05 Aug 2019
14 min 9 sec
Audio Overview
Creators:
Tashi Gyel
འདི་ནི་ཆོས་ལུགས་ཀྱི་ཆོ་ག་ཞིག་སྟེ་ཚ་གསུར་འབུལ་བའོ།
烟供是一种祭祀宗教仪式。
This speech details the smoke offering, a kind of religious ritual.
ཨོང་བ་དང་རྩྭ་སྐམ་པོ་སོགས་ལ་མེ་སྦར་ནས་འབར་ཚར་བ་དང་དེའི་སྟེང་གི་དུ་བ་ཡོངས་སུ་ཡོང་ཚར་རྗེས་མེ་རོ་དེའི་སྟེང་དུ་རྩམ་་པ་བླུགས་འཚིག་པར་བྱེད་པ་དེ་ནི་ཚ་གསུར་ཡིན། འདིར་ཚ་གསུར་ནང་དོན་དང་ཚ་གསུར་འབུལ་སྟངས། ད་དུང་ཚ་གསུར་གྱི་དགེ་བ་སོགས་བཤད་ཡོད།
把干牛粪、干草等烧着,待烟完全消失后,往火堆上倒糌粑让其烧焦即烟供。这里主要说明了烟供的内容、祭祀方式及烟供的功德。
- འོད་སྲུང་།དེ་རེད།
- ཚ་གསུར་ཟེར་བ་སྟེ་ང་ཚོས་ཚ་གསུར་ཟེར་བ་དེ།
- འདིས་གསུང་བ་རེད།
- པཎ་ཆེན་སྣང་བ་མཐའ་ཡས་ཀྱིས་གསུང་བ་རེད།
- དགོང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་པ་དེ་ཚང་གིས་གསུང་བ་རེད།
- གསུང་ན་ཚ་གསུར་དེ་ཅི་འདྲ་ཞིག་རེད་ཟེར་ན།
- འདི་བསང་ཡང་མིན་པ་གསུར་ཡང་མིན་པ།
- འདི་འདྲའི་བསང་མཆོད་ཅིག་རེད།
- ཁྱིམ་པ་བུ་བུ་མོས་མཆོད་ན་མཆོད་བདེ་བ།
- འདི་འདྲའི་སྟེང་ནས་གསུང་ཡོད་པ་རེད།
- གསུང་ཡོད་ན་འདིའི་སྟེང་ནས།
- ཚ་གསུར་གྱི་མགོ་ནས་དེ་རེད།
- དེ་རེད།
- རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི།
- ཐུགས་ཀའི་འོད་ཀྱིས་སྲི་ཞུ་ཡོན་ཏན་དང་།
- སྙིང་རྗེ་ལན་ཆགས་མགྲོན་རྣམས་མ་ལུས་པ།
- སྤྱན་དྲངས་འདོད་པའི་གདན་ལ་བཞུགས་པར་གྱུར།
- དེ་ཡིན་ན་མི་རང་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱིས་སྤྲུལ་ཏེ།
- རང་ཉིད་ཟེར་བ་མི་རང་ཉིད་ཟེར་བ་རེད།
- རང་ཉིད་སྤྱན་རས་གཟིགས་སུ་གསལ་བ།
- མི་རང་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱིས་སྤྲུལ་ཏེ།
- ཁོས་ཚ་གསུར་འདོན་རྒྱུ་རེད།
