05 Aug 2019
3 min 50 sec
Audio Overview
Creators:
Tashi Gyel
This speech praises black tea that is popular in Tibetan areas.
བོད་དུ་དར་ཁྱབ་ཆེ་བའི་ཇ་ནག་ལ་བསྟོད་པ་བྱས་ཡོད།
主要赞扬了在藏区非常盛行的红茶。
སྔོན་ཆད་ནས་བོད་ཡུལ་དུ་ཇ་ཐོན་སྐྱེད་མི་བྱེད་མོད། ཡིན་ཡང་ཇ་འཐུང་རྒྱུར་དགའ་བས་ཇ་གཞན་ལས་མང་པོ་ཉོ་དགོས། དེ་ལྟར་ཇ་དེ་རིན་ཐང་ཅན་ཞིག་ཏུ་གྱུར་བས་ཇ་ཡི་བསྟོད་པ་འདི་བྱུང་། འདིར་ཇ་གང་ནས་ཡོང་བ་དང་ཅི་ལྟར་ཡོང་བ། ད་དུང་ཇ་འཐུང་བའི་མྱོང་བ་དང་དགའ་སྣང་སོགས་སྲོལ་རྒྱུན་གྱི་གཏམ་བཤད་གྱིས་བརྗོད།
过去西藏不生产茶叶,但藏人喜欢喝茶。他们通常需要从别处购买大量的茶,茶变得很贵重, 因此,也就出现了茶之赞(话茶)。这里主要以传统的话茶法道出了茶的来源、茶的运输、喝茶的感觉及乐趣等。
- འོད་སྲུང་།ངས་ཇ་བཤད་རྒྱུ་ན།
- ཡ་་་ངའི་ལག་པ་གཡས་མའི་ནང་ཕྱོགས་ན།
- དཀར་ཡོལ་འབྲུ་བརྒྱ་ལྡང་སོ་ཡོད།
- ཁ་ན་འཁོར་ལོ་རྩིབས་བརྒྱད་ཡོད།
- ཞབས་ན་པདྨ་འདབས་བརྒྱད་ཡོད།
- རྐེད་ན་བཀྲ་ཤིས་རྟགས་བརྒྱད་ཡོད།
- ནང་ན་རྒྱ་ཇ་དམར་པོ་ཡོད།
- ཇ་འདིའི་བསྟོད་པ་རྣམ་གསུམ་བཤད་ན།
- འབུད་ས་མི་དམའ་འབུད་ས་མཐོ།
- འབུ་ས་རྒྱ་གར་ཡུལ་ནས་བུད།
- ད་དེ་ཤིང་དཀར་ཇ་ཡིན་ཟེར་བ།
- ཤིང་དཀར་ཤ་བོ་ར་ཇ་ཡིན་ཟེར།
- ད་དེ་ཤིང་ནག་ཇ་ཡིན་ཟེར་བ།
- ཤིང་ལོ་འོ་ལོ་བསུ་ཇ་ཡིན་ཟེར་བ།
- དཔྱིད་ཟླ་གསུམ་ལ་འདེབས་རིམ་ཡག་གི
- དབྱར་ཟླ་གསུམ་ལ་སྐྱེས་རིམ་ཡག་གི
- སྟོན་ཟླ་གསུམ་ལ་འདྲེག་རིམ་ཡག་གི
- རྒྱ་མོ་ར་ཅོག་ཅན་གྱི་འདྲེག་རིམ་ཡག་གི
- རྒྱ་བཞིས་ཞྭ་རིས་ཅན་གྱི་ཁུར་སྲོལ་ཡག་གི
- ཇ་ལྡུག་ལྷ་མ་ལྷོད་ཀྱིས་བསྡམ་སྲོལ་ཡག་གི
- ཇ་སྒམ་གྲུ་བཞི་ནང་གི་འཇོག་སྲོལ་ཡག་གི
- ཇ་འགོ་མ་བླངས་ནས་སྟོད་ལ་ཁྱེར་གི
- སྟོད་རྒྱ་གར་རྒྱལ་པོས་གསེར་ཐེའུ་བརྒྱབ་པ།
- ཇ་བར་མ་བླངས་ནས་རྒྱ་ལ་ཁྱེར་གི
- རྒྱ་ནག་རྒྱལ་པོས་སྨུག་ཐེའུ་བརྒྱབ་པ།
- ཇ་གཞུག་མ་བླངས་ནས་བོད་ལ་ཁྱེར་བ།
- གུ་རྒྱལ་བོད་ཀྱི་གཉེན་ཇ་བྱས་ཏེ།
- གཉེན་ཇ་ཟེར་བ་དེ་ནས་དར་བ།
- གཉེན་ཚང་ཁྱེད་ཀྱི་ཨ་ཅེ་གསེར་མོ་མཚོ་ཟེར་བ།
- གསེར་ཐག་ཕྲ་མོ་རྐེད་ལ་གོན་ནས།
- གསེར་བཟོ་རྒྱབ་ལ་ཏོག་སེ་བླངས་ནས།
- ཕར་ལ་འཁོར་ནས་འདར་མ་འདུར་ར་རྒྱུགས་པ།
- ཆུ་བཙལ་དུ་བཙལ་དུ་ནགས་ལ་སོང་།
