Audio Overview
བུ་མོ་ཞིག་གནས་ལ་སྐྱེལ་ཚུལ་དང་གཉེན་ཚང་ཚང་གིས་བསུ་མ་བྱེད་སྟངས་ལ་སྲོལ་རྒྱུན་ལྟར་ན་ཞིབ་ཆ་མང་པོ་ཤེས་རྒྱུ་ཡོད།
- འོད་སྲུང་།ད་ལྟ་བུ་མོ་ཚང་གཏམ་པ་རེད།
- བསོད་ནམས་སྐྱིད།གཏམ་རྗེས་ཉི་མ་དེར་བསྐྱལ་དགོས།
- འོད་སྲུང་།གཏམ་ཚར་རྗེས།
- བསོད་ནམས་སྐྱིད།ད་ལྟ་བག་མ་བསྐྱལ་དགོས།
- འོད་སྲུང་།ཨ་ཞང་ཚང་གིས་རྫོངས་པ་སྟེར་རྒྱུ་རེད།
- རྫོངས་པ་སྟེར་རྒྱུ་རེད།
- བུ་མོ་བསྐྱལ་དགོས།
- བུ་མོ་བྱིན་པ་རེད།
- བུ་མོ་བྱིན་བཏང་ན་བསྐྱལ་ཚུལ་དང་ལེན་ཚུལ་དགོས་པ་རེད།
- བསོད་ནམས་སྐྱིད།དེ་དགོས་པ་རེད།
- འོད་སྲུང་།བསྐྱེལ་ཚུལ་དང་ལེན་ཚུལ་དགོས་ན།
- བསོད་ནམས་སྐྱིད།བུ་མོ་སང་ཉིན་ཉི་མ་ནམ་ཞིག་ལ་བསྐྱལ་བ།
- མག་པ་ཚུར་རོལ་ལ་བུ་མོ་ལེན་དུ་ཡོང་བ།
- མག་རོགས་ཚོ་ཡོང་ཚུལ་དེ་ཡང་བཤད་དགོས་པ་རེད།
- འོད་སྲུང་།དེ་ཡིན་ན་ལེན་ཚུལ་བཤད་ན།
- མ་ཁྱ་མོའི་གླུ་ལེན་གར་རྩེད།
- རྟ་འདོ་བས་བསུ་རིང་བསུ་ཐུང་བྱེད་པ།
- ཁའི་བོ་ཆེར་ཆེར་ཉག་འཐེན་ནས།
- ལམ་སྐྱ་མོ་རྡུལ་གྱིས་བཀང་ནས།
- དྲི་སྐོལ་(བསུ་ཆང་)་བརྒྱ་དང་བཅུ་གསུམ།
- འབབ་སྟན་ཉི་ཤུ་རྩ་ལྔ།
- དར་ཕྱར་ཞིང་དུང་བུས་ནས།
- དགའ་བསུ་ཆེན་པོ་འདི་འདྲ་དང་བསུ་བ་འདི་ལྟར་བྱས་ནས།
- འབབ་སྟན་ཉི་ཤུ་རྩ་ལྔ་ཅི་ལྟར་གཏོང་དགོས་ཟེར་ན།
- སྟོད་རྒྱ་གར་ཡུལ་གྱི་ཕྲུག་གདན།
- ཕྲུག་ཐིག་ལེ་མི་གཅིག
- ཕྲུག་གཅིག་རུང་ཐིག་ལེ་མི་གཅིག་པའི་འབབ་སྟན་ཉི་ཤུ་རྩ་ལྔ།
- དེའི་འཕྲོ་ནས།
- འབབ་སྟན་ལ་ཕྱི་ནང་གསུམ་ཡོད།
- ཨོ་ལེད་་་་དེ་འཕྲོ་ནས་འབབ་སྟན་གསུམ་པ་ཟེར་བ་ཅི་རེད་ཟེར་ན།
- དེ་དང་པོ་གཉིས་པ་གསུམ་པ་ཟེར་བ་དེ།
- གཅིག་གི་ཐོག་ཏུ་གཅིག་བརྩེགས།
- གཅིག་གི་ཐོག་ཏུ་གཅིག་བརྩེགས།
