17 Mar 2016
2 min 18 sec
- ཡེ། སྟོད་དབུས་གཙང་དབུས་ལམ་གོང་མ་ན།
- ཡེ། བན་སེར་མོ་ཞིག་ལ་བྲོ་ཆད་བྱུང་།
- ཡེ། དབུས་མཇལ་འདོད་ཡིན་ན་ཁྱོད་སྙིང་རེ་རྗེ།
- ཡེ། ཁ་གསོ་འདོད་ཡིན་ན་ཁྱོད་བབས་ནི་རེད།
- ཡེ། ས་བྱང་ཐང་བྱང་ལམ་གོང་མ་ན།
- ཡེ། སྟག་ཤར་ལོ་ཞིག་ལ་རྟ་ཆད་བྱུང་།
- ཡེ། ཁ་གསོ་འདོད་ཡིན་ན་ཁྱོད་སྙིང་རེ་རྗེ།
- ཡེ། ཇག་བཅའ་འདོད་ཡིན་ན་ཁྱོད་བབས་ནི་རེད།
- ཡེ། སྡེ་གཡང་ཁྱིམ་ཚང་གི་གོ་ཁ་ན།
- ཡེ། སྨན་བུ་མོ་ཞིག་ལ་གནས་སྡུག་བྱུང་།
- ཡེ། དྲིན་ཕ་མས་སྦྱིན་ན་ཁྱོད་སྙིང་རེ་རྗེ།
- ཡེ། བློ་རང་འཐད་ཡིན་ན་ཁྱོད་བབས་ནི་རེད།