05 Aug 2019
1 hr 57 min 8 sec
Audio Overview
Creators:
Tashi Gyel
གྲོ་ཚང་ས་ཆའི་གཉེན་སྲོལ་རགས་ཙམ་ངོ་སྤྲོད་བྱས་ཡོད།
简要介绍了卓仓地区的传统婚礼。
This is a short introduction to traditional wedding customs in Drotsang.
གྲོ་ཚང་ས་ཆའི་གཉེན་སྲོལ་ཡང་བོད་ཁུལ་གཞན་དང་ཅུང་མི་འདྲ་བར་སྣང་སྲིད། འདིར་གྲོ་ཚང་ས་ཆའི་གཉེན་སྲོལ་ཏེ། མནའ་མ་སློང་ཚུལ་དང་སྐྱེལ་ཚུལ། གཉེན་སྒྲིག་གི་སྟོན་མོ་བྱེད་ཚུལ་སོགས་ཀྱི་མགོ་རྔ་ཚང་མ་མདོར་བསྡུས་ཙམ་ངོ་སྤྲོད་བྱས་ཡོད།
乐都地方的婚俗和其他藏区的婚俗稍有不同。这里主要介绍了乐都地方的婚俗,包括求婚、送婚及婚礼等。
- བློ་གྲོས།བོད་ཀྱི་གཉེན་སྟོན་གྱི་སྲོལ་རྒྱུན་བཤད་ན།
- བོད་ཁམས་ཟེར་ན་མདོ་དབུས་ཁམས་གསུམ།
- མདོ་དབུས་ཁམས་གསུམ་གྱི་དཔེ་མི་མཐུན་མོད།
- དེ་ནས་ཙོང་ལ་རིང་མོ་ཡི་བྱང་ཕྱོགས་དང་།
- ཙོང་ལ་རིང་མོ་ཡི་ལྷོ་ཕྱོགས་འདི།
- ཕར་ཆེར་མཐུན་པ་ཡིན་པས།
- འདིའི་ས་ཁུལ་གྱི་གཉེན་གྱི་དར་ཚུལ་མདོར་ཙམ་བཤད་ན།
- གཉེན་ཞིག་བཟུང་ན།
- གཉེན་དེ་འགྲོ་བ་མིའི་ནང་ནས་ཆེས་གལ་ཆེན་ཞིག་རེད།
- མི་རྒྱུད་དེད་ནས་སྡེ་བ་ཆགས་པ།
- སྡེ་བ་ཆགས་ནས་ཤོག་ཀ་ཆགས་པ།
- མི་རབས་ནས་མི་རབས་བར་སྤེལ་ན།
- གཉེན་གྱི་ལམ་ལུགས་དེར་མི་འགྲོ་བ།
- འཇིག་རྟེན་ན་ཡོད་པ་མ་རེད།
- སྤྱིར་ན་འཇིག་རྟེན་ན་དར་བའི་གཉེན་རེད་ལ།
- བོད་ཀྱི་སྲོལ་རྒྱུན་རེ་བཤད་ན།
- ང་ཚོ་ས་ཁུལ་འདི་ལ་མཚོན་རྒྱུ་ན།
- དེང་ཐོག་ནས་མནའ་མ་ཞིག་ལེན་རན་ན།
- མནའ་མ་བཅའ་དགོས།
- མནའ་མ་བཅའ་ན་རང་གི་ས་ཕྱོགས།
- དེང་མ་ཡི་གཉེན་ཉེ་འབྲེལ་གང་ན་ཡོད་པ།
- ས་ཕྱོགས་དེར་ཡང་བལྟ་བ་ཞིག་རེད།
- མཁྲེགས་འདུག་འཕྲོད་འདུག་གི་སྟེང་ནས།
- དེང་མ་གཉེན་འབྲེལ་ཡོད་མེད་ཀྱི་སྟེང་ནས།
- ས་ཆ་གང་ན་སྔོན་མ་ཡི་གཉེན་ཡོད་པ་དེའི་ས་ཕྱོགས་ལ།
- ཡང་ན་རང་གི་ཉེ་རིང་དང་ཤག་པོ།
- ས་ཆ་གཞན་པ་གང་ན་ཡོད་ན།
- མནའ་མ་བཙལ་ཏེ་མནའ་མ་གང་ན་ཡོད་གི
- ལོ་ཚོད་དང་གོང་ཚོད།
- འདི་ཚང་མ་རྩད་གཅོད་ཞིབ་འཇུག་བྱས་ཏེ།
- ཐག་གཅོད་བྱེད་དགོས།
- དེ་ཐག་གཅོད་བྱེད་པ་དང་།