- གསུམ་བརྩེགས་བྱེད་དགོས་པས།
- ཨོ་ལེད་་་་འབབ་སྟན་གཉིས་པ་ཟེར་བ་ནི།
- སྨད་རྒྱ་ནག་ཡུལ་གྱི་གོས།
- གོས་གཅིག་རུང་རི་མོ་མི་གཅིག་པ།
- དེ་འདྲའི་འབབ་སྟན་ཉི་ཤུ་རྩ་ལྔ།
- དེའི་སྟེང་དུ་གཏོང་དགོས།
- ཨོ་ལེད། དེའི་འཕྲོ་ནས་འབབ་སྟན་གསུམ་པ།
- གུ་རྒྱལ་བོད་ཀྱི་བལ་གདན།
- བལ་གཅིག་རུང་ཁ་ཚད་མི་གཅིག་པའི་གདན་དཀར།
- ཉི་ཤུ་རྩ་ལྔ་དེ་སུམ་བརྩེགས་བྱས་ནས་བཏིང་ན།
- བག་མ་ཡིན་ན་ཨ་ཞང་ཡིན་ན་ཚང་མ་བཞུགས་རྒྱུ་རེད།
- འབབ་སྟན་ཟེར་བ་ནི།
- དྲི་སྐོལ་(བསུ་ཆང་)་ཟེར་བ་འདི་ཅི་རེད་ཟེར་ན།
- དྲི་སྐོལ་(བསུ་ཆང་)་ཟེར་བ་ནི་ས་བཅད་ས་བཅད་ཀྱི།
- ད་སྐབས་ལ་མཚོན་རྒྱུ་ན།
- ད་སྐབས་ལ་མཚོན་རྒྱུ་ན།
- ལམ་ནས་སྐོམ་པ་འཐུང་བ་དང་།
- སྐོམ་ཆུ་འཐུང་བ་དང་འདྲ་ལ།
- མིད་པ་རློན་པ་བྱེད་སྤྱད་དེ་འདྲ་རེད།
- འབབ་སྟན་ཟེར་བ་འདི།
- ས་ཁ་ཐག་རིང་གི།
- རྒྱ་བཟའ་བལ་བཟའ་ཟླ་བ་འགའ་ཡི་ལམ་ལ་ཆས།
- ང་ཚོ་ཡིན་ན་ཡང་རོང་འབྲོག་གི་ས་ཆ་ན།
- ཉི་མ་རེ་རེ་ཉིན་རེ་ཡི་ལམ་ཡོད་པ།
- དེ་ཡིན་ན་འབབ་སྟན་གྱི་སྟེང་ནས།
- ཐོག་དང་པོར་སྦྲ་ཕུད་ནས།
- ནང་ལ་གདན་ཅ་བརྒྱབ་ནས།
- ནང་ལ་ཤ་མར་ཐུད་གསུམ་གྱི་སྡེར་ཁ་བསྒྲིགས།
- དེའི་ནང་ལ་ཐོན་དུས།
- ང་ཚོ་འབྲོག་པ་ཚོ་ཡིན་ན།
- ཁ་ཟས་རྒྱ་ཟས་བྱིན་ནས།
- ཨོ་ལེད་་་་ང་ཚོ་རོང་བ་ཡིན་ན།
- དཀར་ཡོལ་དཀར་ཆེན་བཏང་ནས།
- དེ་འདྲ་བྱེད་དགོས་པ་ཞིག་རེད།
- འབབ་སྟན་དེ་འདྲ་ཞིག་རེད།
- དེ་ཡང་ད་ལྟ་རྒྱས་པ་བྱས་ནས་སོང་ན།
- དྲི་སྐོལ་(བསུ་ཆང་)ཡིན་ན་ཆང་ཤེལ་དམ་ལས་ཁམ་གང་འཐུང་ན་དེ་ཡིན།
- འབབ་སྟན་ཡིན་ན་ཡང་དེ་རེད།
- གདན་ཞིག་ཐང་ལ་བཏིང་ནས།
- སྟེང་ནས་ཤེལ་དམ་གང་འཐུང་ན་དེ་རེད།
- དེ་འདྲ་ཞིག་རེད།
- དེ་ད་སྐབས་ཀྱི་ཉུང་བསྡུས་པའི་ཐོག་ནས།
