18 Mar 2016
60 sec
- བན་ཆུང་ཆུང་ཆོས་གོས་ཆབ་རས་ཅན།
- ཁྱོས་སྔོན་ལ་མ་ལྟ་རྗེས་ན་ལྟོས།
- ཁྱོས་རྗེས་ཀྱི་ཤི་བོ་ཆོས་མེད་པོ།
- འདྲེན་ཐུབ་རྒྱུ་འུ་རེད་བན་ཆུང་ཚོ།
- སྨན་བུ་མོ་བྱུར་བུའི་ལ་ཐོད་ཅན།
- ཁྱོས་སྔོན་ལ་མ་ལྟ་རྗེས་ལ་ལྟོས།
- ཁྱོས་རྗེས་ཀྱི་ཕ་མ་སེམས་ཆུང་བོ།
- སྐྱུར་ཐུབ་རྒྱུ་འུ་རེད་བུ་ལོ་ཚོ།
- སྟག་ཤར་ལི་ཇག་ལ་འགྲོ་ནི་ཚོ།
- ཁྱོས་སྔོན་ལ་མ་ལྟ་རྗེས་ལ་ལྟོས།
- ཁྱོས་རྗེས་ཀྱི་དགྲ་བོ་ངོ་ནག་པོ།
- གདོང་འགོག་ནོ་འུ་རེད་སྟག་ཤར་ཚོ།