- དེ་ཐག་གཅོད་བྱས་པའི་རྗེས་ནས།
- རང་གི་ཕ་ཨ་ཁུ་ཚང་མ་འཚོག་ནས་བསྡད་དེ།
- གཏན་ན་ཕབ་དགོས་པ་རེད།
- མནའ་མ་བཙལ་ཏེ་མནའ་མ་རྙེད་ནས།
- འདི་འདྲ་ཡིན་ན་དེ་ལྟར་རེད།
- དེ་ལྟར་མནའ་མ་བཙའ་ན།
- སྡེ་བ་ས་ཆ་ཞིག་ན།
- ཉེ་རིང་ཐམས་ཅད་མཚམས་སྦྱོར་བྱས་ཏེ།
- མི་རྒྱུད་དེད་དེ་མནའ་མ་བཙལ་ན།
- སྡེ་བ་ཆེན་པོ་ཞིག་ན།
- ལས་ལ་བརྩོན་ཞིང་གཏོང་ཕོད་ཆེ་བ།
- གྲོགས་ལ་མཐུན་ཞིང་ཕྲག་དོག་མེད་པ།
- གཞུང་དྲང་བ་དང་བཞིན་མཛེས་པ།
- བུད་མེད་ཀྱི་སྐྱོན་རྣམས་སྤངས་ཤིང་།
- ཡ་རབས་ཀྱི་སྤྱོད་བཟང་ལྡན་པ།
- ཀུན་གྱིས་མཐོང་ན་དགའ་བ་སྟེར་བའི།
- ཕ་མའི་མིག་འབྲས་ལྟ་བུའི་བུ་མོ་གཞོན་ནུ་མ་ཞིག་ཡོད།
- དེ་འདྲའི་བུ་མོ་ཞིག་ཡོད་ཟེར་ཏེ།
- རང་གི་བཟང་ས་རྒྱན་ས་དང་།
- ཉེ་རིང་ཚང་མས་རྩད་བཅད་དེ།
- དེ་ལྟར་ཐག་གཅོད་བྱས།
- ཐག་གཅོད་བྱས་ན་ང་ཚོ་དེང་མ་ཡི་བོད་ཀྱི་འགྲོ་ལུགས་ལྟར་སོང་ན།
- འདི་འདྲའི་བུ་མོ་ཞིག་ཡོད་པ་ལ།
- འདི་བླ་མར་ལུང་བསྟན་ཞུས་པ་དང་།
- རྩིས་པར་རྩིས་བརྒྱབ་སྟེ།
- བླ་མའི་ལུང་བསྟན་ཡག་མིན་དང་།
- རྩིས་པ་ཡི་རྩིས་ཀྱི་གནས་ཚུལ་གཞིར་བཟུང་ནས་བསྡད་དེ།
- མནའ་མ་འདི་ཐག་གཅོད་བྱས་ཏེ།
- དེ་ནས་སློང་དུ་འགྲོ་དགོས་པ་རེད།
- སློང་དུ་སོང་ན།
- སྡེ་བ་དེ་ནས་གཉེན་གྱི་བར་བ་དགོས་པ་རེད།
- གཉེན་གྱི་བར་བ་འདི་ལ་འགྲོ་ཕྱོགས་ཡོད་པ་རེད།
- རང་གི་འཚོ་བ་དང་ཨ་ཁུ་ཉེ་འབྲེལ་གྱི་ནང་།
- དེ་མིན་ན་སྡེ་བ་ཡི་ནང་།
- དེ་མིན་རུང་གཉེན་ལ་མཁས་པ་ཞིག་ཡིན་པ་དང་གཞུང་དྲང་མོ།
- མི་འདི་འདྲ་ཞིག་དགོས་པ་རེད།
- ཟྭ་ཁོག་འབྱེད་པའི་ལྡེ་མིག་དང་།
- ཆུ་ཆེན་བརྒལ་བའི་གྲུ་གཟིངས་ལྟ་བུའི་གཉེན་འཛིན་བར་བ་ཞིག
- གདན་དྲངས་ནས་བསྡད་དེ།
- ཡུལ་དེར་གདན་དྲངས་ཏེ།
- དེ་སློང་དུ་མངགས་པ་རེད།
- འདི་ན་་བུ་མོ་འདི་འདྲ་ཞིག་ཡོད།
- འདི་འདྲ་ཞིག་ཁྱོད་སློང་དུ་འགྲོ་དགོས་ཞེས་བར་བ་བཙལ་ནས།
- བར་བ་ཉམས་མྱོང་ཅན།
- གཞུང་དྲང་བ་འདི་འདྲ་ཞིག
- ཚིག་ཕར་བཤད་ཀྱི་སྨྲ་དག་པ་དང་།
- ཚུར་བཤད་ཀྱི་ཧ་གོ་བ།
