15 Oct 2014
2 min 13 sec
- ཨ་རོ། གཡུ་དྲུག་དཀར་གང་གི་གང་ན་ཡོད། གཡུ་དྲུག་དཀར་བྲག་དམར་ཀླད་ན་ཡོད།
- བྲག་ཀླད་ནས་མ་གཏོར་མི་ལོན་གི། བྲག་ཀླད་ནས་གཏོར་ན་ལོན་གི་ར།
- བྱ་ཐང་དཀར་ཐུག་ལ་གནོད་འགྲོ་གི། བྱ་ཐང་དཀར་ཐུག་ལ་གནོད་རག་ག།
- གཡུ་དྲུག་དཀར་མི་ལེན་བསྐྱུར་འཇོག་གི།
- ཨ་རོ། སྲམ་ལག་དཀར་གང་གི་གང་ན་ཡོད། སྲམ་ལག་དཀར་ཆུ་ཆེན་དཀྱིལ་ན་ཡོད།
- ཆུ་སྟོད་ནས་མ་བཀག་མི་ལོན་གི། ཆུ་སྟོད་ནས་བཀག་ན་ལོང་གི་ར།
- ཉ་གསེར་མིག་ཐུགས་ལ་གནོད་འགྲོ་གི། ཉ་གསེར་མིག་ཐུག་ལ་གནོད་རག་ག།
- སྲམ་ལག་དཀར་མི་ལེན་བསྐྱུར་འཇོག་གི།
- ཨ་རོ། རོག་ཡག་པ་གང་གི་གང་ན་ཡོད། རོག་ཡག་པ་བཟའ་མང་དཀྱིལ་ན་ཡོད།
- བཟའ་ཆ་ཚང་གཏོར་ན་རྩེད་གི་ར། བཟའ་ཆ་ཚང་གཏོར་ནས་ལོན་གི་ར།
- དྲིན་ཕ་མའི་ཐུགས་ལ་གནོད་འགྲོ་གི།དྲིན་ཕ་མའི་ཐུགས་ལ་གནོད་རག་གི།
- རོགས་ཡག་པ་མི་ལེན་བསྐྱུར་འཇོག་གི།