18 Mar 2016
1 min 31 sec
- སྟོད་ཀྱི་གངས་རི་དཀར་པོ།
- མི་འདོད་སྨུག་པས་བཟུང་སོང་།
- མཛེས་སྡུག་གངས་ལྷ་མེ་ཏོག
- བློ་རྩེ་གཏོད་ས་གང་རེད།
- ཐད་ཀྱི་རྫ་རི་ཕྱུག་མོ།
- མེ་ཏོག་སད་ཀྱིས་ཁྱེར་སོང་།
- སྟོན་ཁའི་སྦྲང་མ་སེར་པོ།
- བློ་རྩེ་གཏོད་ས་གང་རེད།
- རྨད་ཀྱི་ནགས་རི་ཕྱུག་མོ།
- སྡོང་ལོ་རླུང་གིས་ཁུར་སོང་།
- མཛེས་སྡུག་གངས་ལྷ་མེ་ཏོག
- བློ་རྩེ་གཏོད་ས་གང་རེད།
- རིག་གཞུང་གསེར་གྱི་ལྡེའུ་མིག
- ཕ་མས་མ་ཤེས་འཕྲོག་སོང་།
- གངས་ཅན་བོད་མི་རྣམས་ཀྱི།
- བློ་རྩེ་གཏོད་ས་གང་རེད།
- གངས་ཅན་བོད་མི་རྣམས་ཀྱི།
- བློ་རྩེ་གཏོད་ས་གང་རེད།