- བཤད་ན་དེ་འདྲ་ཞིག་རེད།
- དེ་ཡིན་ན་ལེན་མཁན་ཚང་ནི་འགན་ཁུར་རྫོགས་སོང་བ་རེད།
- ཨེ་རེད།
- བསོད་ནམས་སྐྱིད།ད་ལྟ་བསྐྱལ་བ་རེད།
- འོད་སྲུང་།བསྐྱལ་ཡོད་པ་མ་རེད།
- ལེན་མཁན་ཚང་སྔོན་ན་ཡོང་བ་རེད།
- བསུ་བ་བྱེད་དུ་ཡོང་ཡོད།
- ད་ལྟ་སྐྱེལ་མཁན་ཚང་གིས་བསྐྱལ་དགོས།
- སྐྱེལ་མཁན་ཚང་གིས་བསྐྱལ་ན།
- ཐོག་དང་པོར།
- བུ་མོ་གཅེས་ཕྲུག་མ་དེ་ཉལ་ས་ནས་སློང་དགོས།
- སློང་དགོས་ན།
- ན་ཟླ་བརྒྱ་ཐམ་པ་ཡོང་ནས་སློང་མ་ཐུབ་པ་རེད།
- སློང་མ་ཐུབ་ན།
- ཨ་ཕ་དང་ཨ་མ། ད་དུང་ནུ་བོ་སོགས་ཀྱིས་བསླང་བ་རེད།
- ན་ཟླ་བརྒྱ་ཐམ་པ་ཡིས་སློང་མ་ཐུབ་ན།
- ཁོ་ཚོའི་སློང་མ་ཐུབ་པར།
- རྗེས་ནས་བསླང་ན་སྔོན་ལ་ཨ་ཕ་ཡིས་བཤད་དགོས།
- ཨ་ཕའི་ལོ་ལོ་གཅེས་ཕྲུག་མ།
- ཨ་ཕའི་ལོ་ལོ་སྲོག་ཕྲུག་མ།
- ཁྱོད་བུ་མོ་མ་ངུ་ཡར་ལ་ལོངས།
- ཡར་ལ་ལངས་ནས་ཨ་ཕར་ཉོན།
- ཨ་ཕ་ཁྱོད་ལ་ཁ་བརྡ་བྱེད།
- ཨ་ཕས་ཁྱོད་ལ་རྫོངས་པ་སྟེར།
- ཨ་ཕས་ཁྱོད་ལ་རྟ་བརྒྱ་སྟེར།
- རྟ་བརྒྱ་བོར་སྒ་བཅའ་རྒྱག་ལ་སྟེར།
- ཨ་ཕས་རྫོངས་པ་དེ་ལྟར་བྱིན།
- དེའི་འཕྲོ་ནས་ཨ་མ་ཡིས།
- ཨ་མའི་ལོ་ལོ་གཅེས་ཕྲུག་མ།
- ཨ་མའི་ལོ་ལོ་སྲོག་ཕྲུག་མ།
- ཨ་མའི་ཚིལ་ལོག་དཀར་དྲིལ་མ།
- ཁྱོད་བུ་མོ་མ་ངུ་ཡར་ལ་ལོངས།
- ཡར་ལ་ལངས་ནས་གནས་ལ་སོང་།
- མ་བུ་མོ་གནས་ལ་འགྲོ་ངེས་ཡོད།
- འདིའི་སྟེང་འདི་ནས་ཨ་མས་ཁྱོད་ལ་འབྲི་བརྒྱ་སྟེར།
- འབྲི་བརྒྱ་བོར་ནུ་ལག་བཏུལ་ལ་སྟེར་ཟེར་བ་དེ་རེད།
- དེའི་འཕྲོ་ནས་ཕུ་བོ་རེད།
- ཕུ་བོ་ཡིན་ན།
- སྲིང་ཕྲུག་ལོ་ལོ་དོན་འགྲུབ་མ།
- སྲིང་ཕྲུག་ལོ་ལོ་བསམ་འགྲུབ་མ།
- ཁྱོད་བསམ་བློ་དབུས་ནས་འགྲུབ་རྒྱུ་མ།
- བསམ་མཐའ་ཆོས་ཀྱིས་སྐོར་རྒྱུ་མ།
- ཁྱོད་བུ་མོ་མ་ངུ་ཕུ་བོར་ཉོན།