- ཐུགས་ཀའི་འོད་ཀྱིས་སྲི་ཞུ་ཡོན་ཏན་དང་།
- ཐུགས་ཀ་ནས་འོད་ཟེར་འཕྲོས་ནས་བསྡད་དེ།
- མགྲོན་ཐམས་ཅད་ཡུལ་ལྷ་གཞི་བདག
- ལྗོངས་པའི་ཡུལ་གྱི་ལྗོན་པ་གཏམ་ལ་སོགས་པ།
- ཡུལ་བདག་ལ་སོགས་པ་ཐམས་ཅད།
- དེའི་མིང་ལ་མགྲོན་ཟེར་བ་རེད།
- མགྲོན་ཐམས་ཅད་བོས་ནས་བསྡད་དེ།
- ཁོའི་མདུན་ན་བོས་ཏེ།
- སྤྱན་དྲངས་འདོད་པའི་གདན་ལ་བཞུགས་པར་གྱུར་ཟེར་ན།
- ཁོ་ཚོ་ཚང་མ་ཚ་གསུར་གྱི་འདབས་ནས་བཞུགས་ཟེར།
- དེ་ཡིན་ན་ཚ་གསུར་དེར་བྱིན་རླབས་ཤིག་ཡོད་པ་རེད།
- ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ།
- ཨོཾ་སྭ་བྷཱ་ཝ་ཤུངྔྷ་སརྦ་ངྷརྨ་སྭ་བྷཱ་ཝ་ཤུངྔྷོཉྲཧཾ།
- སྟོང་བ་ཉིད་དུ་གྱུར།
- སྟོང་བའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི།
- སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམ་གྱི་ནང་དུ་ཟེར་ན།
- ཚ་གསུར་འདི་འདི་འདྲའི་རྒྱ་ཆེན་པོ་ཞིག་རེད།
- སྣོད་ཆེན་པོ་ཡི་ནང་དུ་འདི་ལྟར་ཕུལ་དགོས་པ་ཞིག་རེད།
- རྒྱ་ཆེ་བ་རྣམ་གྱི་ནང་དུ།
- ཨོཾ་ཨཱཿཧཱུཾ་ཟེར་ནས་ཆབ་བརྒྱག་དགོས་པ་རེད།
- ཆབ་བརྒྱབ་ན་ཚ་གསུར་ཕུལ་སའི་ས་དེ་ཟེར་བ་རེད།
- ཚ་གསུར་ཕུལ་སའི་ས་དེ།
- བསང་ཁྲི་ལྟར་མཐོན་པོ་མི་བརྩིགས་པ་ཞིག་རེད།
- ང་ཚོའི་ལག་པའི་ཁྲི་གང་གི
- ལག་པའི་ཁྲི་གང་འདིའི་མཐོ་དམན་ལྟར།
- ས་བརྩིགས་ལས་པ་དང་།
- འདི་འདྲ་ཞིག་གི་གོང་ནས།
- ལག་པ་ཡི་ཁྲི་གང་ནས།
- ཚ་གསུར་ཕུལ་ས་ལས་པ་རེད།
- དེ་ནས་ཟངས་ཀྱི་ནང་དུ་ཕུལ་བ་མ་རེད།
- ལྕགས་ཀྱི་ནང་དུ་ཕུལ་བ་མ་རེད།
- གཞན་ལྕགས་ཆ་སྣ་ཚོགས་ཀྱི་ནང་དུ་ཕུལ་བ་མ་རེད།
- གང་ལྟར་ཀྱང་ས་ཡི་ནང་དུ།
- སྤྱན་དྲངས་འདོད་པའི་གདན་ལ་བཞུགས་པར་གྱུར།
- ཨོཾ་བཛྲ་ཨ་མི་ཏ་ཟེར་ནས།
- སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུཾ
