Skip to main content Skip to search
18 Mar 2016
1 min 29 sec
Audio Overview
Creators: 
Unknown

སློབ་གསོའི་སྐོར།

Transcript search
No results found for this search
0 of 0
  • ཤྭ་ཕོ་ཆེན་དུང་གི་རྭ་ཅན།།རྭ་ཆ་བརྒྱད་ཁྱོད་ལ་མཛེས་རུང་།།
  • ཁྱོས་སེམས་པ་རྩྭ་ལ་མ་འཁོར།།དགྲ་རྨོན་པ་ནམ་ཐོན་མི་ཤེས།།
  • མགོའི་རྭ་ཅོ་སྲོག་གི་གཤེད་མ།།ཤྭ་ལས་ངན་དུད་འགྲོ་སྙིང་རྗེ།།
  • རྫ་ན་ཆུ་གཉིས་ཀྱི་མཚམས་ན།།རྒོ་རྒས་དཀར་གཡུ་ལོ་འདྲ་མོ།།
  • ཁྱོས་སེམས་པ་ཆུ་ལ་མ་འཁོར།།དགྲ་རྨོན་པ་ནམ་ཐོན་མི་ཤེས།།
  • ཤ་ཁྲ་རྒོད་སྲོག་གི་གཤེད་མ།།རྒོ་ལས་ངན་དུད་འགྲོ་སྙིང་རྗེ།།
  • སྤང་ནགས་རི་གཉིས་ཀྱི་མཚམས་ན།།སྟག་དམར་ཡག་འཛུམ་དྲུག་ཅན་པོ།།
  • ཁྱོས་སེམས་པ་རྩལ་ལ་མ་གཡེང་།།དགྲ་རྨོན་པ་ནམ་ཐོན་མི་ཤེས།།
  • ལྤགས་གོང་ཆེན་སྲོག་གི་གཤེད་མ།།སྟག་ལས་ངན་དུད་འགྲོ་སྙིང་རྗེ།།
  • ལྤགས་གོང་ཆེན་སྲོག་གི་གཤེད་མ།།སྟག་ལས་ངན་དུད་འགྲོ་སྙིང་རྗེ།།