18 Mar 2016
1 min 41 sec
- ཁྱོད་ཁའི་ལུང་གོང་མའི་འབུད་དུས་ན།
- མགོའི་ཝ་དམར་མིན་ད་ངས་མ་ཤེས་ཐལ།
- མགོའི་ཝ་དམར་སྡེ་བ་ཡོད་གི་ར།
- ཁྱོའི་ཝ་དམར་འདི་མཚོ་ཁའི་ཝ་ཕྲུག་ཡིན།
- ཁྱོད་ཁའི་ལུང་བར་མའི་འབུད་དུས་ན།
- སྐེ་ཀ་བུ་མིན་ད་ངས་མ་ཤེས་ཐལ།
- སྐེ་ཀ་བུ་སྡེ་བ་ཡོད་གི་ད།
- ཁྱོའི་ཀ་བུ་འདི་ཉི་ཟླ་ཁ་སྤྲོད་རེད།
- ཁྱོད་ཁའི་ལུང་ཞོལ་མའི་འབུད་དུས་ན།
- རྟ་གྱོ་རྒྱ་མིན་ད་ངས་མ་ཤེས་ཐལ།
- རྟ་གྱོ་རྒྱ་སྡེ་བ་ཡོད་གི་ད།
- ཁྱོའི་གྱོ་རྒྱ་འདི་གོམ་གི་རང་བཞིན་རེད།