- བློ་རིག་པ་ཁོག་ན་ཡོད་པ།
- མི་ཡི་གངས་དཀར་གྱི་བསམ་པའི་སྒོ་འབྱེད་ཐུབ་པ།
- འདི་འདྲའི་བར་བ་ཞིག་བཙལ་ནས་བསྡད་དེ།
- བར་བ་ལ་སློང་བྱེད་ལ་ཆང་ཕང་ཁ་བཏགས་གཅིག་རེ།
- ཚང་མས་ཆང་དང་ཁ་བཏགས་ཁྱེར་དགོས།
- ས་ཆ་འགའ་རེ་ནས་ཆང་རྒྱ་མ་དོ་རེ།
- ང་ཚོ་གཅན་ཚ་ལ་མཚོན་རྒྱུ་ན།
- ཆང་རྒྱ་མ་གང་དང་གོས་བཏགས།
- འདི་འདྲ་ཞིག་རེད།
- འདི་མཐོ་དམན་ལྟར་དུ།
- རྒྱུ་ཡི་ཡོད་མེད་ལྟར་རྣམ་པ་སྣ་ཚོགས་ཡོད་པ་རེད།
- མང་པོ་སྤྱི་ནས་བཤད་ན་ཆང་ཕང་ཁ་བཏགས།
- གཉེན་ལ་དེ་ལས་མི་དགོས།
- དེ་ཡིན་ན་དེ་ནས་བུ་མོ་བཙལ་ནས་སོང་སྟེ།
- སྡེ་བ་དེར་སོང་ན།
- དེ་ཡི་ཤ་ཉེ་རིང་ཐམས་ཅད་འདུས་ཏེ།
- ནང་ཨ་ཁུ་དང་ཕུ་ནུ།
- རང་གི་ཉེ་རིང་ཐམས་ཅད་འདུས་ཏེ།
- དེ་ཐམས་ཅད་ཚོགས་ཐོག་ནས།
- བར་བ་དེས་བུ་མོ་སློང་བྱེད་ཀྱི།
- ཆང་ཕང་ཁ་བཏགས་སྔུན་ལ་བཤམས་ནས་བཞག་སྟེ།
- ཚང་མས་གྲོས་བྱས་ན།
- ཡུལ་མི་ཐམས་ཅད་ཀྱི།
- གཉིས་སུ་མ་མཆིས་པའི་ཁ་སེམས་ཀྱི་གཞི་མཆོག་སྟེང་ལ།
- དོན་དུ་གནས་པའི་བདེན་ཚིག་གི་ཉག་ཕྲན་སྤྲད་དེ།
- གྲོས་མོལ་ཡང་ནས་ཡང་དུ་བྱས་ཏེ།
- ཚང་མའི་བསམ་པ་ཁ་ཕྱོགས་གཅིག་ཏུ་འཁོར་ཏེ།
- འདི་བུ་མོ་འགྲོ་ས།
- འདུག་ས་གང་ནས་དེད་ན་ཡང་།
- བཟང་གི་ཞེས་བཤད་དེ་ཚང་མས་བུ་མོ་བྱིན་པ་རེད།
- བུ་མོ་བྱིན་ན།
- བུ་མོ་བྱིན་པའི་རྟགས་དང་རྟེན་འབྲེལ་དེ་ལ།
- བར་བ་ལ་ལམ་དཀར་ཞེས།
- བུ་མོ་བྱིན་པའི་རྟགས་ལ་དཀར་ཡོལ་ཁ་བཏགས་གཏོང་དགོས་པ་རེད།
- ཨ་ཞང་ཚང་གིས་བར་བ་ལ་དཀར་ཡོལ་ཁ་བཏགས་བཏང་བ་དང་།
- ལམ་དཀར་ཡིན་ཞེས་བཤད་དེ།
- ས་ཆ་ཁ་ཤས་ནས་དེ་ཡི་རྟེན་འབྲེལ་གྱི་དོན་དུ།
- ཡང་ན་ཤེལ་གྱི་བུམ་པ་དང་།
- ཡང་ན་དཀར་ཡོལ་གྱི་བུམ་པ།
- སྣོད་ཁ་གཙང་ཡག་པོ་ཞིག་གི་ནང་དུ།
- འབྲུ་རིགས་གང་བཅུས་ནས།
- སྐེ་ལ་བལ་གྱིན་བཏགས་པ་དང་མར་གྱིས་བརྒྱན་བཏང་ནས།
- བར་བ་ཡི་ལག་ཏུ་བཞག་སྟེ།
- འདི་བུ་མོ་བྱིན་པའི་རྟེན་འབྲེལ་གྱི་དོན་དུ།
- སོང་ནས་གནས་ཚང་ལ།
- བུ་མོ་འགྲོ་སའི་གནས་ཚང་ལ་སྟེར་དགོས།
- བར་བ་ཡི་ལག་ཏུ་བཞག་སྟེ་གནས་ཚང་ལ་ཁྱེར་བ་རེད།
