ་གཞས་འདི་ནང་ ཐོན་ཁུངས་ཉུང་མི་ལུ་ བློ་ཕམ་པའི་སྐོར་ལས་ བཤདཔ་ཨིན་པས། 

Transcript search
No results found for this search
0 of 0
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    བདག་ལ་ཨོམ་སངས་ ཧི་ཧི་ཧི་་་་ བདག་ལ་ཨོམ་ས་མ་ཎི་ཧི་ཧི་ཧི་་ ཧ་ཧ་ཧ་་་ པདྨེའི་ཧཱུཾ། འབྲུག་པའི་དབང་ཕྱུག་དམ་པ་སངས་རྒྱས་ལ་མཁྱེན་ནོ། །སངས་རྒྱས་ལ་མཁྱེན་ནོ། །
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    དང་པོ་གཡང་མོ་བྱུང་བྱུང་ག་ནས་བྱུང་། །དང་པོ་གཡང་མོ་བྱུང་བྱུང་རྒྱ་ནས་བྱུང་། །རྒྱ་ནས་བྱུང་།
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    ད་ནི་གཡང་མོ་བྱུང་བྱུང་ག་ནས་བྱུང་། །ད་ནི་གཡང་མོ་བྱུང་བྱུང་བོད་ནས་བྱུང་། །བོད་ནས་བྱུང་།
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    རྒྱ་ནག་རྒྱལ་པོ་གཅིག་གིས་གླུད་དུ་འཕངས། །བོད་ཀྱི་བློན་པོ་གཅིག་གིས་གཡང་དུ་བསྐུར། །གཡང་དུ་བསྐུར།
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    ད་ནི་གཡང་མོ་སྤང་ལ་བཏང་ཙ་ན། །སྤང་སེར་ཆེན་མོ་[གསེར་གྱི་གདོང་རས་འདྲ། །གདོང་རས་འདྲ།?]
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    འདི་གི་དུས་སུ་ཨ་ཁུ་ལུག་རྫི་ང་། །ལབ་རྩ་དཀར་ཅུང་[གཅིག་གི་བརྩི་དུ་ལེན། །བརྩི་དུ་ལེན།?]
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    ད་ནི་གཡང་མོ་རྩ་ལ་བཏང་ཙ་ན། །གདོང་གི་རྩེ་ལྔ་སྟག་པགས་བཅད་པ་འདྲ། །བཅད་པ་འདྲ།
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    འདི་གི་དུས་སུ་ཨ་ཁུ་ལུག་རྫི་ང་། །ལུག་རྫི་རྒྱལ་པོ་[གཅིག་གི་བརྩི་དུ་ལེན། །བརྩི་དུ་ལེན།?]
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    ད་ནི་གཡང་མོ་ཆུ་ལ་བཏང་ཙ་ན། །གདོང་གི་ཕྲེང་ལྔ་བཏགས་པ་རྒྱུད་པ་འདྲ། །རྒྱུད་པ་འདྲ།
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    འདི་གི་དུས་སུ་ཨ་ཁུ་ལུག་རྫི་ང་། །ཉ་ཆུང་སེར་མོ་[གཅིག་གི་བརྩི་དུ་ལེན། །བརྩི་དུ་ལེན།?]
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    ད་ནི་གཡང་མོ་ལྷས་ལ་བསྐོར་ཙ་ན། །ལྷས་ས་འོ་མ་བཞོ་བས་གང་བར་ཤོག །གང་བར་ཤོག
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    འདི་གི་དུས་སུ་ཨ་ཁུ་ལུག་རྫི་ང་། །ལུག་རྫི་པུ་གུ་[གཅིག་གི་བརྩི་དུ་ལེན། །བརྩི་དུ་ལེན།?]
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    ཉི་མ་ཟླ་བ་འདྲ་བའི་ཁྱིམ་གཅིག་འདུག །སྡོད་རུང་བཏུབ་པའི་ཁྱིམ་ནི་ཡུལ་དུ་མེད། །ཡུལ་དུ་མེད།
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    གནམ་ལྕགས་དཀར་པོ་ལུག་གི་བལ་དང་འདྲ། །འཁལ་རུང་བཏུབ་པའི་བལ་ནི་ཡུལ་དུ་མེད། །ཡུལ་དུ་མེད།
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    འཁལ་རུང་ལ་བཏུབ་ན་འཁལ་རོགས་མཛོད། །འཁལ་རུང་ལ་བཏུབ་ན་འཁལ་རོགས་མཛོད། །
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    གནམ་ལྕགས་སྔོན་མོ་གོས་ཆེན་ལྕང་ཁ་འདྲ། །གྱོན་རུང་བཏུབ་པའི་གོས་ཆེན་ཡུལ་དུ་མེད། །ཡུལ་དུ་མེད། །
  • ཚུལ་ཁྲིམས་དབང་མོ་དངཀུན་བཟང་ཆོན་སྒྲོན་ Tshulthrim Wangmo & Kunzang Choden
    གྱོན་རུང་ལ་བཏུབ་ན་གྱོན་རོགས་མཛོད། །གྱོན་རུང་ལ་བཏུབ་ན་གྱོན་རོགས་མཛོད།། །།