05 Aug 2019
9 min 11 sec
Audio Overview
Creators:
Tashi Gyel
འདིར་གཅན་ཚ་ས་ཆར་གཉེན་ཞིག་སློང་ན་ཅི་ལྟར་སློང་བ་རགས་ཙམ་བཤད་ཡོད།
简要介绍了尖扎地区传统的求婚方式。
This is a brief introduction to traditional marriage proposals in Chentsa.
གཅན་ཚ་ས་ཆ་རུ་བུ་མོ་ཞིག་མནའ་མར་སློང་དུ་འགྲོ་ན་སུ་ཞིག་འགྲོ་བ་དང་ཅི་ལྟར་འགྲོ་བ། བུ་མོའི་ཁྱིམ་དུ་ཐོན་རྗེས་སྐད་ཆ་ཅི་ལྟར་བཤད་ནས་གཉེན་སློང་བའི་སྲོལ་རྒྱུན་དེ་བཤད་ཡོད། ད་ལྟ་བུ་དང་བུ་མོ་རྣམས་ཀྱིས་རང་རང་གིས་བཟའ་ཚང་བཙལ་ནས་གཉེན་སྒྲིག་བཞིན་ཡོད་པས། སྲོལ་རྒྱུན་གྱི་གཉེན་སློང་ཚུལ་འདི་བཟའ་ཚང་རེ་རེར་བཀོལ་སྤྱོད་བྱེད་བཞིན་མེད་མོད། འོན་ཀྱང་ད་ལྟའང་ལ་ལས་སྲོལ་རྒྱུན་ལྟར་གཉེན་སློང་བཞིན་ཡོད།
在尖扎地区,到女方家里求婚时,一般是谁去?怎么去?以及到达女方家里后,如何求婚等传统习俗。如今,年轻的男女都是自由恋爱成家。因此,传统的求婚方式不再适用于每个家庭。然而,目前还是有那么一些人仍然更愿意选择传统的求婚方式。
- འོད་སྲུང་།ང་བར་བ་བཀྲ་ཤིས་དོན་འགྲུབ་སློང་དུ་འགྲོ་དགོས་པ་རེད།
- སློང་དུ་སོང་ན།
- རྟ་དཀར་པོ་ཁ་ལོ་མེད་པ་ཞིག་ཁྱེར་ནས།
- གོས་དཀར་པོ་ཁ་རྟེའུ་ཡོད་པ་ཞིག་ཁྱེར་ནས།
- གོས་དཀར་པོ་འདོམ་པ་བཅོ་བརྒྱད་ཁྱེར་ཏེ།
- གསེར་གྱི་དེ་ཕོ་ཞིག་ཁྱེར་ཏེ།
- དངུལ་གྱི་དེ་མོ་ཞིག་ཁྱེར་ཏེ།
- ཨ་ཞང་བསོད་ནམས་རིན་ཆེན་གྱི་མདུན་ལ་སོང་ནས།
- གསེར་གྱི་ཡར་བཞག་མགོར་འཁུར་ནས།
- དངུལ་གྱི་མར་བཞག་རྡོག་པས་མནན་དུས།
- གོམ་གསུམ་སྤོས་ན་ཉྭ་འདར་བ་ཞིག་དང་།
- ཚིག་གསུམ་བཤད་ན་སྐད་འདར་བ་ཞིག
- འདིའི་སྟེང་ནས།
- དཔོན་པོ་བསོད་ནམས་རིན་ཆེན་གྱི་མདུན་ལ།
- སློང་རྟེན་འདི་ལྟར་བཞག་ཟེར།
- དེ་ཡང་བསྐྱར་བཤད་པ་ཡིན།
- རྟ་དཀར་པོ་གོམ་པ་མེད་པ་ཞིག་ཡོད།
- གོས་དཀར་པོ་ཁ་རྟེའུ་ཡོད་པ་ཞིག་ཡོད།
- འདིའི་སྟེང་ནས།