- འདོད་ཡོན་ལྔ་ལྡན་ཟེར་བ་དེ་རེད།
- འདོད་ཡོན་ལྔ་ལྡན་ཟེར་ན།
- འདོད་ཡོན་ལྔ་ལྡན་ཟེར་ན།
- གཟུགས་སྒྲ་དྲི་རོ་རེག་བྱ།
- དེ་ཚོ་འདོད་ཡོན་ལྔ་ལྡན་རེད།
- འདོད་ཡོན་ལྔ་ལྡན་ཟེར་བ་ཅི་རེད་ཟེར་ན།
- གཟུགས་ཟེར་ན་མེ་ལོང་རེད།
- སྒྲ་ཟེར་ན་རང་གི་རྣ་ནང་ལ་གོ་བ་དེ་རེད།
- དྲི་ཟེར་ན་ཇ་འདྲ་བ་བཏུང་བ་ཡི་རིགས་ཀྱི་དྲི་རེད།
- རོ་ཟེར་ན་ཁའི་ནང་དུ་བཞེས་པ།
- ཟ་མ་སྣ་ཚོགས་ཀྱི་མིང་ལ་རོ་ཟེར་བ་རེད།
- རེག་བྱ་ཟེར་བ་ནི་བཟའ་རེད།
- དེའི་སྟེང་ངས་གོང་ནས་བཤད་པ་ལྟར།
- གཟུགས་སྒྲ་དྲི་རོ་རེག་བྱ་ཟེར་བ་ལྔ་བོ་དེ་ཅི་འདྲ་རེད།
- གཟུགས་ཡིན་ན་ང་ཚོ་མི་ཞིག་ལ་མཚོན་རྒྱུ་ན་མེ་ལོང་རེད།
- མེ་ལོང་དེའི་ནང་དུ་བླ་མ་དཀོན་མཆོག་གི
- གཟུགས་དེའི་ནང་དུ་ཤར་ཡོད།
- གཟུགས་ཟེར་བ་དེ།
- སྒྲ་ཟེར་བ་དེ།
- བླ་མ་བཤེས་གཉེན་ལ་སོགས་པ་ཐམས་ཅད་ཀྱིས་སྒྲ་ཡག་པོ།
- རྣ་ནང་དུ་རྡུང་བ་དེ་རེད།
- དྲི་ཟེར་བ་དེ།
- བཏུང་བ་ཡི་ནང་ནས་ཇ་ཡིན་ན།
- ཅི་ཞིག་ཡིན་ན་ཆང་འདྲ་བ་དེ་འདྲ་ཆོག་པ་མ་རེད།
- གཙང་མ་ཡི་ནང་ནས།
- ཇ་ཡིན་ན་འོ་མ་ཡིན་ན།
- འདི་འདྲ་ཡི་སྟེང་ནས་དྲི་ཟེར་བ་སྣ་ནང་དུ་དྲི་འབུལ་རྒྱུ་དེ་ཡིན།
- དེའི་འཕྲོ་ནས་རོ་ཟེར་བ་དེ།
- ཟ་མ་ཡི་རིགས་སུ་གྱུར་བ།
- ཟ་མ་ཡི་རིགས་སུ་གྱུར་བ་དེ།
- མངར་བ་སྐྱུར་བ་ཁ་བ།
- མངར་བ་སྐྱུར་བ་ཁ་བ་ཟེར་ན།
- མངར་སྐྱུར་ཁ་དང་བསྐ་ལ་སོགས་པའི་རོ་ཟེར་བ་རེད།
- དེ་ཡིན་ན་བླ་མ་དཀོན་མཆོག་ལ།
- ང་ཚོ་མི་ཡིས་ཅི་ཞིག་བཟང་བ་དང་།
- ཟ་མ་ཡིན་ན་སྐྱུར་བ་ཡིན་ན།
- ཁ་བ་ཡིན་ན།
- དེ་བླ་མ་དཀོན་མཆོག་ལ་དེ་ལྟར་འདྲེན་དགོས།
- དེ་དགོས་པ་རེད་ཟེར།
- དེའི་འཕྲོ་ནས་རེག་བྱ་ཟེར་བ་ནི།
- གོང་གི་དེ་རོ་རེད།
- རེག་བྱ་ཟེར་བ་དེ་ན་བཟའ་རེད།
- ན་བཟའ་ཡིན་ན།
- ལུས་པོར་རེག་པ་ཙམ་གྱིས་བདེ་སྟེར་བ།
