19 Mar 2016
2 min 46 sec
- དགུང་ནམ་འཕང་བསྟོད་གི་གླག་རྒོད་ཚོ་ཡེ།
- དགུང་ནམ་འཕང་བསྟོད་ན་དེ་རིང་བསྟོད།
- འཇའ་གུར་ཁང་ཕུབ་ནོ་ཡག་རེ་ལྟོས།
- རླུང་སྤུ་གྲུ་བཞོན་ནོ་སྐྱིད་རེ་ལྟོས།
- བྱ་རྒས་ནས་གཤོག་སྒྲོ་འཐོར་དུས་ན།
- འཕུར་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད།
- སྤང་མེ་ཏོག་དཀྱིལ་གྱི་རྟ་མཆོག་ཚོ་ཡེ།
- རྒྱུགས་གོམས་ལག་ཡོད་ན་དེ་རིང་ངོམས།
- རྩྭ་རྩི་ཐོག་ཟོས་ནོ་ཡག་རེ་ལྟོས།
- ལམ་ཁྲ་སེ་བཅད་ནོ་སྐྱིད་རེ་ལྟོས།
- རྟ་རྒས་ནས་སྤུ་མདོག་བརྗེ་དུས་སུ།
- རྒྱུགས་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད།
- ཡུལ་གངས་ཅན་བུ་དང་བུ་མོ་ཚོ།
- གླུ་ཡག་པ་ཡོད་ན་དེ་རིང་ལོང་།
- ཆང་དཀར་དམར་བསྒྲིག་ནོ་ཡག་རེ་ལྟོས།
- གླུ་སང་སེ་བླངས་ནོ་སྐྱིད་རེ་ལྟོས།
- མི་རྒས་ནས་དུང་སོ་འཐོར་དུས་ན།
- ལེན་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད།
- ལེན་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད།