Skip to main content Skip to search
15 Feb 2017
15 min 43 sec
Audio Overview
Creators: 
Yeshi Wangchuk, Penchela

Although the lyrics to this song could be interpreted in different ways, one relevant understanding points to a sense of gratitude for the mere existence of spiritual persons in the world. The lyrics directly talk about the joy and happiness related to the birth of three important spiritual figures in Bhutan. Zhabdrung, Gangtey Trülku and Sangma Kinley or Drukpa Kunley. According to the lyrics, the Bhutanese people made special and extensive arrangements to welcome the births of these three important religious figures. The lyrics also talk about the importance of having these spiritual teachers in the country and the peace, prosperity that their presence brought about. Basically, the song is an expression of people’s joy in receiving them. 

གླུ་གཞས་འདི་གིས་ གོ་དོན་ལེ་ཤ་བཤད་དེ་ཡོད་རུང་ འབྲེལ་བ་ཡོད་པའི་བཅུད་དོན་འདི་ འཛམ་གླིང་ནང་ལུ་ རྩ་ཆེ་བའི་བླམ་འཁྲུངས་མི་འདི་ལུ་ བཀའ་དྲིན་དགའ་ཚོར་བསམ་དགོ་པའི་དོན་ལུ་ཨིན་མས། གླུ་གཞས་ཀྱི་ཚིག་འདི་གིས་ འབྲུག་རྒཡལ་ཁབ་ནང་ལུ་ རྩ་ཆེ་བའི་མི་ངོམ་གསུམ་ ཞབསདྲུང་ངག་དབང་རྣམ་རྒྱལ་དང་ སྒང་སྟོད་སྤྲུལ་སྐུ་ དེ་ལས་ འབྲུག་པ་ཀུན་ལེགས་གསུམ་ སྐུ་འཁྲུངས་མི་ལུ་ དགའ་བ་འབྱུང་བའི་སྐོར་ལས་ བཤད་དོ་ཡོདཔ་ཨིན། དེ་མ་ཚད་ གླུ་གཞས་ཀྱི་ཚིག་ནང་ལུ་ རྩ་ཆེ་བའི་མི་ངོམ་གསུམ་ལུ་ བསུ་བ་དང་ འབྲུག་རྒྱལ་ཁབ་ནང་ལུ་ ཁོང་གསུམ་ ཁག་ཆེ་བའི་སྐོར་ལས་བཤད་དོ་ཡོདཔ་ཨིན། གླུ་གཞས་གིས་ གཙོ་བོ་རང་ མི་ངོམ་གསུམ་འདི་ འབྲུག་རྒྱལ་ཁབ་ནང་ལུ་ འཁྲུངས་ཏེ་ རྒྱལ་ཁབ་ནང་ལུ་ དགའ་སྐྱིད་དང་ ཞི་བདེ་འབྱུང་ཡོདཔ་ལས་ མི་ཚུ་གིས་སེམས་ཁར་དགའ་སྤྲོ་འབྱུང་བའི་སྐོར་ལས་བཏོན་དོ་ཡོདཔ་ཨིན། 

