18 Mar 2016
1 min 48 sec
- སྟོད་ཀན་ན་བྱ་གསུམ་འཕུར་ནོ་འདི།
- བྱ་གོང་མ་རྨ་བྱ་སྒྲོ་ཡག་རེད།
- བྱ་ཡག་ནས་རྨ་བྱ་མ་རེད་ར།
- སྒྲོ་ཡག་པ་བུམ་པའི་ཁ་རྒྱན་རེད།
- གསེར་བུམ་ཆུང་འཛིན་གི་བླ་མ་ཚོ།
- བྱ་གན་སོ་མ་བརྗེད་ཐུགས་ལ་ཟུང་།
- སྟོད་ཀན་ན་བྱ་གསུམ་འཕུར་ནོ་འདི།
- བྱ་བར་མ་ཐང་དཀར་སྒྲོ་ཡག་རེད།
- བྱ་ཡག་ནས་སྟག་ཤར་མ་རེད་ར།
- སྒྲོ་ཡག་མ་མདའ་མོའི་ལྟོང་སྤྱད་རེད།
- མདའ་ཉག་ཕྲན་འཛིན་གི་སྟག་ཤར་ཚོ།
- བྱ་གན་སོ་མ་བརྗེད་ཡིད་ལ་ཟུང་།
- སྟོད་ཀན་ན་བྱ་གསུམ་འཕུར་ནོ་འདི།
- བྱ་གཞུག་མ་ཁུ་བྱུག་སྔོན་མོ་རེད།་སྒྲོ
- བྱ་ཡག་ནས་བུ་མོ་མ་རེད་ར།
- སྐད་ཡག་པ་བུ་མོའི་གནས་སྐད་རེད།
- སྨན་བུ་མོ་གནས་ལ་འགྲོ་ནི་ཚོ།
- བྱ་གན་སོ་མ་བརྗེད་ཡིད་ལ་ཟུང་།
- སྨན་བུ་མོ་གནས་ལ་འགྲོ་ནི་ཚོ།
- བྱ་གན་སོ་མ་བརྗེད་ཡིད་ལ་ཟུང་།