- ཕུ་བོར་ཉོན་དང་མཛོ་བརྒྱ་སྟེར།
- མཛོ་བརྒྱ་བོར་སྣ་གཅུ་སྤྲོད་ལ་སྟེར།
- དེ་ནས་བུ་མོ་ཡར་བསླང་ནས།
- བུ་མོ་ངུ་མ་ཆོད་ན་བུ་མོའི་ངུ་ཁ་གཅོད་དགོས།
- གཅོད་དགོས་ན་ཨ་མས་ཁྱོད་ལ་ཁ་བརྡ་བྱེད།
- ཁྱོད་བུ་མོ་མ་ངུ་གནས་ལ་སོང་།
- བུ་མོ་གནས་ལ་འགྲོ་ངེས་ཡོད།
- བུ་མོ་འགྲོ་ས་གནས་ཡུལ་ཡིན།
- བནྡེ་འགྲོ་ས་དབུས་གཙང་ཡིན།
- བུ་མོ་མ་ངུ་ལོ་ལོ་མ།
- བུ་མོ་ལོ་ལོ་དོན་འགྲུབ་མ་ཞེས་བཤད།
- དེ་ལྟར་བཤད་ན་བུ་མོ་ཁྱོད་ལ།
- སྐྱིད་ཅིག་ཡོད་ན་ཁྱེར་ནས་སོང་།
- གཡང་ཞིག་ཡོད་ན་ཁྱོད་ཀྱིས་ཞོག་དང་།
- བུ་མོ་ལོ་ལོ་དོན་འགྲུབ་མ།
- དེ་ལྟར་བཤད་དེ་མཚམས་དེ་ནས།
- བུ་མོ་ཡར་བསླངས་པ་རེད།
- བུ་མོ་བསླང་ནས་བུ་མོ་ལམ་ལ་ཆས་པ་རེད།
- བུ་མོ་ལམ་ལ་ཆས་དུས།
- བུ་མོ་ཡིས་བག་ངུ་འཐེན་པ་རེད།
- བུ་མོས་བག་ངུ་འཐེན་པའི་སྐབས་དེར་ཐོན་པ་རེད།
- བུ་མོས་བག་ངུ་འཐེན་ན།
- བུ་མོ་མོ་རང་གིས་འཐེན་ཐུབ་པ་མ་རེད།
- མོ་སེམས་སྨྲེང་ནས།
- མོས་འཐེན་མ་ཐུབ་ན།
- མོའི་གམ་གྱི་བག་རོགས་ཀྱིས་འཐེན་དགོས།
- བག་རོགས་ཀྱིས་འཐེན་ན།
- བག་རོགས་ཀྱིས་ཅི་ལྟར་འཐེན་དགོས་ཟེར་ན།
- ཡེ་་་ཡེ་་་ང་བུ་མོ་མི་འདུག་འགྲོ་རྒྱུ་ཡེ་་་ཡེ།
- ཕུག་གི་སྲུང་མར་བཀྲ་ཤིས་འཇོག་ཡེ་་་ཡེ་་་ཡེ་་་།
- ང་བུ་མོ་མི་འདུག་འགྲོ་རྒྱུ་ཡེ་་་་ཡེ།
- དྲིན་ཆེན་ཕ་མར་བཀྲ་ཤིས་འཇོག་ཡེ་་་་་ཡེ།
- དེ་ལྟར་རིམ་པ་དེ་སོང་ནས།
- བུ་མོ་མི་འདུག་འགྲོ་རྒྱུ།
- ཐབ་ལ་གཡུ་མོར་བཀྲ་ཤིས་འཇོག
- དེའི་འཕྲོ་ནས་ང་བུ་མོ་མི་འདུག་འགྲོ་རྒྱུ།
- དཀྱིས་ཀ་ལྷ་མོར་བཀྲ་ཤིས་འཇོག
- དེ་ནས་དཀྱིས་ཀ་ལྷ་མོའི་འདབས་ནས།
- སྐོར་བ་གསུམ་བརྒྱག་དགོས།
- དལ་མོར་སྐོར་བ་གསུམ་བརྒྱག་དགོས།
- སྐོར་བ་གསུམ་བརྒྱབ་སྟེ།