- དེ་བུ་མོ་བྱིན་པའི་རྟགས་དེ་ཅི་རེད།
- བར་བ་ཡིས་ཁྱེར་ནས་སོང་སྟེ།
- གནས་ཚང་ལ་བཤད་ནས།
- བུ་མོ་བྱིན་པ་རེད།
- བུ་མོ་བྱིན་ཏེ་བུ་མོ་བྱིན་པའི་རྟེན་འབྲེལ་དེར།
- ཆང་དམ་བུ་གང་འདི།
- ཁྱེར་ནས་ཡོང་སྟེ་དེ་ཚང་ལ་བྱིན་ན།
- གཉེན་ཚང་གི་བར་བ་ཡིས།
- གཉེན་ཚང་གིས་ཀྱང་ཁོ་ལ་ལམ་དཀར་གྱི་དཀར་ཡོལ་ཁ་བཏགས་བཏང་ནས།
- དེ་བཏང་ནས་བར་བ་ཚང་ལ།
- ཨ་ཞང་ཚང་ལ་གྲོས་ཤ་གྲོས་ཆང་ནམ་ཁྱེར་དགོས་པ།
- གྲོས་ཤ་གྲོས་ཆང་ཟེར་བ་དར་བ་རེད།
- གྲོས་ཤ་གྲོས་ཆང་དེའི་སྟེང་ནས།
- དེའི་ཉི་མ་སྐར་མ་ཐག་གཅོད་བྱེད་པ་དང་།
- གནས་ཚང་ནས་ཉིན་བཟང་སྐར་བཟང་ཞིག་ལ།
- གྲོས་ཤ་གྲོས་ཆང་ཁྱེར་དགོས་པ་རེད།
- གྲོས་ཤ་གྲོས་ཆང་ཁྱེར་ན།
- ཤ་ཧྲིལ་པོ་དང་དེ་ནས་ཆང་།
- དེའི་འཕྲོ་ནས་སིལ་ཏོག་སྣ་ཚོགས།
- འདི་ཚང་མ་ཁྱེར་ནས།
- བར་བ་དང་རང་གི་ཨ་ཁུ་ནང་གི་ཧ་གོ་བ་གཅིག་དང་།
- མག་པ་དང་བཅས་པས།
- གྲོས་ཤ་གྲོས་ཆང་ཁྱེར་ཏེ་ཨ་ཞང་ཚང་ལ་སོང་ན།
- ཨ་ཞང་ཚང་གིས་གཉེན་ཉེ་བོ་ཐམས་ཅད་བསྡུས་ནས་བཞག་ཡོད།
- དེའི་སྟེང་དེ་ནས་གྲོས་ཤ་གྲོས་ཆང་གི་དངོས་པོ་ཐམས་ཅད་བཤམས་ཏེ།
- དཔའ་ལུང་ས་ཆ་དང་།
- གཞན་པ་ས་ཆ་གྲོ་ཚང་འདི་འདྲ་ལ་མཚོན་ན།
- མག་པས་གཉེན་ཉེ་རིང་ཐམས་ཅད་ལ།
- ཆང་སྐལ་སྟེར་དགོས་པ་རེད།
- མག་པའི་རྟགས་རེད།
- གྲོས་ཤ་གྲོས་ཆང་གི་མགོ་དེར།
- ཆང་སྐལ་བྱིན་ཏེ་མགོ་ནས་ཨ་ཞང་གཙོ་བོར་བཟུང་སྟེ།
- སྐྱེས་ཕོ་མོ་ལ་དབྱེ་བ་མེད་པར།
- ཆེ་ཆུང་ཚང་མར་ཆང་སྐལ་བྱིན་ཏེ།
- ཆང་སྐལ་དེ་བླངས་པའི་རྗེས་ནས།
- ཚང་མས་གྲོས་ཤ་གྲོས་ཆང་དེ་ཁ་རེག་རྗེས།
- གྲོས་བསྡུར་བྱེད་དགོས་པ་རེད།
- གྲོས་ཤ་གྲོས་ཆང་དེ་ཚང་མས་འཐུང་བ་དང་ཟོས་ནས།
- གྲོས་བྱེད་པའམ་གྲོས་བསྡུར་བྱེད་པ།
- གྲོས་བསྡུར་བྱས་ན་དེའི་སྟེང་ནས།
- བུ་མོ་བསྐྱེལ་ན།
- བུ་མོ་ཡི་རྒྱུ་རིན་ཅི་འདྲ་ཞིག་དགོས་པ་དང་།
- ཨ་ཞང་ཆེ་བ་རྣམས་ཅི་ལྟར་བཅའ་བ་དང་།
- ཆུང་བ་རྣམས་ཅི་ལྟར་བཅའ་བ།
- གཉེན་འདིའི་བར་བ་ཡིས་ཕར་བཤད་ཚུར་བཤད་བྱས་ཏེ།
- དེ་ལྟར་བྱེད་དགོས།
