Audio Overview
Senggé Rindzin narrates about playing Sumdung Ngamdang cymbal note. He says that Ngamdang cymbal note is very difficult to learn. This Ngamdang cymbal notes are usually played during the annual Lochö rituals, which are held each year to appease the local deities to ensure the families welfare and wellbeing. They are also played at family get togethers.
ང་བཅས་ར་ གཡུས་ཁ་ལོ་མཆོད་ནང་འབད་རུང་ དུས་ནམ་ར་ཆོག་ག་བཏང་སྐབས་ ད་འབདན་ད་ རོལམོ་རྔམ་གདངས་ཨིན་སྨ་རེ་ཟེར་བའི་བསྒང་ལས་ གནམ་མེད་ས་མེད་ སྤྲོ་ཆེ་ཏོག་ཏོ་ཅིག་སྦེ་བརྩིཝ་ཨིན། རྔམ་གདངས་འདི་ རོལམོ་གཞན་ཚུ་དང་ཕྱདཔ་ད་ དུམ་གྲ་ཅིག་ལཱ་ཁག་འཚམས་སུ་ཅིག་སྦེ་ རྩིས་དོ་ཡོདཔ་ད་ རྔམ་གདངས་ཀྱི་སྐབས་སུ་ རོལམོ་རྩེ་བཏོན་སུ་ཅིག་སྦེ་ ཁྲོ་བའི་ཚུལ་སྦེ་རྡུངམ་ཨིན། རྔམ་གདངས་ལུ་ཡང་ རྒྱས་འབྲིང་བསྡུས་གསུམ་སྦེ་ ཆོག་གའི་དུས་ཚོད་དང་ འདི་ལས་དུང་འཕུ་མི་ སྒྲིང་ཧིང་དང་འཁྲིལ་རྡུང་ནི་ཡོད། རྔམ་གདངས་འདི་གཙོ་བོ་ར་ གཡུས་ཁ་ལོ་མཆོད་གཏང་བའི་སྐབས་འབད་བ་ཅིན་ བཙན་སྐུ་རྐྱང་བཏང་བའི་སྐབས་སུ་རྡུངམ་ཨིན།
- སེང་གེ་རིག་འཛིན་ Singye Rigzinལགས་སོ་ད་ འབྲེལ་མ་དྲག་པོ་ལེན་ ད་འབྲེལ་མའི་རྟིང་བདའ་སྟེ་ ད་རུང་ལ་ལུ་ཅིག་ལུ་ ཚིག་ཤ་ར་ར་ཡོད་མ་པ་ཚིག་ལྟར་དུ་རང་ འདི་འབད་བ་ཅིན་ ཡུན་རིངམོ་ཙམ་ཅིག་ལུས་འོང་།
- སེང་གེ་རིག་འཛིན་ Singye Rigzinདེ་འབད་རུང་ རིམ་རིམ་འབད་དེ་ རིམ་པ་རིམ་པ་འབད་ནི་དེ་གིས་ འེང་བདེ་ཏོག་ཏོ་ཨིན་ལགས་ དེ་ལས་ད་ ཨ་ནཱི་འབྲེལ་མ་ལས་བརྔམ་གདངས་ཟེར་མི་ཅིག་ལེན་ནི་ཡོདཔ་ཨིན་ལགས།
- ཆོས་འཛོམས་ Chozomའ་ནཱི་སྤྱིར་བཏང་ལུ་ཁྱབ་ ད་རུང་ནཱ་ལས་ལེན་ཐངས་འདི་ཚུ་གིས་ ད་ལེན་མཚམས་ལེན་མཚམས་འདི་ཚུ་ཞུཝ་ཨིན་ལགས།
- སེང་གེ་རིག་འཛིན་ Singye Rigzinཊུ་རུ་རུ་་་་་་གཅིག་གཉིས་ གསུམ་བཞི་ ལྔ་དྲུག་ བདུན་བརྒྱད་ དགུ་ཧེ་ཧིང་ ཧེང་་ འེང་་་ འ་ནཱི་འབེྲལ་མ་ལས་ ཨ་ནཱི་ གསུམ་བརྡུང་བརྔམ་གདངས་ཟེར་མི་འདི་ཨིན་ལགས།
- སེང་གེ་རིག་འཛིན་ Singye Rigzinད་གསུམ་བརྡུང་ ད་བརྔམ་གདངས་དབྱངས་འགོ་ཟེར་མི་འདི་ཨིན་ལགས་ ཨ་ནཱི་གསུམ་བརྡུང་བརྔམ་གདངས་ཀྱི་ནང་གསེས་ལས་དབྱངས་འགོ་ཟེར་མི་ ད་དབྱངས་མཇུག་ཟེར་མི་འདི་གཏང་ནི་ལགས་ ལེན་མཚམས་ལེན་མཚམས་ཅིག་ཞུཝ་ཨིན་ལགས།
- སེང་གེ་རིག་འཛིན་ Singye Rigzinཨུ་རུ་རུ་་་་ འེང་་་ འེང་་་ འ་ནཱི་གསུམ་བརྡུང་བརྔམ་གདངས་དབྱངས་མཇུག་ཟེར་མི་འདི་ཨིན་ལགས།