Audio Overview
An account of the newer tradition of the Zablé Tönjug cymbal note according to Drukpa Kagyü school of Bhutan. This tradition of ritual was instituted by Zhapdrung Ngakwang Namgyel (1594-1651) to first Desi of Bhutan, Umdzé Tendzin Drukgyel (1591-1656) to introduce the main teachings of Künkhyen Pema Karpo (1527-1592) to Bhutan. However, despite a slight change in name, the sound retains the same meaning.
དུས་རབས་ ༡༧ པ་ སྤྱི་ལོ་ ༡༦༡༦ ལུ་ དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་བྱོན་ ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཛད་ཞིམས་ལས་ཚུར་ འབྲུག་གི་སྡེ་སྲིད་དང་པ་ དབུ་མཛད་བསྟན་འཛིན་འབྲུག་རྒྱལ་མཆོག་ལུ་ ང་བཅས་རའི་འབྲུག་གི་ ཆོག་གའི་རིམ་པ་འདི་ གཞན་དང་མ་འདྲཝ་ཅིག་བཟོ་དགོཔ་་སྦེ་ བཀའ་གནང་ཞིནམ་ལས་ དབུ་མཛད་བསྟན་འཛིན་འབྲུག་རྒྱལ་གྱིས་ ཀུན་མཁྱེན་པདྨ་དཀར་པོའི་ལུགས་ལུ་ གཞི་བཞག་སྟེ་ ང་བཅས་རའི་ འབྲུག་གི་གསར་མའི་ལུགས་འདི་ ནཱེསྦེ་བཟོ་གནང་གནངམ་ཨིན་མས། ཏེ་ཆོག་གའི་མཚན་དང་ རོལམོ་རྡུང་ཐངས་ལུ་ཡང་མཚན་ ཅོག་ར་ཐདཔ་སྦེ་བཏགས་ཡོད་རུང་ ཤུལ་ལས་ ཆོག་གི་སྙན་ཁུག་ལས་འབད་རུང་ རོལམོ་གྱང་ཁའི་མིང་འབད་རུང་ བླམ་རང་སོའི་སྟབས་བདེ་ཧིང་དང་འཁྲིལ་ སོ་སོར་སྦེ་ཡར་སོངཔ་ལས་ ཆོག་ག་མཇུག་བསྡུའི་རོལམོ་འདི་ལུ་ ལ་ལུ་ཅིག་གིས་མཆོད་མཇུག་ཟེར་ ལ་ལུ་ཅིག་གིས་ བཀྲིས་རོལམོ་ཟེར་ཨིན་རུང་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ སེངྒེ་རིག་འཛིན་གྱིས་ བསྟོད་མཇུག་ཟེར་ཞུཝ་ཨིན་མས། ཨིན་རུང་ འདི་ཚུ་ཆ་མཉམ་མིང་བཏགས་ཚུལ་གྱི་ཁྱད་པར་མ་གཏོགས་ དོན་དག་འདི་ཅོག་ར་གཅིག་ལས་ ག་དེ་སྦེ་སླབ་རུང་ མ་བཏུབ་ཅིག་མིན་འདུག་ཟེར་ མནོ་བསམ་བཏངམ་མས།
- སེང་གེ་རིག་འཛིན་ Singye Rigzinད་ཨ་ནཱི་འཛབ་ཀྱི་ཚིག་འདི་ཚུ་རྫོགསཔ་ཅིག་ ད་འཛབ་ལས་སྟོན་མཇུག་འདི་ལེན་ནི་ཨིན་ལགས་ སྟོན་མཇུག་ཟེར་མི་འདི་ མཇུག་བསྡུ་བའི་རོལ་མོ་འདི་ཚུ་ཨིན་པས་ལགས།
- སེང་གེ་རིག་འཛིན་ Singye Rigzinཨ་ནཱི་ ཆོ་ག་ག་ར་མཇུག་བསྡུཝ་ད་ སྟོན་མཇུག་ཟེར་མི་འདི་ འགྱོ་ནི་ཨིན་ ཏེ་ད་ལྟོ་ཨ་ནཱི་ བསྟོད་པ་ཚུ་གི་རྟིང་བདའ་སྟེ་ཡང་ སྟོན་མཇུག་འགྱོ་ནི་ཨིན་ སྟོན་མཇུག་འགྱོཝ་ད་ལུ་ ད་ སྟོན་མཇུག་འདི་ འདི་ལས་ལེན་ནི་ལགས་ ཨ་་་་འཛབ་ལས་ལེན་ནི་ཨིན་ལགས་ ད་ ལགས་སོ།
- སེང་གེ་རིག་འཛིན་ Singye Rigzinའ་་་ཧེང་་་ གཅིག་ གཉིས་ གསུམ་ བཞི་ ལྔ་ དྲུག་ བདུན་ བརྒྱད་ དགུ་ (Speaker claps hands) བིར་བིར་ བིར་བིར་ བིར་་་ བིར་་་་བིར་་་་ བིར་བིར་བིར་བིར་་་་ བིར་བིར་བིར་་་་བིར་་་་ གཅིག་ གཉིས་ གསུམ་བྱ།
- སེང་གེ་རིག་འཛིན་ Singye Rigzinགཅིག་ གཉིས་ གསུམ་བྱ་ གཅིག་ གཉིས་ གསུམ་ བཞི།