- དེ་ལྟར་ཁྱེར་ཏེ།
- ཁྱིམ་ཚང་དེའི་ཇ་ཆང་ལ་སོགས་པ་ཁྱེར་ཏེ།
- གྲོས་བསྡུར་བྱེད་དུ་འགྲོ་དགོས།
- དེ་ཡིན་ན་བུ་མོ་ཡི་རྒྱུ་རིན་ལེན་པ།
- རྒྱུ་རིན་ལེན་སའི་ས་ཆ་དང་།
- མི་ལེན་སའི་ས་ཆ་ཡང་མི་གཅིག་པ་རེད།
- ས་ཆ་ཁ་ཤས་ནས།
- བུ་མོའི་རྒྱུ་དང་མཛོ་མོའི་ཤ་ཞེས།
- དེས་ཕན་མི་ཐོགས།
- བུ་མོར་རྫོངས་པ་སྟེར་བ་གཙོ་བོ་བྱེད་པ་རེད།
- ས་ཆ་ཁ་ཤས་ནས་བུ་མོའི་ནུ་རིན་ཟེར་ན།
- རྒྱུ་རིན་ཟེར་ན།
- རྒྱུ་དེ་ཐག་གཅོད།
- སྒོར་མོ་འདི་འདྲ་དགོས།
- གྲོས་ཤ་གྲོས་ཆང་གི་སྟེང་ནས་འདི་ཚང་མ།
- རྒྱུ་ཡི་གོང་གཅོད་ཐག་གཅོད་བྱས་ཏེ།
- སྒོར་མོ་ཅི་འདྲ་ཞིག་ལེན་དགོས་པ།
- གཉེན་ཉེ་འབྲེལ་ཐམས་ཅད།
- གྲལ་བསྒྲིགས་ནས་བསྡད་དེ་གྲོས་བསྡུར་བྱས།
- དེ་ལྟར་གྲོས་བསྡུར་བྱས་ནས་ཚང་མས་དེ་ལྟར་བྱེད།
- དེ་ཡིན་ན་དེ་ནས་གཉེན་གྱི་འགྲུལ་བ་ཡི་ནང་ནས།
- ཨ་ཞང་གི་ནང་ནས་འགྲུལ་མགོ་གཙོ་བོ་རེད།
- འགྲུལ་མགོ་དེ་ཡང་ན་རང་གི་ཨ་ཁུ་ནང་གི་གཙོ་བོ་ཞིག
- ཡང་ན་འཚོ་བའི་ནང་གི་ཚོ་དཔོན།
- དེ་མིན་ན་ས་ཆ་དེའི་སྡེ་དཔོན།
- འདི་འདྲ་ཞིག་འགྲུལ་མགོ་ཟེར་བ།
- འགྲུལ་བ་ཡི་མགོ་དཔོན་རེད།
- འགྲུལ་མགོ་ཞིག་དགོས་པ་རེད།
- འགྲུལ་མགོ་དེར་མགྲོན་ཤ་ཧྲིལ་པོ་དགོས་པ་རེད།
- དེར་དཀར་ཡོལ་མིང་བཏགས།
- དེའི་སྟེང་དུ་གོས་བཏགས།
- དེའི་སྟེང་དུ་སྒོར་མོ་བྱས་ནས་འཇོག་དགོས་པ་རེད།
- སྒོར་མོ་བྱས་ནས་འཇོག་པ་དང་།
- དེའི་འཕྲོ་ནས་མ་ཞང་རེད།
- མ་ཞང་དེ་ངེས་པར་དུ།
- རོང་འབྲོག་བར་གསུམ་གང་ནས་ཀྱང་དཔེ་ལྟར།
- ཞང་རྟ་ཞང་ལུག་ཞང་སྒར་ཞེས།
- རྟ་དགོས་པ་དང་།
- ཞང་རྟ་ཁམ་པ་རྔོག་རིང་།
- རྟ་ངོ་མ་དགོས་པ་དང་།
- ལུག་དགོས་པ་རེད།
- ལུག་ངོ་མ་དགོས་པ་རེད།
- དཀར་ཡོལ་དགོས་པ་རེད།
- དཀར་ཡོལ་འབྲི་བརྒྱ་མ།
- དཀར་ཡོལ་འབྲི་བརྒྱ་མ་མེད་ན་དཀར་ཡོལ་དགུ་སྟེགས་ཀྱི་སྟེང་དུ།
- གོས་བཏགས་དང་ཁ་བཏགས་བཏིང་བ་དང་།
- དེ་མ་ཞང་ངམ་ཞང་བོ་ཡི་སྐལ་རེད།
- དེའི་འཕྲོར་ཞང་ཆུང་བུ་མོའི་ནུ་བོར་ཡང་།
- དེ་ནས་དཀར་ཡོལ་མིང་བཏགས་ཤིག་དགོས་པ་རེད།