- དཔག་བསམ་གོས་ལ་སོགས་པ་ལེགས་བཤད་གསུང་།
- རྣམ་གསུམ་རེག་བྱེད་རྡོ་རྗེ་མ་བཅོས་ནས།
- བླ་མ་ལྷ་ཡི་སྐུ་ལ་འབུལ་བར་བྱ།
- རེག་བྱ་ཟེར་བ་དེ་ན་བཟའ་རེད།
- བླ་མ་འབུལ་དགོས་པ་རེད།
- བླ་མ་འབུལ་ཏེ་དེའི་མན་ཆད་ནས།
- ང་ཚོར་འདྲ་བ་གྲོང་བ་གྲོང་མཐའ་ཡིས།
- ངོ་མ་ཚ་གསུར་འདི་འདས་སོང་བ།
- ད་ལྟ་འདས་སོང་བ་འདི་ལ་དེ་ལྟར་བྱེད་དགོས་འདོད་དེ།
- ང་ཚོ་ས་ཆ་ནས་སྐྱེས་བུ་མི་ལེགས་པ་ང་འདྲ་བ་འདིའི་ནང་ནས།
- ཁ་དུ་དེ་ཚ་གསུར་གྱི་སྟེང་དུ་བླུགས་ནས།
- རང་རང་གི་འདས་སོང་བའི་རྒད་པོ་དེ།
- དུ་བ་འཐེན་པ་ཞིག་ཡིན་ན།
- དེ་སྟེང་དུ་ལྡུག་པ་དང་།
- དུ་བ་སྟེང་དུ་གཏོར་བ་དང་།
- དེའི་མ་ཟད་སྐོམ་ཆུ་སྣ་ཚོགས་ལྡུག་པ་རེད།
- དེ་ཡིན་ན་དེ་ཐ་ན་དེའི་སྟེང་དུ།
- ང་ཚོ་ཡིན་ན་འབྲོག་པ་ས་ཆ་རེད་ལ།
- མར་ཡིན་ན་ཡང་།
- མར་ཧྲིལ་བོ་བྱས་ནས་མི་འཇོག་པ་ཞིག་རེད།
- དེ་མར་བཞག་ན་གསུར་གྱིས་ལོག་སོང་བ་རེད།
- དེ་འཇོག་པ་ཞིག་ཡིན་པ་མ་རེད།
- དེ་ཡིན་ན་ངས་གོང་ནས་བཤད་པ་ལྟར།
- དེ་འབུལ་ས་བླ་མ་དཀོན་མཆོག
- འཕགས་པ་སྤྱན་རས་གཟིགས་ལ་ཡར་འབུལ་ན།
- དེའི་ལྷག་པ་གོང་ནས་བཤད་པ་ལྟར།
- མགྲོན་ཐམས་ཅད་ལ་སྦྱིན་པ་བཏང་ན།
- ཁོ་དེ་ལ་དབང་བ་རེད།
- དེ་ལས་ཁོ་དེར་དབང་བ་མ་རེད།
- དེ་ཅི་ཞིག་རེད་ཟེར་ན།
- དེ་ཁའི་ནང་དུ་མི་ཡོང་བ་རེད།
- གཟིགས་སྒྲ་དྲི་རོ་རེག་བྱ།
- ལྔ་བོ་དེའི་མིང་ལ་འདོད་ཡོན་སྣ་ལྔ་ཟེར་བ་རེད།
- འདོན་ཡོན་སྣ་ལྔ་ཟེར་བ་ནི་ངས་གོང་ནས་བཤད་པ་དེ་རེད།
- མེ་ལོང་དང་བསིལ་སྙན།
- དེའི་གྲལ་རེད།
- དྲི་ཆུ་དང་ཞལ་ཟས།
- རེག་བྱ་དེ་ཚོ་རེད།
- ལྔ་བོ་དེ་རེད།
- དེ་ཡིན་ན་དེ་རེད།
- དེ་ཡིན་ན་འདོན་ཡོན་ལྔ་བོ་འདི་ཚོ་རེད།
- འདི་ཚོ་ཡིན་ན་འདོད་ཡོན་ལྔ་བོ་དེ་བཏོན་ཏེ།
- སྔ་མ་ནས་སམྦྷ་ར་ཟེར་བ་ཞིག་ཡོད།
