17 Mar 2016
1 min 42 sec
- ཁས་མདའ་སྟོང་འདྲ་བོའི་ཕ་རོལ།
- རོགས་མདའ་ལྕིག་འདྲ་བོ་བུད་ཐ་གོ་རོགས།
- ཁས་མདའ་སྟོང་འདྲ་བོ་མི་ཤེས་ད།
- རོགས་མདའ་སྨྱུག་འདྲ་བོ་སྙིང་རེ་རྗེ་རོགས།
- ཐང་མེ་ལོང་འདྲ་བོའི་ཕ་རོལ།
- རོགས་མེ་ཏོག་འདྲ་བོ་བུད་ཐ་རོགས།
- ཐང་མེ་ལོང་འདྲ་བོ་མི་ཤེས་ད།
- རོགས་མེ་ཏོག་འདྲ་བོ་སྙིང་མ་རྗེ་རོགས།
- སྦྲ་ལྷ་ཁང་འདྲ་བོའི་ནང་ལ།
- རོགས་ལྷ་སྐུ་འདྲ་བོ་བུད་ཐ་རོགས།
- སྦྲ་ལྷ་ཁང་འདྲ་བོ་མི་ཤེས་ད།
- རོགས་ལྷ་སྐུ་འདྲ་བོ་སྙིང་མ་རྗེ་རོགས།