- གོས་དཀར་པོ་འདོམ་པ་བཅོ་བརྒྱད་ཀྱི་སྟེང་ལ།
- གསེར་གྱི་དེ་ཕོ་ཞིག་ཡོད།
- དངུལ་གྱི་དེ་མོ་ཞིག་ཡོད།
- འདི་བཞག་ནས་ཨ་ཞང་བསོད་ནམས་རིན་ཆེན་ལ།
- ཁྱོད་ཀྱི་བུ་མོ་དེ་སྟོད་ཀྱི་བླ་མ་ལུང་བསྟན་ཞུས་ཡོད།
- སྨད་ཀྱི་རྒྱ་ནག་ཆུ་རྩིས་དེད་ཡོད་པ།
- ཨ་ཁུ་རྣམ་པས་གྲོས་བྱས་ཡོད་པ།
- འདིའི་སྟེང་ནས་ཁོར་སྟེར་དགོས་པའི་རྒྱུ་མཚན་བཤད།
- དེ་ལྟར་བཤད་ན་དཔོན་པོ་བསོད་ནམས་རིན་ཆེན་གྱིས།
- དེ་རིང་ནམ་གྱི་ལངས་ཚུལ་ཡག
- དེ་རིང་བྱ་ཡི་གྲགས་ཚུལ་ཡག
- དེ་རིང་ཉི་རྩེ་ཤར་ཚུལ་ཡག
- དེ་རིང་མགྲོན་པོ་ཡོང་ཚུལ་ཡག
- འདིའི་སྟེང་ནས་ཁོས་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་།
- བློ་རྩེ་ཉི་ཤུ་རྩ་ལྔ་བཀོལ་ནས།
- ང་ཚོས་ཁ་བརྡ་བྱེད་ཟེར།
- གོང་གི་དེ་ཡང་བསྐྱར་བཤད།
- ནམ་མཁའི་མཐོང་གི་བྱ་རྒྱལ་ཁྱུང་གི་སྒོ་ང་འདྲ་བ་ཞིག
- ཁོའི་བུ་མོ་གཡུ་འབྲུག་སྔོན་མོའི་གཡུ་སྒོང་འདྲ་བ་ཞིག
- དེའི་འཕྲོ་ནས་སྟོད་སེང་གེ་དཀར་མོའི་དུང་སྒོང་འདྲ་བ་ཞིག
- དེ་ནས་གང་ལྟར་ཀྱང་།
- བྱ་འཁོར་ཕྱོགས་དང་སྒྲོ་ལྷུང་ཕྱོགས།
- དེ་རིང་རྟེན་འབྲེལ་གྱི་ཐོག་མ།
- བྱ་བ་ཡི་མགོ་མ།
- དེ་རིང་རྟེན་འབྲེལ་འགྲིག་པ་རེད།
- འདིའི་སྟེང་ནས་ཁོའི་བུ་མོ་སྟེར་ཟེར།
- སྟོད་མངའ་རིས་སྐོར་གསུམ་ནས་ཡོང་ན།
- མཛོ་བརྒྱ་ཡི་རྗེས་སུ་འབྲི་བརྒྱ་དེད་ནས་ཡོང་ན།
- ཁོས་འདི་ལྟར་མ་བྱིན།
- དེའི་འཕྲོ་ནས་སྟོད་དབུས་གཙང་རུ་བཞི་ནས་ཡོང་ན།
- བཀའ་འགྱུར་བསྟན་འགྱུར་སྔོན་ན་བརྩིགས་ན།
- ཁོས་བུ་མོ་འདི་ལྟར་མ་བྱིན།
- དེའི་འཕྲོ་ནས་སྨད་མདོ་ཁམས་སྒང་དྲུག་ནས་ཡོང་ན།
- ཡང་དེ་རེད།
- གྲོ་ནས་སྲན་གསུམ་གྱི་རི་བོ་ཆེན་པ་སྤུངས་ན།
- ཁོས་འདི་ལྟར་མ་བྱིན།
- གང་ལྟར་ཀྱང་ཁྱེད་ཚང་ལ་དེ་རིང་གི་ཉི་མ་འདི་ལ།
