Audio Overview
This particular ploughing song sung by Kinley from Dawakha village under Thimphu district was famous in few years back but with introduction of power tillers in Bhutan, this type of tradition were in a complete verge of extiction. It is sang while ploughing feild to enhance the productivity of work by beguiling both the oxen who were accompanied by the man. The ploughman try to remind his oxen to run fast mainly to complete their work on time because the women who are transplanting are approaching nearer and also remind that the sun is setting over the mountains.
གཡུས་ཁའི་ལུགས་སྲོལ་བསྟར་དུ་འཐེན་མི་ གླང་བསྐོར་འདི་ ཐིམ་ཕུག་རྫོང་ཁག་ ཟླ་བ་ཁ་གཡུས་ཚན་ལས་ ཀུན་ལེགས་ཀྱིས་འཐེནམ་ཨིནམ་ད་ གླང་བསྐོར་འདི་ ལོ་ངོ་དག་པ་ཅིག་གི་ ཧེ་མ་ཡོངས་སྦེ་ཡོདཔ་ཨིན་རུང་ ཤུལ་ལས་ འཕྲུལ་གླང་ཐོན་ཞིནམ་ལས་ འདི་བཟུམ་གྱི་ལུགས་སྲོལ་འདི་ མེདཔ་སྦེ་སོང་ཡོདཔ་ཨིན་པས། འདི་ཡང་ གླང་རྨོ་བའི་སྐབས་སུ་ ལཱ་གི་གྲུབ་འབྲས་ལེགས་ཤོམ་ཐོན་ཐབས་དང་ གླང་རྨོ་མི་གིས་ ཞིང་མགྱོགས་པར་སྦེ་ རྨོ་སྟེ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ནིའི་དོན་ལུ་ གླང་གཉིས་ལུ་ དྲན་སྐུལ་འབདཝ་ཨིན་པས། འདི་ཡང་ ལྕངམ་བཙུགས་མི་ཨམ་སྲུ་ཚུ་སྦོ་ལོགས་ཁར་ལྷོད་དོ་ཡོདཔ་མ་ཚད་ ཉིམ་འདི་ཡང་ ལ་ལས་འཛུལ་རན་དོ་ཟེར་ དྲན་སྐུལ་འབདཝ་ཨིན་པས།
- ཀུན་ལེགསཨོ་ས་མ་རེད་ གླང་རྒས།དབའེ་ལོག་ད་སྨ་རེད། ལོག་ཅིག་སྨ་རེད་འཛོམས་ལེགས། ཡར་སྐྱེལ་སྨ་རེད།
- ཀུན་ལེགསདབའེ་པད་སྐོར་མིག་གིས་བལྟ་གནང་སྨེ།ཡར་བཤེད་ཤིགཨོ་ས་སྨ་རེད།
- ཀུན་ལེགསདབའེ་ནཱ་པད་སྐོར་བསྒྱིར་བ་ཞེ་མ་ལོག རང་ཁྱོད་ར་མཁས་པའི་བུ་བརྒྱུད་ཨིན། ཡར་བཤེད་ཤིག་ཡར་ཨོ་ཡ།
- ཀུན་ལེགསདབའེ་ཞིང་གཤོང་ཨོ་མའི་འབོལ་ཁ་ལུ་གཞསཔ་རང་དང་གླང་ཆེན་གཉིས་ཀུ་མ་ཉི་ཟླ། ཡར་བཤེད་ཤིག
- ཀུན་ལེགསཨོ་འུ་སྡུག་པ་སངས་ནི་མིན་འདུག་སྨོ།ད་ཤོག་ཅིག་སྨ་རེད་འཛོམས་ལེགས།ཡར་སྐྱེལ་ཤིག་ཡར་ཨོ་ས་སྨ་རེད།
- ཀུན་ལེགསདབའེ་སྙན་རྣམ་ཅོ་གསེར་གྱི་ཝ་དུ་འདི།།ད་མ་ཡེངས་ང་ལུ་གསོན་གནང་སྨེ།ཡར་སྐྱེལ་ཤིག་སྨ་རེད། ཉི་ཟླ།
- ཀུན་ལེགསཨོ་གནམ་ལྕམ་མགུ་བྱཱ་ཕྱེད་ལངས་སོ་ཡི་ས།རང་ལྕམ་མཇུག་ཧུ་མ་སངས་མ་ཚུགས།ཡར་སྐྱེལ་ཤིག་སྨ་རེད།
- ཀུན་ལེགསདབའེ་ནཱ་སྨན་ཆུང་བརྒྱ་དང་བཅོ་བརྒྱད་འདི།ནཱ་དོ་པའི་རྩ་བ་ལུ་དཔག་ཆི་ས།ཡར་སྐྱེལ་ཤིག་སྨ་རེད། ཉི་ཟླ།
- ཀུན་ལེགསདབའེ་གཞོནམ་ང་དང་གླང་ཆེན་གཉིས་ཀུ་མ།གནམ་ད་ས་འབད་བའི་ལཱ་འཕྲོ་སྨོ།ཡར་སྐྱེལ་ཤིག
- ཀུན་ལེགསདབའེ་གླང་མགོ་སྒོ་ཁར་སྐྱེལ་མ་ཚུགས་འཛོམས་ལེགས།ཡར་སྐྱེལ་ཤིག་སྨ་རེད།
- ཀུན་ལེགསཨོ་དགུང་ཉི་ཀ་(ཁ་)ཕྱི་རུ་འགྱོཝ་ལས་སྨོ།གནམ་ད་ས་ཟ་བའི་དྲོམ་གཟར་འདི།ཡར་སྐྱེལ་ཤིག་སྨ་རེད།
- ཀུན་ལེགས[མར་དངོས་མེད་ཆུ་ལུ་འགྱུར་དོ་?]དབའེ་ཉི་ཟླ།ཡར་སྐྱེལ་ཤིག་སྨ་རེད།། །།