- དཀྱིས་ཀ་ལྷ་མོའི་སྟེང་དུ།
- ང་ཚོ་ཡིན་རྒྱུ་ན་དཀྱིལ་ཀ་ལྷ་མོར་སྲུང་འཐེན་པ།
- དར་བཏེགས་པ་དང་སྲུང་བཏེགས་པ།
- མདའ་བསྟད་པ་དང་མདུང་བསྟད་པ།
- དེ་ལྟར་བཞག་པ་དང་དེ་ལ་ཚེ་ཐར་ཟེར།
- འདིའི་སྟེང་འདི་ནས་དཀྱིལ་ཀ་ལྷ་མོར།
- ང་བུ་མོ་མི་འདུག་འགྲོ་རྒྱུ།
- དཀྱིལ་ཀ་ལྷ་མོར་བཀྲ་ཤིས་འཇོག
- དེ་ནས་སོང་བ་རེད།
- སྒོ་ཡི་ཕྱི་ལ་སོང་ནས།
- བསོད་ནམས་སྐྱིད།ཕྱི་བཀྱེད་ལྟག་ནས་འགྲོ་དགོས་པ་རེད།
- འོད་སྲུང་།ཨ་་་།
- བསོད་ནམས་སྐྱིད།ཕྱི་བཀྱེད་ལྟག་ནས་འགྲོ་དགོས་པ་རེད།
- ཕྱི་བཀྱེད་ལྟག་ནས་འགྲོ་དགོས་པ་རེད།
- ང་བུ་མོ་མི་འདུག་འགྲོ་རྒྱུ།
- སྒོ་ལྷ་སྟག་ཡག་ལ་བཀྲ་ཤིས་འཇོག
- བཀྲ་ཤིས་ཡང་དང་ཡང་དུ་འཇོག
- དེའི་བར་དུ་ཕྱི་བཀྱེད་ལྟག་ནས་འགྲོ་དགོས།
- ཕྱིར་ཕ་མ་དྲིན་ཆེན་ལ་མགོ་སྒུར་ནས་གུས་པ་དང་།
- རྐེད་པ་མ་གཏད་པར།
- མར་འཁོར་ནས་སོང་སྟེ་སྒོ་ཕྱི་རོལ་ལ་བུད་དུས།
- བུ་མོ་ངུ་རུང་གནས་ཚང་བཙལ་དགོས།
- བནྡེ་ངུ་རུང་དབུས་གཙང་ལ་འགྲོ་དགོས།
- དེ་ནས་རྟ་ལ་ཞོན་པ་རེད།
- རྟ་ལ་ཞོན་ནས་མཚམས་དེ་ནས།
- སློང་མཁན་ཚང་གིས་བུ་མོ་སྐྱེལ་དགོས་པ་རེད།
- སྐྱེལ་དགོས་ན་བུ་མོ་འདི་ལ་རྫོངས་པ་སྟེར་བ་དང་།
- ལས་ཀ་ཐམས་ཅད་ལས་ཏེ།
- ཕ་མ་དང་ཚང་མས་རྫོངས་པ་བྱིན་ནས།
- སེམས་གསོ་བྱས་ཏེ་ལམ་དུ་བཅུག་ན།
- ཞོལ་ནས་འབབ་སྟན་ཚང་མ་བཏིང་སྟེ།
- བག་སྟན་བཏིང་ནས་སྐྱོར།
- སྒོ་ཕྱི་རོལ་ནས།
- བུ་མོ་གསེར་མཚོ་མས་གོས་གསར་གོས་ལྭ་གྱོན་ནས།
- རྒྱན་ཆ་མང་པོ་བཏགས་ཏེ།
- མགོ་སྒུར་ནས་འགྲོ་དགོས།
- སོང་ན་ཚེ་ཡི་ལྷ་མོ་སྤུན་གསུམ།
- དེ་དུས་སྐབས་ཐོག་དེར།
- ཚེ་ཡི་ལྷ་མོ་སྤུན་གསུམ་ཟེར་བ་དེ་གང་རེད་ཟེར་ན།
- ཚེ་ཡི་ལྷ་མོ་སྤུན་གསུམ་ཟེར་བ་དེ།