Transcript search
No results found for this search
0 of 0
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཝ་ཝ། ལམོ་ཕར་ཕར་ལ་མོའི་ཚུར་རྒྱབ་ལུ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཚུར་ཚུར་ལ་མོའི་ཕར་རྒྱབ་ལུ། །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    སངས་རྒྱས་གོང་གི་ཤུལ་ལུ་ཡ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    བྱ་ཏོང་ཏོ་གདངས་ལས་བརྒལ་དོ་ལོ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཤར་དཀར་པའི་(བའི་)དཔྱད་རི་བཏང་དོ་ལོ། །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ནུབ་གནག་མའི་རྫ་རིས་ཡལ་དོ་ལོ། །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    དཔལ་འབྲུག་པའི་འགོ་འདྲེན་ཐོག་ལས་ཡ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    གསུང་ཧན་པའི་ཆོས་དྲིལ་གསིལ་དོ་ལོ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཆུ་མིག་གི་ཉ་མོ་ལོང་དོ་ལོ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    དཀར་ཁྲ་ཅན་གྱི་གསེར་མིག་གི།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    དཀར་པའི་བཙན་དར་བཏང་དོ་ལོ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    བཙན་བཤད་ཅན་གྱི་ཉན་ཆི་གེ །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    བཙན་བཤད་དགུང་ལས་བཏང་དོ་ལོ། །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཡར་ཡར་བདེ་ཆེན་ཕོ་བྲང་ནང་།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཡུམ་དུང་དཀར་སངས་མོ་སྲས་གསུམ་འཁྲུངས། །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    སྲས་ཆེ་བ་ངག་དབང་རྣམ་རྒྱལ་འཁྲུངས། །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    བར་མ་སྒང་སྟེང་སྐྱབས་མགོན་འཁྲུངས།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཆུང་མ་(ཆུང་བ་)སངས་མོ་ཀུན་ལེགས་འཁྲུངས། །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    སྲས་གསུམ་འཁྲུངས་པའི་རང་གཤིས་ལས། །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    འབྲུག་ཀུན་དགའ་ར་བའི་ནང་ཤེད་ན།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    གསེར་གྱི་སྤར་རི་བརྐྱངས་བཞག་ནུག།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    གསེར་གྱི་སྤ་རི་སྦུག་ཤེད་ན།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ལྕགས་ཀྱི་རྐང་གསུམ་བཀལ་བཞག་ནུག།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ལྕགས་ཀྱི་རྐང་གསུམ་གཏིང་ཤེད་ན།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    གསེར་གྱི་གཡང་ཁྲོ་བཀལ་བཞག་ནུག།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    གསེར་གྱི་གཡང་ཁྲོ་ནང་ཤེད་ན།།ཝ་ཝ།77469329
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཆང་སུམ་ཆང་མཚོ་འདེ་བཀལ་བཞག་ནུག །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    གསེར་གྱི་ཆང་བཤོ་བཙུགས་བཞག་ནུག།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    དངུལ་གྱི་ཀུ་ཅུང་བཀལ་བཞག་ནུག།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཡར་སྒྲོན་དར་འདེ་ལྷོང་བཞག་ནུག།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཆང་ཕུད་དྲངས་ས་ཆང་ཕུད་དྲངས།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཆང་ཕུད་སྟེང་ཕྱོགས་ལྷ་ལུ་དྲངས།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ལྷ་དབང་པོ་རྒྱལ་མཚན་ཕུད་ཀྱིས་མཆོད། །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཆང་ཕུད་དྲངས་ས་ཆང་ཕུད་དྲངས། །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཆང་ཕུད་བར་ཕྱོགས་བཙན་ལུ་དྲངས།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    བཙན་ཡ་མ་སྤུན་བདུན་ཆང་ཕུད་བཞེས།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཆང་ཕུད་དྲངས་ས་ཆང་ཕུད་དྲངས། །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཆང་ཕུད་འོག་ཕྱོགས་ཀླུ་ལུ་དྲངས། །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཀླུ་གཙུག་ན་རིན་ཆེན་ཕུད་ཀྱིས་མཆོད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཆང་ཕུད་བཞེས་ས་ཆང་ཕུད་བཞེས།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ངག་དབང་རྣམ་རྒྱལ་ཆང་ཕུད་བཞེས།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཆང་ཕུད་བཞེས་ས་ཆང་ཕུད་བཞེས།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    སྒང་སྟེང་སྐྱབས་མགོན་ཆང་ཕུད་བཞེས།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཆང་ཕུད་བཞེས་ས་ཆང་ཕུད་བཞེས།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    སངས་མོ་ཀུན་ལེགས་ཆང་ཕུད་བཞེས།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཆང་ཕུད་བཞེས་ས་ཆང་ཕུད་བཞེས།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    འཕགས་པའི་དགེ་འདུན་ཆང་ཕོད་བཞེས།།ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཝ་ཝ། རྒྱ་ཡུལ་བསྐོར་ས་རྒྱ་ཡུལ་བསྐོར། །ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    རྒྱ་ཡུལ་རྒྱ་ནག་བཀྲ་ཤིས་བསྐོར།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    རྒྱ་ཡུལ་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    རྨ་བྱ་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    མི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    བོད་ཡུལ་བསྐོར་ས་བོད་ཡུལ་བསྐོར།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    བོད་ཡུལ་བོད་མདའ་གཞུང་ལུ་བསྐོར།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    བོད་ཡུལ་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཁྲུང་ཁྲུང་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    མི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ལྷོ་ཡུལ་བསྐོར་ས་ལྷོ་ཡུལ་བསྐོར།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ལྷོ་ཡུལ་ཞྭ་དམར་གཞུང་ལུ་བསྐོར།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ལྷོ་ཡུལ་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཧོར་ཅུང་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    མི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    དགོན་བཟང་བསྐོར་ས་དགོན་བཟང་བསྐོར།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    དགོན་བཟང་ཁྲ་མོའི་ཕྱོགས་ལུ་བསྐོར།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    དགོན་བཟང་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    མཚན་ལྡན་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    མི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    རྫོང་ཆེན་བསྐོར་ས་རྫོང་ཆེན་བསྐོར།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    རྫོང་ཆེན་ཁྲ་མོའི་ཕྱོགས་ལུ་བསྐོར།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    རྫོང་ཆེན་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    དབང་ཆེན་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    མི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    གཡུས་བཟང་བསྐོར་ས་གཡུས་བཟང་བསྐོར།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    གཡུས་བཟང་ཁྲ་མོའི་ཕྱོགས་ལུ་བསྐོར།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    གཡུས་བཟང་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཡབ་ཡུམ་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    མི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཁང་བཟང་བསྐོར་ས་ཁང་བཟང་བསྐོར།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཁང་བཟང་ཁྲ་མོའི་ཕྱོགས་ལུ་བསྐོར།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཁང་བཟང་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    སྨན་ཆུང་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    ཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
  • ཨམ་གླེ་མོ་དང་ཆ་རོགས་ཚུ་
    མི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།། །།