09 Oct 2014
2 min 58 sec
- ཡེ།
- འདིའི་དོ་མགོ་གན་ན་ལྷ་ཞིག་ཡོད།
- འ་རོ་འདིའི་དོ་སྐེད་གན་ན་སྐུ་ཞིག་ཡོད།
- འདི་ལྷ་སྐུ་གཉིས་ཀ་འཛོམས་ས་ན།
- ཡང་བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག།
- ཡེ།
- འདིའི་ཐབ་མགོ་གན་ན་ཇ་ཞིག་ཡོད།
- འ་རོ་འདིའི་ཐབ་རྩ་འདི་ན་ཆང་ཞིག་ཡོད།
- འདིའི་ཇ་ཆང་གཉིས་ཀ་འཛོམས་ས་ན།
- འ་རོ་ངས་བདེ་སྐྱིད་འཛོམས་པའི་གླུ་ཞིག་ལེན།
- ཡེ།
- འདིའི་ཀོ་ཁ་གན་ན་བུ་ཞིག་ཡོད།
- འ་རོ་འདིའི་སྒོ་ཁ་གན་ན་རྟ་ཞིག་ཡོད།
- འོ་འདིའི་བུ་རྟ་གཉིས་ཀ་འཛོམས་ས་ན།
- ངས་བདེ་སྐྱིད་འཛོམས་པའི་བཀྲ་ཤིས་འཇོག