05 Aug 2019
29 min 27 sec
Audio Overview
Creators:
Tashi Gyel
བློ་ཁ་ཆོས་ལ་སྐུལ་བྱེད་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན།
这是一种鼓励人们信教的宗教仪式
This is a religious song which encourages people to practice their own religion.
མགུར་མ་ཟེར་བ་འདི་སེམས་སྐྱོ་ཤས་ལྡན་པའི་ངང་འཇིག་རྟེན་འཁོར་བར་ཞེན་པ་ལོག་སྟེ། དམ་པའི་ཆོས་དབྱིངས་གདུང་སེམས་ཀྱི་དབྱངས་སུ་གྱེར་ཏེ་ངེས་འབྱུང་གི་སེམས་བསྐྱེད་བྱེད་ཀྱི་དབྱངས་རྟ་ལ་ཟེར་ཞིང་། དེའི་ནང་དུ་འཇིག་རྟེན་འཁོར་བའི་ཉེས་དམིགས་ཐར་འདོན་དང་། སྐྱེ་བ་སྔ་ཕྱིའི་ངོ་བོ། བློ་ཁ་ཆོས་ལ་སྐུལ་བྱེད་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན། དཔེར་ན་ཞབགས་དཀར་མགུར་མ་དང་། མི་ལ་རས་པའི་མགུར་མ་ལྟ་བུའོ།
偈诵是以一种较为悲伤的情调表达对现世轮回厌恶的佛教音乐。换言之,它就是将佛法内容以悲伤的情调唱出并发出离心的音乐。偈诵的内容主要揭示了世间生活的罪孽,指出前世今生的本质并鼓励人们信仰佛法。比如,夏噶偈诵、米拉热巴偈诵等。
- འོད་སྲུང་།དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- བློ་མིག་མ་རིག་གིས་ལྡོངས་འགྲོ་བ་ཀུན།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- རྣམ་འདྲེན་རྒྱལ་བའི་དབང་པོར་བདག་གྱུར་ཅིག
- ཨོཾ་མ་ཎི་པདྨེ་ཧཱུཾ།
- དེར་མ་སོན་པའི་ཚེ་རབས་ཀུན་ཏུ་ཡང་།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- འཇམ་པའི་དབྱངས་ཀྱིས་བརྩེ་བས་རྗེས་བཟུང་སྟེ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་མཆོག
- ཨོཾ་མ་ཎི་པདྨེ་ཧཱུཾ།
- རྙེད་ནས་སྒྲུབ་པས་རྒྱལ་རྣམས་མཉེས་བྱེད་ཤོག
- ཨོཾ་མ་ཎི་པདྨེ་ཧཱུཾ།
- རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག
- ཨོཾ་མ་ཎི་པདྨེ་ཧཱུཾ།
- གཉིས་སྐོལ་བྱེད་རྒྱུ་ཡིན།
- བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།
- ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།
- ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས།
- ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང་།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང་།
- རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ལམ་བཟང་བསྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང་།
- འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི།
- རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས།
- ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང་།
- བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ།
- མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།
- ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ་ལོ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཟླ་མེད་སྟོན་པ་དེ་ཡི་སྲས་ཀྱི་མཆོག
- རྒྱལ་བའི་མཛད་པ་ཀུན་གྱི་ཁུར་བསྣམས་ནས།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- གྲངས་མེད་ཞིང་དུ་སྤྲུལ་པས་རྣམ་རོལ་བ།
- མི་ཕམ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ།
- ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན།
- ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི།
- ཟབ་མོའི་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པའི།
- གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག
- སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- བརྩེ་བའི་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས།
- གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན།
- སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ།
- ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན།
- གདམས་པ་རིན་ཆེན་དབང་གི་རྒྱལ་བོ་སྟེ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར།
- དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་།
- གསུང་རབ་མ་ལུས་གདམས་པར་འཆར་བ་དང་།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་།
- ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང་།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི།
- སྐལ་ལྡན་དུ་མས་བསྟེན་པའི་གདམས་པ་མཆོག
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས།
- ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- གསུང་རབ་ཀུན་གྱི་སྙིང་བོ་བསྡུ་བསྡུ་བ།
- ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང་།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་སོགས།
- རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི།
- རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས།
- བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར།
- བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས།
- ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག
- འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- དེ་མཐོང་བའི་སྨོན་ལམ་བླ་མ་དྲན།
- དྲན་བསམ་ཤིང་བསམ་ཤིང་དད་པ་སྐྱེས།
- ཨོཾ་མ་ཎི་པདྨེ་ཧཱུཾ།
- ཨོཾ་མ་ཎི་པདྨེ་ཧཱུཾ།