- ཁྱེད་ཚང་གི་ཡོང་ཚུལ་དང་བཤད་ཚུལ་ཚང་མ་ཡག་གི
- རྟེན་འབྲེལ་ཡག་པོ་འགྲིག་གི
- ངས་ཁྱེད་ཚང་ལ་བྱིན་པ་ཡིན་ཟེར་ནས་བྱིན་པ་རེད།
- བྱིན་པས་ཁོང་ཚང་གི་གོང་ནས་བཤད་པ་ལྟར།
- བུ་མོ་ཕ་མས་བྱིན་ནའང་།
- རིན་ཐང་ཨ་ཁུས་གཅོད་དགོས།
- ཕ་ངོ་གྱེན་གྱེན་དང་མ་ངོ་ཐུར་ཐུར་ཟེར་བ་འདིའི་སྟེང་ནས།
- དཔོན་པོ་རིན་ཆེན་བསོད་ནམས་ལ་འགན་ཁུར་ཡོད་པ་མ་རེད།
- ཨ་ཁུ་རྣམས་ཀྱིས་གོང་གཅོད་པ་རེད།
- གོང་བཅད་ན།
- ཨ་ཁུ་མགྲོན་གྲལ་ལ་བསྒྲིགས་ནས།
- གྲལ་སྒང་རིང་མོ་དང་གོས་ཤིང་ཕྲ་མོ།
- དེའི་སྟེང་འདི་ནས་ཨ་ཁུ་རྣམས་ཀྱིས།
- བུ་མོ་འདི་རིན་མཛོད་གོང་མཛོད་ཀྱི་སྟེང་ནས་འདི་ལྟར་གཅོད་པ་རེད།
- མ་སྲུ་སྐྱེས་མ་རྣམས་ཀྱིས།
- རྒྱན་ཆའི་སྟེང་ནས།
- གཡུ་བྱུ་རུ་མུ་མེན་མུ་ཏིག
- གོས་གསར་གོས་ལྭ་ལ་གཅོད་པ་རེད།
- འདིར་གཅོད་དགོས་ན།
- གྲལ་མགོ་ཡི་ཨ་ཁུ་མ་རབས་ཅན་ཞིག་གིས་བཤད་དགོས།
- བཤད་དགོས་ན་འདི་ཅི་རེད་ཟེར་ན།
- ཁོའི་བུ་མོ་འདི་ལ་རིན་མཛོད་གོང་མཛོད་ཀྱི་སྟེང་ནས།
- རི་མགོ་ཡི་རྟ་ལ་གཅོད།
- རྟ་གྱོ་རིག་དང་སྔོ་རིག
- ཤོག་བཞི་ལ་བཤིག་ཤ།
- རྟའུ་སོ་མཐའ་ན་ཡོད་པ།
- འདི་འདྲའི་རྟ་ཁ་ཞབས་ཆེ་བ།
- རྟ་སྟོང་ཁྲག་གཅིག་དང་ལྔ་བརྒྱ་དགོས།
- དེའི་འཕྲོ་ནས་རི་སྐེད་ཀྱ་མཛོ་ལ་གཅོད་དགོས།
- མཛོ་ལ་བཅད་ན་མཛོ་ཁྲ་ཁྲ་དང་དམར་དམར།
- ཁུ་དབང་དང་སོ་དྲུག
- བེའུ་རྭ་རྩེ་ན་ཡོད་པ།
- འདི་འདྲའི་མཛོ་སྣ་རིས་ལ་བཅུག་ནས་བསྡད་དེ།
- མཛོ་སྟོང་ཁྲག་གཅིག་དང་ལྔ་བརྒྱ་དགོས།
- དེའི་འཕྲོ་ནས་རི་འདབས་ཀྱི་གཡང་འབྲི་འབྲི་མོ་ཁ་སྐྱབས།
- བེའུ་རྭ་རྩེ་ན་ཡོད་པ།
- རྒྱ་རྒྱ་དང་རོག་རོག
- འདི་འདྲའི་འབྲི་མོ་སྟོང་ཁྲག་གཅིག་དང་ལྔ་བརྒྱ་དགོས།
- དེའི་འཕྲོ་ནས་གླང་ཆེན་ས་ལ་རབ་བརྟན་ལ།