- ན་མཿ སརྦ་ཏ་ཐ་ག་ཏ་ཨཱ་ཝ་ལོ་ཀི་ཏེ།
- ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ།
- དེ་ཉི་ཤུ་རྩ་གཅིག་དང་།
- དེ་མིན་ན་བརྒྱ་སྐོར་བྱས་ཏེ་བསྔོ་དགོས།
- བསྔོ་དགོས་པ་ནི་སམྦྷ་ར་ཟེར་བ་དེའི་བསྔོ་དགོས།
- བསྔོ་དགོས་ན་དེ་མགྲོན་ཐམས་ཅད་ལ་བསྔོ་དགོས།
- མགྲོན་གོང་ནས་བཤད་པ་དེ་རེད།
- དེ་ཚང་མ་མགྲོན་རེད།
- དེ་ལྟར་མགྲོན་ཐམས་ཅད་ལ་བསྔོ་དགོས་ན།
- ཐམས་ཅད་ནམ་མཁའ་མཛོད་བཞིན་དུ།
- ལོངས་སྤྱོད་ཆད་པ་མེད་པར་ཤོག
- རྩོད་པ་མེད་ཅིང་འཚེ་མེད་པར།
- རང་དབང་དུ་ནི་གཅོད་པར་ཤོག
- དེ་བར་སྤྱོད་པ་དང་ལོངས་སྤྱོད་པ་དེའི་རང་དབང་ཡོད་པ་རེད།
- དེ་བླ་མ་དཀོན་མཆོག་འཕགས་པ་ཐུགས་རྗེ་ཆེན་པོ།
- འཕགས་པ་སྤྱན་རས་གཟིགས་ཚང་མས་མར་གནང་ན།
- ལོངས་སྤྱོད་པའི་རང་དབང་དེ་ཡོད་པ་རེད།
- དེ་ལས་གཞན་གང་འདོད་ཀྱིས།
- ཁྱོད་ཀྱིས་དེ་རིང་ཚ་གསུར་ཅི་འདྲ་ཞིག་ཕུལ་ན།
- ཁྱོད་ཀྱིས་རི་འདྲ་བ་ཞིག་ཕུལ་ན་ཡང་།
- དེར་ལོངས་སྤྱོད་པའི་དབང་ཡོད་པ་མ་རེད།
- དེ་ཅི་བཤད་དེ་མགྲོན་ཟེར་བ་དེ་ཚང་མ་རེད།
- ཁ་སང་དེ་རིང་འདས་སོང་བ་ཡིན་ན་ཡང་།
- ངས་ཡང་བསྐྱར་བཤད་པ་རེད་ལ།
- ང་ཚོ་ས་ཆ་དེ་ནས།
- རྒད་པོ་ཞིག་འདས་སོང་ན།
- དེ་ཚ་གསུར་གྱི་སྟེང་དུ།
- དུ་བ་ནང་དུ་ལྡུག་པ་དང་།
- ཁོང་གི་འདས་པོ་དེ་དུ་བ་འཐེན་མཁན་ཞིག་ཡིན།
- དུ་བ་ལ་དགའ་ཟེར་བ་དང་།
- དུ་བ་འཐེན་པ་དང་འདྲ་བ་ཡིན།
- དེ་ཡིན་ན་ཚ་གསུར་དེ།
- ཚ་གསུར་གྱིས་གང་ནས་ལོག་རྒྱུ།
- ལོག་པ་མ་རེད་ཟེར་བ་རེད།
- དེའི་འཕྲོ་ནས་འབྱུང་བོ་ཡི་ཟ་མ།
- འབྱུང་བོ་ཡི་ཟ་མ་ཟེར་བ་རེད།
- སིལ་ཏོག་སྣ་ཚོགས།
- རིག་མ་རིག་གི་བར།
- རིག་རྒྱུ་མེད་པ་མི་ཤེས་པ།
- ཟ་མ་འདི་འདྲ་བཞག་ཡོད་པ་རེད།
- འདི་ཐོག་དང་པོར་སངས་རྒྱས་ཀྱིས་གསུང་དུས།
- ཚ་གསུར།
- ང་ཚོའི་ཚྭ་ཁུ་དེ་ཡང་འདུས་ན་མི་འགྲིག་གི
