16 Oct 2014
2 min 1 sec
- ཨ་ལ་རོགས་ཡེ། ངའི་རྫ་རི་འགྲིམ་ནས་འགྲོ་དུས་ན།
- ངའི་འགྲོ་རོགས་འབྲོང་ཆུང་དར་མ་རེད།
- འགྲོ་ཟེར་ན་འབྲོང་ཆུང་མི་འཐད་གི
- བསྐྱུར་དགོས་ནོ་སེམས་གིས་མ་ལོང་ཐལ།
- ཡ་རེ། ངའི་སྤང་རི་བརྒྱུད་ནས་འགྲོ་དུས་ན།
- ངའི་འགྲོག་རོགས་མེ་ཏོག་སེར་ཆེན་རེད།
- འགྲོ་ཟེར་ན་སེར་ཆེན་མི་འཐད་གི
- བསྐྱུར་དགོས་ནོ་སེམས་གིས་མ་ལོང་ཐལ།
- ཡ་རེ། ངའི་སྡེ་རི་འགྲུམ་ནས་འགྲོ་དུས་ན།
- ངའི་འགྲོ་རོགས་ཆུང་འདྲེས་རོགས་ལོ་རེད།
- འགྲོ་ཟེར་ན་རོགས་ལོ་མི་འཐད་གི
- བསྐྱུར་དགོས་ནོ་སེམས་གིས་མ་ལོང་ཐལ།
- བསྐྱུར་དགོས་ནོ་སེམས་གིས་མ་ལོང་ཐལ།