- ནགས་ནས་མ་རྙེད་རྫ་ལ་སོང་།
- རྫ་ཡི་རྫ་ཆུ་བསིལ་མ་རྙེད་ནས།
- ཆུ་ཁ་ནས་མ་བཅུ་གཡའ་དྲི་བྲོ།
- ཞབས་ནས་མ་བཅུ་འདམ་དྲི་བྲོ།
- བར་གྱི་རྫ་ཆུ་བསིལ་མ་བཅུས།
- གསེར་ཐོམ་ནང་དུ་ཏོག་སེ་བླངས།
- གསེར་བཟོ་ནང་དུ་ཤགས་སེ་བླུགས།
- གསེར་ཐག་ཕྲ་མོ་སྐེད་ལ་གོན།
- རྐེད་པ་གཡང་དྲུང་དཀྱིལ་ལ་བླངས།
- ཚུར་འཁོར་ནས་ཁ་མ་འཁོར་ནས་ཡོང་།
- ཡ་་་ཐམ་ཀ་སུམ་ཐོག་ཟེར་བའི་ཁྲི་ཞིག་ཡོད་གི
- ཐམ་ཀ་སུམ་ཐོག་ཟེར་བའི་ཁྲི་ཐོག་ན།
- མཁར་བཟང་ཁ་ལེབ་ཅན་གྱི་རྒྱན་ཞིག་ཡོད་གི
- མཁར་བཟང་ཁ་ལེབ་ཅན་གྱི་རྒྱན་ནང་ན།
- སྔོན་མོ་འཁྱིལ་བ་ཟེར་ནས་ཆུ་ཞིག་ལྡུག་གི
- ཆུ་མ་མང་ལ་མ་ཉུང་ཟོ་གསུམ་ལྡུག་གི
- ཉུང་གི་ཟེར་ནས་ཐོམ་གསུམ་སྣོན་གི
- ཇ་མ་མང་ལ་མ་ཉུང་སྡེར་གསུམ་འདེབས་ཀི
- ཉུང་གི་ཟེར་ནས་སྤར་གསུམ་སྣོན་གི
- མེ་བུས་ཟིག་བུས་ཟིག་ཟེར་ནས།
- ཤུག་པ་ལྷ་ཤིང་ཡིན་པས་གཤེག་ན་འབར་གི
- ཨོང་བ་ལྷ་རིག་ཡིན་པས་སྒོང་ན་འབར་གི
- དྲ་མ་དགྲ་བོ་ཡིན་པས་མནན་ན་འབར་གི
- རིལ་མ་ཐེའུ་རིང་ཡིན་པས་གཏོར་ན་འབར་གི
- སྦལ་བ་ཕོ་རོག་གྲགས་གྲགས་བྱེད་གི
- མི་ལྕེ་སྟག་ཕྲུག་མཆོང་མཆོང་བྱེད་གི
- ཇ་ཁོལ་ཟིག་ཁོལ་ཟིག་ཟེར་དུས་ན།
- ཇ་ལུང་སྨུག་ལུང་འཐིབ་འཐིབ་བྱེད་གི
- ཇ་ལྦུ་སེར་བ་འབབ་འབབ་བྱེད་གི
- ཇ་ལོ་ཚོ་ལོ་ལྡིར་ལྡིར་བྱེད་གི
- ཇ་ཞག་མར་ཁུ་འཁྱིལ་འཁྱིལ་བྱེད་གི
- ཁ་ནས་ཇ་ལོ་གཡང་རྒྱ་གྲགས་གི
- ཞབས་ལ་ཇ་ལོ་ཟིལ་རྒྱ་འབབ་གི
- ཁྱེད་ཀྱི་ཨ་ཅེ་གསེར་མོ་མཚོ།
- དགུང་སྔོན་གནམ་ལ་ལན་གསུམ་མཆོད།
- ཇ་འགོ་མ་བླངས་ནས་སྟོད་ལ་ཁྱེར་ཟིག
- སྟོད་དབུས་གཙང་བླ་མའི་མདུན་ན་འཇོག་གི
- ཇ་བར་མ་བླངས་ནས་རྒྱ་ལ་ཁྱེར་ཟིག
- རྒྱ་ནག་རྒྱལ་པོའི་དེམ་ཇ་ཡིན་ཟིག
- ཇ་གཞུག་མ་བླངས་ནས་བོད་ལ་ཁྱེར་ཟིག
- གུ་རྒྱལ་བོད་ཀྱི་གཉེན་ཇ་ཡིན་ཟིག
- གཉེན་ཇ་ཟེར་བ་དེ་ནས་དར་ཟིག
- ཨ་ཅེ་གསེར་མོ་མཚོ་ཡིས།
- དཀར་ཡོལ་འབྲུག་མའི་ནང་ལ་རྒྱ་ཇ་དམར་པོ་འདྲེན་གི
- ཨ་ཞང་རྣམ་པ་ཚོས།
- ཕར་ལ་ཧུབ་གསུམ་བཏབ་དུས་ན།
- ཆུ་ཆེན་གྱི་གཉེར་མ་གཤིག་འདྲ་ཡིན་ཟེར་གི
- ཚུར་ལ་ཧུབ་གསུམ་བླངས་དུས་ན།
- ཝ་དམར་པོ་ཁུང་ལ་འཛུབ་འདྲ་ཡིན་ཟེར་གི
- ཨ་ཞང་རྣམ་པ་ཚོས།
- ཐུགས་དལ་ཞིང་སྐུ་ལྷོད་པོ་བྱས་ནས་བཞེས་ཟེར།