- གླང་ཆེན་ས་ལ་རབ་བརྟན་ནི།
- གླང་མོ་ཆེ་རེད།
- གླང་ཆེན་ས་ལ་རབ་བརྟན་ནི།
- རིན་པོ་ཆེའི་སྣ་ཚོགས་ཀྱི་རྒྱན་ཆ་འཕངས་ནས།
- དེའི་སྟེང་ཏུ་གེ་རྒྱལ་པདྨ་སྟོང་ལྡན།
- འདོམ་པ་དགུ་བརྒྱ་འཕངས་ཏེ།
- འདིའི་སྟེང་ནས་བལྟས་ན་རིག་པ་ཞིག་དང་།
- རྩིས་ནས་ཚང་བ་འདིའི་སྟེང་ནས་དགོས་ཟེར།
- དེའི་འཕྲོ་ནས་དེང་མ་ང་ཚོས་བཤད་པ་ལྟར།
- བསམ་བརྟན་གྱི་བོང་བུ་དང་སྟོབས་ལྡན་གྱི་དབྱངས།
- དེ་འདྲ་མང་པོ་བཤད་པ་རེད།
- གང་ལྟར་ཀྱང་འདིའི་སྟེང་ནས་དེ་རེད།
- བསོད་ནམས་སྐྱིད།དེ་ཚོས་གྲོས་བྱས་ཚར་བ་ཡིན་ནམ།
- འོད་སྲུང་།ཨ་་་་་ཚར་ཡོད་པ་མ་རེད།
- འདི་བཤད་པ་རེད།
- གཡང་དཀར་ལུག་གི་མགྲོན།
- དེའི་འཕྲོ་ནས་དཀྱིལ་འཁོར་སྟེང་ན་ལྷ་ཚང་བ་ཞིག་དང་།
- པག་པའི་ཁུག་ན་ལྷུ་ཚང་བ་ཞིག་གི་སྟེང་ནས།
- བལྟས་ན་རིག་དགོས།
- བལྟས་ན་རིག་པ་ཞིག་དང་།
- བརྩིས་ན་ཚང་བ་ཞིག་གི་སྟེང་ནས་དགོས་ཟེར།
- བསོད་ནམས་སྐྱིད།ཨ་ཞང་ཚང་གིས་དེ་ལྟར་བཤད་པ་ཡིན་ནམ།
- འོད་སྲུང་།ཨ་ཞང་ཚང་གིས་དེ་ལྟར་སྤྱི་སྡོམ་བྱས་པ་ཡིན།
- ད་ལྟ་མ་སྲུ་ཚང་གིས་བཤད་རྒྱུ་རེད།
- མ་སྲུ་ཚང་གིས་བཤད་ན་འདི་རེད།
- གཡུ་བྱུ་རུ་མུ་མེན་མུ་ཏིག
- རིན་པོ་རེ་སྣ་ཚོགས་ཀྱི་རྒྱན་ཆ།
- བཟོ་བ་བཟོ་མ་གཙུག་ནས་བུ་མོ་ནོར་འཛིན་མ།
- ཀླུའི་རྒྱལ་བོ་གཙུག་ལ་རིན་ཆེན་གྱི་བུ་མོ།
- གཙུག་ནས་བུ་མོ་ནོར་འཛིན་མ་རེད།
- དེ་ཡིས་མ་གཏོགས་རྒྱན་ཆ་བཟོ་མི་ཤེས་པ་ལོས་ཡིན།
- ཀླུ་ཡི་ཁམས་ནས་བཟོས་ཏེ་མི་ཡུལ་ཁམས་ལ་གདན་འདྲེན་པ་ཡིན།
- རྒྱན་ཆ་དང་པོ་དེ་རེད།
- དེའི་འཕྲོ་ནས་ཨ་ནེ་གོང་མ་རྒྱལ་མོ་ཡི་བཟོ་བ་ཟེར་བ།
- ལྷ་ཡུལ་ཁམས་ཀྱི་བཟོ་བ།
- བཟོ་བ་ཀོང་ཇོ་རྒྱལ་པོ།
- འདི་ནང་མ་དུང་དཀར་ཚ་རུ་ཨ་འཇམ།
- ཕྱི་མ་རྒྱལ་སྲས་ས་འོག