- དེ་རེད།
- དེ་ལས་ཨ་ཞང་གཞན་ཐམས་ཅད་ལ།
- ཇ་དང་དཀར་ཡོལ་གོས་བཏགས་ལ་སོགས་པ།
- འདི་འདྲ་དགོས་པ་འདི་ཚང་མ་ཐག་གཅོད་བྱེད་པ་དང་།
- དེ་ཚང་མ་ཐག་གཅོད་བྱས་ནས་སྒོར་མོ་དུ་རེ་འཇོག་པ་དང་།
- དཀར་ཡོལ་གང་གང་དགོས་པ་དེར་བལྟས་ནས།
- དེའི་འཕྲོ་ནས་ཉི་མ་སྐར་མའི་སྟེང་ནས་བུ་མོ་ནམ་བསྐྱེལ་རྒྱུ།
- ཉི་མ་སྐར་མ་ཐག་གཅོད་བྱས་ནས།
- གཉེན་ཉེ་རིང་ཐམས་ཅད་ཀྱིས་གྲོས་བསྡུར་བྱས་ཏེ།
- གྲོས་ཤ་གྲོས་ཆང་གི་སྟེང་ནས།
- དེ་ཚང་མ་ཐག་གཅོད་བྱེད་དགོས།
- དེ་ཚང་མ་ཐག་གཅོད་བྱས་ཏེ།
- གྲོས་བྱེད་དགོས།
- གྲོས་བྱས་ན་གྲོས་ཤ་གྲོས་ཆང་གི་སྟེང་ནས་ཚང་མ་ཐག་གཅོད་བྱས་ན།
- བར་བ་ཡིས་དེ་ཁྱེར་ཏེ་ཕྱིར་གཉེན་ཚང་ལ་ཡོང་དགོས།
- གཉེན་ཚང་ལ་ཡོང་དགོས།
- གཉེན་ཚང་ལ་ཡོང་ན།
- དེའི་ཉི་མ་དེར་བག་མ་བསྐྱེལ་བའི་ཉི་མ་ཡང་ཐག་གཅོད་བྱེད་དགོས།
- བག་མ་བསྐྱེལ་བའི་ཉི་མ་དེ་ཐག་གཅོད་བྱས་ཏེ།
- ཐག་གཅོད་བྱས་ན་རྩིས་པར་རྩིས་བརྒྱབ་ན།
- བླ་མར་ལུང་བསྟན་ཞུས་ན།
- འདིར་ཉིན་བཟང་སྐར་བཟང་ཞིག་ཐག་གཅོད་བྱས་ཏེ།
- ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གསུམ་གྱི་ཉི་མ་འདི་ནི།
- ལོ་ཡི་ནང་ནས་ཟླ་བ་ཡག་པོ།
- ཟླ་བའི་ནང་ནས་ཉི་མ་ཡག་པོ།
- ཉི་མའི་ནང་ནས་སྐར་མ་ཡག་པོ།
- རྟ་བརྒྱ་རྟ་མང་གཤར་བའི་ཉི་མ་ཡིན་ཟེར་གི
- བྱ་བརྒྱ་བྱ་མང་འཕུར་བའི་ཉི་མ་ཡིན།
- མི་བརྒྱ་མི་མང་འགྲོ་བའི་ཉི་མ་རེད།
- མ་བུ་མོ་གནས་ལ་འགྲོ་བའི་སྐར་མ།
- ཉི་མ་བཟང་བོ་དང་གནམ་ལ་ཟླ་སྐར་ཡག་པ།
- ཁྲི་གདུགས་ཉི་མ་བག་ཡངས་དྲོ་བ།
- ས་ལ་དུས་བཟང་རྟེན་འབྲེལ་འཇོམས་པའི་ཉི་མ་ནི།
- ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གསུམ་གྱི་ཉིན་མོར།
- ཐག་གཅོད་བྱས་ཏེ།
- ཕར་ཚུར་གཉིས་ཀྱིས་ཉི་མ་སྐར་མ་ཚང་མ་ཐག་གཅོད་བྱེད་དགོས།
- གྲོས་ཤ་གྲོས་ཆང་གི་སྟེང་ནས།
- ཉི་མ་འདི་ཚང་མ་དང་ནམ་ཞིག་ལ་བསྐྱེལ་བ་ཐག་གཅོད་བྱེད་པ།
- ཐག་གཅོད་བྱས་ན།
- ཐག་གཅོད་བྱས་པ་རེད།
- རྒྱུ་ཡི་གོང་གཅོད་ཚང་མ་ཐག་གཅོད་བྱས་པ་རེད།