- འདིའི་མིང་ལ་འབྱུང་བོའི་ཟ་མ་ཟེར།
- ཟེར་བ་རེད་ལ་གང་ལྟར་ཀྱང་ཚྭ་ཁུ་ལ་ང་ཚོ་ལོབས་ཏེ།
- ཚང་མས་བཤད་པ་མ་རེད།
- དེ་ལྟར་ཚ་གསུར་གཙང་མ་བྱས་ཏེ་ལག་པ་བཀྲུ་བ་དང་།
- གཙང་བ་ནི་བསང་གཙང་ན་བཟང་བ་རེད་ལ།
- གཙོ་བོ་ཚ་གསུར་གཙང་དགོས།
- ཚ་གསུར་གཙང་དགོས་ན།
- བླ་མ་དཀོན་མཆོག་འཕགས་པ་སྤྱན་རས་གཟིགས།
- འདི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ།
- འབུལ་ཏེ་མཚམས་དེ་ནས།
- མགྲོན་ཐམས་ཅད་ལ་སྦྱིན་པ་གཏོང་དགོས།
- དེ་ལྟར་ངས་གོང་ནས་བཤད་པ་ལྟར།
- ཐམས་ཅད་ནམ་མཁའ་མཛོད་བཞིན་དུ།
- ལོངས་སྤྱོད་ཆད་པ་མེད་པར་ཤོག
- རྩོད་པ་མེད་ཅིང་འཚེ་མེད་པར།
- རང་དབང་དུ་ནི་སྤྱོད་པར་ཤོག
- མགྲོན་ཐམས་ཅད་ཀྱིས་ཁ་སང་དེ་རིང་གི་འདས་པ་ཅི་བཤད་རྒྱུ།
- མགྲོན་ཐམས་ཅད་ཀྱིས་ལོངས་སྤྱད་ན་ཆོག་པ་རེད།
- དབང་ཆ་འདྲ་བོ་ཡོད་པ་རེད།
- ངས་བཤད་པ་དེ་འདྲ་ཞིག་རེད།
- དེ་ཡིན་ན་དེའི་རྗེས་ནས་རང་གི་སྨོན་ལམ་བརྒྱག་རྒྱུ་ནི།
- ཕྱག་གིས་དབང་པོ་འདྲེན་པ་འོད་དཔག་མེད།
- མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས།
- སྡེ་བཤེགས་འཁོར་གྱིས་རྟེན་འབྲེལ་མི་ལུས་ཏེ།
- བདེན་པའི་སྨོན་ལམ་འདི་དང་མྱུར་འགྲུབ་ཤོག
- དེའི་སྨོན་ལམ་བརྒྱག་དགོས་པ་རེད།
- དེའི་རྗེས་ནས།
- སྐྱོན་གྱིས་མ་གོས་སྐུ་མདོག་དཀར།
- རྫོགས་སངས་རྒྱས་ཀྱི་དབུ་ལ་རྒྱན།
- ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས།
- སྤྱན་རས་གཟིགས་ལ་གསོལ་བ་འདེབས།
- མ་ཎི་སྒྲུབ་པ་དེ་རེད།
- དེ་ཡིན་ན་བླ་མ་དཀོན་མཆོག་ལ་འབོད་པ་དེ་ཚོ་རེད།
- ཕྱག་གིས་དབང་པོ་འདྲེན་པ་འོད་དཔག་མེད།
- མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས།
- སྡེ་བཤེགས་འཁོར་གྱིས་རྟེན་འབྲེལ་མི་ལུས་ཏེ།