- གདུ་མགོ་དགུ་བཅུ་གོ་དགུ།
- གདུ་མགོ་རེ་ལ་ཨ་ལུང་།
- ཨ་ལུང་རེ་ལ་བརྒྱ་ལུང་།
- བརྒྱ་ལུང་རེ་ལ་དབར་ཁ།
- འདིའི་སྟེང་འདི་ནས་བཟོ་བ་ཀོང་ཇོ་རྒྱལ་པོས།
- འདི་ལྟར་གཅོད་དགོས་པ་རེད།
- བཟོ་ཆེན་རེ་ལ་རྟ་རེ།
- ཁབ་རྐུད་རེ་ལ་ལུག་རེ།
- འདིའི་སྟེང་འདི་ནས་འདི་འདྲ་ཞིག་རེད།
- དེའི་འཕྲོ་ནས་གེ་སར་གོས་ལྭ་སྟེང་འོག་བཅོ་བརྒྱད།
- དེའི་རྗེས་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ཆ།
- སྣ་རྒྱན་དང་སྐེ་རྒྱན་བྲང་རྒྱན་དང་དཀར་ཡོལ།
- བཞོ་བཟུང་དང་གློ་གཟེབ།
- བུ་ལྭ་ཧ་རིས་ཀྱི་ལྷམ་དང་བཅས་པ།
- ཁ་ཚང་ཆ་ཚང་དགོས་པ་རེད།
- དེ་ནས་མགོ་བཤད་རྒྱུ་རེད།
- སྐྲ་གཡས་སྐྲ་ཤད་པར་གསེར་སོ།
- གསེར་གྱི་སོ་མང་ཆ་ལྡན།
- གཡོན་སྐྲ་ཤད་པར་དངུལ་སོ།
- དངུལ་གྱི་སོ་མང་ཆ་ལྡན།
- གཞུག་སྐྲ་ཤད་པར་དུང་སོ།
- དུང་གི་སོ་མང་ཆ་ལྡན།
- འདི་བཤད་པ་རེད།
- དེ་ཡིན་ན་སྤྱི་གཙུག་མི་ཕུར་སྐྲ་ནོན།
- མགོ་ཡི་སྐྲ་ནོན།
- བསོད་ནམས་སྐྱིད།མགོ་ཡི་སྐྲ་པིང་བཤད་པ་རེད་ལ།
- འོད་སྲུང་།སྐྲ་པིང་བཤད་པ་རེད།
- སྤྱི་གཙུག་མི་ཕུར་གོང་ནོན་ལ།
- གསེར་བ་ཏྲ་གླིང་ཆེན་འགྱིངས་འདྲ།
- གཡས་སྐྲ་མི་ཕུར་གོང་ནོན་ལ།
- གསེར་གྱི་ལེའུ་ཆ་གདུ།
- གཡང་སྐྲ་མི་ཕུར་གོང་ནོན་ལ།
- བྱུ་རུ་ཤྭ་བ་ར་ཅོ།
- འདི་ཚོ་སྐྲ་པིང་ཡིན།
- འདི་དགོས་ཟེར།
- དེ་ཡིན་ན་ཁོང་གི་བག་མ་མ་ཞང་སྒྲོལ་མའི་སྐུ་འདྲ་བོ།
- མགོ་ལྷ་རིས་སྤུགས་ན་སིལ་སྒྲ་གྲགས་པ་ཞིག
- སིལ་ཐེན་སྐེ་བརྒྱབ་ན་ཞོ་སྒྲ་གྲགས།
- འདི་འདྲའི་རྒྱན་ཆ་སྣ་ཚོགས་དགོས།
- བལྟས་ན་རིག་དགོས་བརྩིས་ན་ཚང་དགོས།
- དེ་ལྟར་བཤད་པ་རེད།
- བུ་མོ་དེའི་གོང་གཅོད་འདྲ་བོ་དེ་རེད།
- བུ་མོ་དེའི་གོང་གཅོད་འདྲ་བོ་བཤད་པ་རེད།
- དེ་ནས་སྐྱེལ་བ་དང་དེ་དག་རེད།