Skip to main content Skip to search
14 Feb 2017
5 min 7 sec
Audio Overview
Creators: 
Yeshi Wangchuk, Penchela, Karma

The song Sharchog Gyelpoi Lingla is a Boedra song sang by Kezang Dolma from Paro Dzongkhag. It is a description of a flower but the name of flower is not mentioned in the lyrics. The flower was born from eastern region with bright color. Although the song was sang melodious tune but the lyrics are not clear. In another version of the same song, it describe the brightness, name of flower etc. 

སྤ་རོ་རྫོང་ཁག་ལས་ སྐལ་བཟང་སྒྲོལ་མ་གིས་འཐེན་མི་ ཤར་ཕྱོགས་རྒྱལ་པོའི་གླིང་ལ་ཟེར་མི་ བོད་སྒྲའི་གླུ་གཞས་འདི་ནང་ མེ་ཏོག་ཅིག་གི་་སྐོར་ལས་ བཤད་པ་རྐྱབ་ཨིན་རུང་ ཞབས་བྲོའི་ཚིག་ནང་ མེ་ཏོག་ག་ཅི་ཟེར་མི་འདི་ཨིན་ན་ མིང་གཏན་གཏན་ཅིག་མ་སླབ་པས། མ་གཞི་གླུ་གཞས་འདི་ གདངས་ཧན་ཏོང་ཏོ་སྦེ་འཐེན་རུང་ ཚིག་འདི་གནམ་མེད་ས་མེད་ཅིག་ གསལ་ཏོག་ཏོ་མེད་རུང་ འདི་དང་ཆ་འདྲ་བའི་གླུ་གཞས་གཞན་མི་ཅིག་ནང་ མེ་ཏོག་གི་མིང་དང་ བཀྱག་དྭགས་ཚུའི་སྐོར་ལས་ བཤད་པ་རྐྱབ་སྟེ་འདུག། 

Transcript search
No results found for this search
0 of 0
  • སྐལ་བཟང་སྒྲོལ་མ་
    ཤར་ལ་རྒྱལ་པོའི་གླིང་ནི་ལ་མཁའ་འགྲོའི་གླིང་། །ཤར་ལ་རྒྱལ་པོའི་གླིང་ནི་ལ་མེ་ཏོག་གླིང་ལ། །
  • སྐལ་བཟང་སྒྲོལ་མ་
    མེ་ཏོག་འདི་གི་མདངས་ནི་ལ་མཁའ་འགྲོའི་མདངས། །མེ་ཏོག་འདི་གི་མདངས་ནི་ལ་དཀར་པོའི་མདངས། །
  • སྐལ་བཟང་སྒྲོལ་མ་
    མེ་ཏོག་ཕྱི་ལ་སྟོན་ན་ལ་[སྟེ་ཤམ་?]ལ། །མེ་ཏོག་ནང་ལ་བཙུགས་ན་ལ་འབྲས་བུ་འཚོ། །
  • སྐལ་བཟང་སྒྲོལ་མ་
    མེ་ཏོག་འདི་གི་སྦྲང་ཆར་ལ་[ས་མར་གསོན། །?]ཞབས་ཁྲ་གཡུ་དྲུང་ལེགས་མོ་ལ་[མདའ་མ་འདི། །?]
  • སྐལ་བཟང་སྒྲོལ་མ་
    ལྷོ་ལ་རྒྱལ་པོའི་གླིང་ནི་ལ་མཁའ་འགྲོའི་གླིང་། །ལྷོ་ལ་རྒྱལ་པོའི་གླིང་ནི་ལ་མེ་ཏོག་གླིང་། །
  • སྐལ་བཟང་སྒྲོལ་མ་
    མེ་ཏོག་འདི་གི་མདངས་ནི་ལ་མཁའ་འགྲོའི་མདངས། །མེ་ཏོག་འདི་གི་མདངས་ནི་ལ་སེར་པོའི་མདངས། །
  • སྐལ་བཟང་སྒྲོལ་མ་
    མེ་ཏོག་ཕྱི་ལ་སྟོན་ན་ལ་[སྟེ་ཤམ་?]ལ། །མེ་ཏོག་ནང་ལ་བཙུགས་ན་ལ་འབྲས་བུ་འཚོ།། །།