Audio Overview
Sonam Choden sings “The Great Swan of Tibet” (Sabökyi Jachen Ngangpa), a melancholy boedra song. The song describes the sad farewell between a swan mother and her offspring. The bird did not want to go to India but she was forced to go anyway. She had made a nest near the river bed and laid twelve eggs. The eggs hatched but suddenly the mother had to leave her offspring behind. She left them with a nāga, or a serpent spirit, and flew to India. As she was leaving, she tried to avoid looking back, but she ended up doing so only to see the motherless cygnets on the barren riverbed.
འཁྲུལ་སྣང་ཅན་གྱི་བོད་སྒྲའི་གླུ་གཞས་ ས་བོད་ཀྱི་བྱ་ཆེན་ངང་པ་ཟེར་མི་འདི་ བསོད་ནམས་ཆོས་སྒྲོན་གྱི་འཐེན་དོ་ཡོདཔ་ཨིན། བྱ་ངང་པ་འདི་ རྒྱ་གར་ལུ་འགྱོ་དགོ་མ་མནོ་རུང་ དབང་བཙོང་གིས་ཐོག་ལས་ འགྱོ་དགོཔ་འཐོན་ཏེ་ཡོདཔ་ཨིན་མས། བྱ་ངང་པ་གིས་ ཆུའི་མཐའམ་ལུ་ ཚང་བཟོ་ཞིནམ་ལས་ སྒོང་རྡོག་བཅུ་གཉིས་བུད་རུང་ ཐབས་རང་མེད་པར་ ཕྱུ་གུ་འདི་ཚུ་ གླུ་དང་མཉམ་ཅིག་བཀོ་བཞག་སྟེ་ རྒྱ་གར་ལུ་འཕུར་འགྱོ་དགོཔ་འཐོན་འཐོནམ་ཨིན་མས། དེ་སྦེ་ བྱ་ངང་པ་འདི་ རྒྱ་གར་ཕྱོགས་སུ་འགྱོ་བའི་སྐབས་ རྒྱབ་ལུ་མི་བལྟ་ནིའི་བརྩི་རྐྱབ་རུང་ ཨའི་མེད་པའི་ ངང་ཕྲུག་ཚུ་ ཆུའི་མཐའམ་ལུ་ལུསཔ་ད་ སེམས་ཀྱི་བཟོད་མ་ཚུགས་པར་ ཐབས་རང་མེད་པར་ བལྟ་དགོཔ་འབྱུང་འབྱུངམ་ནུག གླུ་གཞས་འདི་གིས་ བྱ་ངང་པ་འདི་ ངང་ཕྲུག་ཚུ་དང་ ཁ་བྲལ་ཏེ་ སྐྱོ་བའི་སྡུག་བསྔལ་མྱོང་བའི་སྐོར་ལས་སྟོནམ་ཨིན་མས།
- བསོད་ནམས་ཆོས་སྒྲོནས་བོད་ཀྱི་བྱ་ཆེན་མ་ངང་བུ་འདི། །
- བསོད་ནམས་ཆོས་སྒྲོནརང་མི་འཕུར་ཟེར་བ་མ་རྒྱ་ལུ་འཕུར།།རྒྱ་ལུ་འཕུར།
- བསོད་ནམས་ཆོས་སྒྲོནརང་མི་ཆགས་ཟེར་བ་མ་མཚོ་ལུ་ཆགས། །
- བསོད་ནམས་ཆོས་སྒྲོནཚང་འཚོལ་བ་མཚོ་མོའི་དབའེ་བྱང་ལུ་འཚོལ། །བྱང་ལུ་འཚོལ།
- བསོད་ནམས་ཆོས་སྒྲོནངེའི་སྒོང་རྡོག་ལྔ་གསུམ་མ་བཅོ་ལྔ་འཁྲུངས། །
- བསོད་ནམས་ཆོས་སྒྲོནངེའི་བྱིའུ་ཅུང་བཞི་གསུམ་དབའི་བཅུ་གཉིས་བཏོན།།བཅུ་གཉིས་བཏོན།
- བསོད་ནམས་ཆོས་སྒྲོནངེའི་བྱིའུ་ཅུང་གཤོག་སྒྲོ་མ་མ་རྒྱགསཔ་ལས། །
- བསོད་ནམས་ཆོས་སྒྲོནམར་རྒྱ་ནག་ཚད་པ་དབའེ་འགོར་ཆི་འདུག།འགོར་ཆི་འདུག
- བསོད་ནམས་ཆོས་སྒྲོནགསུང་ཉོན་ཅིག་ཉོན་ཅིག་མ་མཚོ་སྨན་རྒྱལམོ། །
- བསོད་ནམས་ཆོས་སྒྲོནསྙན་གསོན་ཅིག་གསོན་ཅིག་དབའེ་མཚོ་སྨན་རྒྱལམོ། །
- བསོད་ནམས་ཆོས་སྒྲོནངེའི་བྱིའུ་ཅུང་བཞི་གསུམ་མ་བཅུ་གཉིས་འདི། །
- བསོད་ནམས་ཆོས་སྒྲོནཨམ་མཚོ་སྨན་རྒྱལ་མར་དབའེ་གཏམས་དགོ་པས།།གཏམས་དགོ་པས།
- བསོད་ནམས་ཆོས་སྒྲོནངེའི་བྱིའུ་ཅུང་བཞི་གསུམ་མ་བཅུ་གཉིསཔོ་འདི། །
- བསོད་ནམས་ཆོས་སྒྲོནཆུ་ག་ཊི་ནང་ལས་དབའེ་འཐུང་བཅུག་ད། །
- བསོད་ནམས་ཆོས་སྒྲོནལྟོ་[ཕྱམ་བྱ་དཀར་ཅུང་?]དབའེ་བཟའ་བཅུག་ད། །
- བསོད་ནམས་ཆོས་སྒྲོནང་བོད་ཀྱི་བྱ་ཆེན་ངང་བུ་(ངང་མོ་)འདི། །
- བསོད་ནམས་ཆོས་སྒྲོནས་ཨོ་རྒྱན་བོད་ལུ་དབའེ་འཕུར་དགོ་པས། །
- བསོད་ནམས་ཆོས་སྒྲོནས་ནི་ལས་ཡར་ཡར་དབའེ་འཕུར་བལྟ་ཚེ། །
- བསོད་ནམས་ཆོས་སྒྲོནརང་དགུང་དང་སྤྲིན་གྱི་མ་མཚམས་ལུ་ལུས། །
- བསོད་ནམས་ཆོས་སྒྲོནལོག་མ་བལྟ་སེམས་ཀྱིས་དབའེ་བཟོད་མ་ཐུབ། །
- བསོད་ནམས་ཆོས་སྒྲོནལོག་རྒྱ་ནག་གཡུས་ལུ་(ལས་)མར་ལོག་བལྟ་ཚེ། །
- བསོད་ནམས་ཆོས་སྒྲོནབྱམོ་མེད་པའི་བྱིའུ་ཅུང་དབའེ་མགོ་རིལ་རི། །
- བསོད་ནམས་ཆོས་སྒྲོནཆུ་མེད་པའི་བརྡར་རྡོ་མ་སྐྱ་རུག་རུ། །
- བསོད་ནམས་ཆོས་སྒྲོནཆུ་མེད་པའི་བརྡར་རྡོ་དབའེ་སྐྱ་རུག་རུ།། །།