14 Oct 2014
2 min 40 sec
- ཡེ་་་། འདིའི་དགུང་སྔོན་ཡན་ལ་ཕུག་མདོ་གསུམ།
- ཡ་རོ། འདིའི་ཕུག་ན་འབྲུག་བརྒྱ་གྲགས་ས་ཡོད།
- ཡ་རོ། འདིའི་བར་ན་ཆར་ཆུ་འབབ་ས་ཡོད།
- ཡ་རོ། དེའི་མི་ཚད་གློག་དམར་འཁྱུག་ས་ཡོད།
- ཡེ་་་། འདུ་ཁང་ཀ་བརྒྱའི་ཕུག་མདོ་གསུམ།
- ཡ་རོ། འདིའི་ཕུག་ན་ལྷ་ཆོས་བརྩེགས་ས་ཡོད།
- ཡ་རོ། འདིའི་བར་ན་གྲྭ་ཚང་འཚོགས་ཡོད།
- ཡ་རོ། དེའི་མི་ཚད་ཕྱག་མདུད་རྒྱགས་ས་ཡོད།
- ཡེ་་་། འདིའི་སྦྲ་ནག་གྲུ་བཞིར་ཕུག་མདོ་གསུམ།
- ཡ་རོ། འདིའི་ཕུག་ན་དོ་རྒན་བརྩེགས་ས་ཡོད།
- ཡ་རོ། འདིའི་བར་ན་བཟའ་ཚང་འཚོགས་ས་ཡོད།
- ཡ་རོ་དེའི་མི་ཚད་ཇ་ཆང་འདྲེན་ས་ཡོད།