- མ་སྲུ་ཕར་བཅའ་ཚུར་བཅའ་གྱི་བྱ་བ།
- ཨ་ནེ་ཚང་མར་ལྭ་བསྐོན་ས་ལ་ལྭ།
- སྟོད་གོས་གོན་ས་ལ་སྟོད་གོས།
- སྐ་རགས་ལག་ཕྱིས་འབབ་ས་ལ་སྐ་རགས་ལག་ཕྱིས།
- འདི་ཚང་མ་གང་གང་དགོས་པ།
- མ་ཚང་མ་ལུས་པར།
- བག་རོགས་དང་བཅས་པ་བཅའ་རྒྱུ།
- བག་རོགས་ལ་དེང་མ་ཡི་དཔེ་ཡིས།
- ར་མ་ཞིག་སྟེར་དགོས་པ་རེད།
- ར་མ་དེ་དེང་སང་སྒོར་མོ་ལ་བཞག་སྟེ།
- སྟེར་དགོས་པ་ཐག་གཅོད་འདི་འདྲ་ཞིག་རེད།
- དེ་འདྲ་ཡིན་ན་གནས་ཚང་གིས།
- ཉི་མ་དེར་ཐག་གཅོད་བྱས་ན།
- བུ་མོ་དེས་དེང་མ་ཡིན་ན་ལྟོ་བཀུག་པ་ཞེས།
- ལྟོ་འགུག་དགོས་པ་རེད།
- ནང་དུ་འཛུལ་ཏེ་ངལ་གསོ་བྱེད་པ་དང་།
- ཟ་མ་ཅི་བཟང་གི་ཟ་མ་ཟོས་ཏེ།
- དེ་ལྟར་བྱེད་དགོས།
- ཡང་ས་ཆ་ཁ་ཤས་ལ་ངལ་གསོ་སྐབས་ཀྱི།
- གོན་པ་ཁྱེར་དགོས་པ་རེད།
- གོན་པ་བོད་ལྭ་ཡིན་ན་བོད་ལྭ་ཁ་ཚང་།
- རྒྱ་ལྭ་ཡིན་ན་རྒྱ་ལྭ་ཁ་ཚང་།
- གནས་ཚང་ནས་ཨ་ཞང་ཚང་ལ།
- བུ་མོ་ངལ་གསོ་སྐབས་ཀྱི་གོན་པ་ཞེས།
- གོན་པ་སྐེ་རགས་དང་སྟོད་གོས།
- ལྷམ་ལ་སོགས་པ།
- མགོ་ཡི་ལག་ཕྱིས་ལ་སོགས་པ་ཆ་ཚང་ཞིག
- ཁྱེར་ནས་སོང་སྟེ་བྱིན་ན།
- མནའ་མས་དེ་གོན་ཚེ།
- མནའ་མའི་ཡུལ་གྱི་ཉེ་རིང་ཐམས་ཅད་ཀྱིས།
- ངལ་གསོ་ཡི་སྐབས་སུ་བུ་མོ་དེ་བོས་ཏེ།
- བུ་མོར་ཇ་བླུད་དེ།
- ཁྱིམ་ཚང་ཚང་མས་འབོད་དགོས་པ་རེད།
- ཁ་ཤས་ཀྱི་འབོད་པ་དེ་རྗེས་ལ་འཇོག་པ་རེད།
- རྗེས་ནས་བུ་མོ་སོང་སྟེ་མག་པ་དང་གཉིས་ཀ་ཡོང་ན།
- མག་པ་དང་བུ་མོ་གཉིས་ཀ་བོས་ཏེ།
- བུ་མོར་རྫོངས་པ་ཅི་ཞིག་སྟེར་རྒྱུ་ནམ།
- འདི་འདྲའི་དཔེ་ཞིག་རེད།
- ཉི་མ་སྐར་མ་ཐག་གཅོད་བྱེད་པ་དང་།
- བུ་མོ་ངལ་གསོ་བྱེད་དུ་བཅུག
- དེ་ཡིན་ན་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་གྱི་ཉིན་ལ་ཐོན་དུས།
- བུ་མོའི་གནས་ཚང་ཡིན་ན།
- དེང་མ་ཡིན་ན་ལྭ་རྩག་བཟོ་དགོས་པ་རེད།
- ཚ་རུ་དང་གཡོག་མ།
- རྩག་པ་ལ་སོགས་པ།
- ཕྲུག་ལྭ་དང་གོས་ལྭ།
- འདི་ཚང་མ་ལྭ་རྩག་བཅུ་བདུན་བཅོ་བརྒྱད་བཟོ་བ།
- ཁ་རྟ་ལ་བཀལ་ཏེ་འདི་ལྟར་འགྲོ་དགོས་པ་ཞིག་རེད།
- ཁ་རྟར་བུ་མོའི་རྫོངས་པ་བཀལ།