- བདེན་པའི་སྨོན་ལམ་འདི་དང་མྱུར་འགྲུབ་ཤོག
- དེ་ཡིན་ན་མ་ཎི་འདོན་པ་དེ་རེད།
- མ་ཎི་བཏོན་ཏེ།
- རང་གི་མ་ཎི་སྟོང་ཞིག་འདོན་རྒྱུ་ན་ཁྲི་ཞིག་འདོན་རྒྱུ་ན།
- ཕྱེ་བ་གཅིག་འདོན་རྒྱུ་ན།
- ས་ཡ་གཅིག་འདོན་རྒྱུ་ན།
- ཅི་འདྲ་བཏོན་ན་ཅི་འདྲ་སྒྲུབ་པ་དང་།
- སྔ་མ་ནས་བསྔོ་བ་བྱེད་པ་དང་།
- ཅི་ཞིག་སྒྲུབ་ན་བསྔོ་བ་དེ་གལ་ཆེ་བ་རེད།
- བསྔོ་བ་བྱེད་དགོས།
- སྔོན་ནས་སྐྱབས་འགྲོ་འདོན་དགོས་པ་རེད།
- ཚ་གསུར་ཕུལ་ན་ཡང་།
- གྲོང་བ་གྲོང་ས་ཡི་ང་ཚོ་འདྲ་བ་འདིས་ཤེས་པ་མ་རེད།
- བླ་མ་ལ་སྐྱབས་སུ་མཆིའོ།
- སངས་རྒྱས་ལ་སྐྱབས་སུ་མཆིའོ།
- ཆོས་ལ་སྐྱབས་སུ་མཆིའོ།
- དགེ་འདུན་ལ་སྐྱབས་སུ་མཆིའོ།
- ཚིག་ཀ་བཞི་བོ་འདི་ཤེས་པ་རེད་ལ།
- འདི་ཤེས་ན་འདི་ཚོ་གསུམ་པོ་འདོན་པ་དང་།
- དེ་ཚོ་མི་ཤེས་ན།
- བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ།
- དེ་བཏོན་ན་དེ་ལྷག་ཏུ་ཤེས་པ་རེད།
- ཐུང་ཐུང་རེད།
- བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ།
- དཀོན་མཆོག་གསུམ་པོ་གང་རེད་ཟེར་ན།
- དཀོན་མཆོག་གསུམ་པོ་ནི།
- སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག
- དགེ་འདུན་དཀོན་མཆོག་དེ་གསུམ་རེད།
- དེ་གསུམ་པོ་ཡིན་ན་ང་ཚོ་ཡིན་རྒྱུ་ན།
- བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ།
- དེ་བཏོན་ན་ཆོག་པ་རེད།
- དེ་བཏོན་ཏེ་མ་ཎི་སྒྲུབ་རྗེས་རྔ་མར་བསྔོ་བ་བྱས་ན་བཟང་བ་རེད།
- སྔོན་ལ་སྐྱབས་འགྲོ་འདོན་པ་དང་།
- རྗེས་ནས་མ་ཎི་བཏོན་རྗེས་བསྔོ་བ་བྱས་ན་བཟང་བ་རེད།
- འདི་དང་དུས་གསུམ་འདས་པ་ཡིས།
- དགེ་རྩ་ཇི་སྙེད་བསགས་པ་ཀུན།
- མ་གྱུར་སེམས་ཅན་ཐམས་ཅད་ཀྱི།
- སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ་ཞེས།
- བསྔོ་བ་བྱས་པ་རེད།
- ཚར་བ་རེད།