17 Mar 2016
60 sec
- རི་ནི་ཆུང་ཆུང་བུམ་པ་འདྲ་བོ།
- ཁྱེད་ནི་དེ་རིང་སྐོར་ཁོམ་མེད་གི
- ཧ་ནི་རྒྱབ་ནས་བསང་གསུམ་ཕུད་འགྲོ།
- སང་ནི་ནང་མོ་སྐོར་ནས་ཐོན་ཡོང་།
- ཆུ་ནི་ཆུང་ཆུང་བདུད་རྩི་འདྲ་བོ།
- ཁྱེད་ནི་དེ་རིང་བཅི་ལོང་མེད་གི
- མགོ་ནི་བསྒུར་ནས་མཆོད་གསུམ་འཕེན་འགྲོ
- སང་ནི་ནང་མོ་བཅི་ན་ཐོན་ཡོང་།
- རོགས་ནིི་ཆུང་ཆུང་ལྷ་སྐུ་འདྲ་བོ།
- ཁྱོད་ནི་དེ་རིང་རྩེད་ལོང་མེད་གི
- ཁ་ནི་བགད་ནས་ཚིག་གསུམ་བཤད་འགྲོ
- སང་ནི་ནང་མོ་རྩེད་ན་ཐོན་ཡོང་།