- བུ་མོར་ཁ་རྒྱུ་གོན་རྒྱུ་བཅོས་ཏེ།
- དེ་ལྟར་འགྲོ་དགོས་པ་རེད།
- གནས་ལ་བུ་མོ་བསྐྱེལ་བའི་ཉི་མ་ཐོན་དུས།
- བར་བ་དང་བུ་མོ་ཕར་འགྲོ་དགོས་པ་རེད།
- མག་པ་དང་བཅས་པ་འགྲོ་དགོས་པ་རེད།
- འགྲོ་དུས་གནས་ཚང་ནས་བུ་མོའི་གོན་པ་དང་།
- གནས་ཀྱི་གོན་པ།
- གཡུ་བྱུ་རུ་ཡི་རྒྱན་ཆ།
- འདི་དག་ཚང་མ་ཁྱེར་ཏེ།
- གནས་ནས་བུ་མོའི་སྐྲ་ཤད་བྱེད་ཀྱི་སོ་མང་ཞིག
- དར་ཚོན་སྣའི་ནང་དུ་བཅུག་ནས།
- གནས་ནས་ཕར་ཁྱེར་ཏེ།
- མནའ་མ་ཞུས་སུ་འགྲོ་དགོས།
- མནའ་མ་ཁྲིད་དུ་འགྲོ་དགོས།
- དེའི་ཉིན་མོར་ཨ་ཞང་ཚང་གིས།
- བུ་མོ་བསྐྱེལ་བའི་ཉི་མ་ཐག་གཅོད་བྱས་ཏེ།
- རང་གི་སྡེ་བ་འཚོ་བ་དེ་ཚང་མར་བརྡ་བརྒྱབ་ཡོད་པ་རེད།
- བརྡ་བརྒྱབ་སྟེ་ཟླ་བ་བཅུ་གཅིག་གི
- ཚེས་པ་བཅུ་གཉིས་ཀྱི་དགོང་མོར།
- ས་ཆ་དེའི་སྡེ་བ་སྡེ་འབངས་ཐམས་ཅད་ཀྱི་མི་ཚང་མ།
- ཁྱིམ་ཚང་དེའི་ནང་ཚང་མར་གཙང་གད་བརྡར་བྱེད་པ་དང་།
- མགོ་ཁང་བ་གྲུ་བཞི་ཡི་ནང་དེར་གདན་ཁྲ་བཏིང་ནས།
- དེ་ནས་ཟས་སྣ་ཚོགས་བཤམས་པ་དང་།
- དགོང་མོ་དེར་སྡེ་བ་ཡི་སྡེ་འབངས་ཐམས་ཅད།
- ཁྱིམ་ཚང་དེར་འཚོག་དགོས།
- ཁྱིམ་ཚང་དེར་འཚོགས་ཏེ་ཁྱིམ་ཚང་དེ་ནས།
- བུ་མོ་བསྐྱེལ་བའི་འགོ་བརྩམ་དགོས་པ་རེད།
- ནང་ཨ་ཁུ་དང་ནང་མ་སྲུ།
- དེ་ནས་ཉེ་རིང་ཐམས་ཅད་སྡེ་བ་ཚང་མ་འཚོགས་ཏེ།
- ཟས་སྣ་ཚོགས་སྔུན་ལ་བཤམས་ཏེ།
- གླུ་ལེན་གར་རྩེད་ཀྱི་འགོ་བརྩམ་དགོས་པ་རེད།
- གླུ་ལེན་གར་རྩེད་ཀྱི་འགོ་བརྩམ་ན།
- རྟེན་འབྲེལ་གྱི་གླུ་ཐོག་མ།
- སྐད་ངག་བདེ་བ་དང་སྨྲ་བརྗོད་དག་པ།
- གསར་བུ་ཚོའི་ནང་ནས་གླུ་ལེན་དགོས་པ་རེད།
- རྟེན་འབྲེལ་གྱི་གླུ་འགོ་མ་འདི་ཅི་ལྟར་ལེན་དགོས་ཟེར་ན།
- མ་བླ་མ་རྣམས་ལ་གླུ་རེ་ལེན།
- ཁོང་ཕྱག་གི་བུམ་པ་རང་གྲུབ་རེད།
- དེའི་ནང་གི་བུམ་ཆུ་གཡས་འཁྱིལ་རེད།
- རྗེ་བླ་མའི་ཆོས་དོན་འགྲུབ་རྟགས་རེད།
- ནང་་ཨ་ཁུ་རྣམས་ལ་གླུ་ཞིག་ལེན།
- ལག་དཀར་ཡོལ་འབྲུག་མ་རང་གྲུབ་རེད།
- དེའི་ནང་གི་བདུད་རྩི་གཡས་འཁྱིལ་རེད།
- ནང་ཨ་ཁུའི་བསམ་དོན་འགྲུབ་རྟགས་རེད།