Audio Overview
Senggé Rindzin from Ura narrates how to play the Sumdung cymbal note according to Nyingma school of Bhutan. Generally, there are slight differences while playing cymbals, and are beaten with counts of three, two, nine.
འབྲུག་པ་བཀའ་བརྒྱུད་ཨིན་རུང་ རྙིང་མའི་ལུགས་ཨིན་རུང་ མདོར་བསྡུ་བ་ཅིན་ ཆོས་ལུགས་ག་ཅིའི་ཐད་ལས་འབད་རུང་ རོལ་མོའི་གྱང་ཁ་ གསུམ་རྡུང་ལོ་ གཉིས་རྡུང་ལོ་ དགུ་རྡུང་ལོ་ཟེར་ རྡུང་ཐངས་ཀྱི་ཁྱད་པར་ཨ་རྩི་རེ་ཡོདཔ་མ་གཏོགས་ རྡུང་ནི་འདི་ག་རའི་ནང་རྡུང་ནི་ཡོད། ད་ལྟོའི་གློག་བརྙན་ནང་འབད་བ་ཅིན་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ སེངྒེ་རིག་འཛིན་གྱིས་ རྙིང་མའི་ལུགས་ལས་ གསུམ་རྡུང་ག་དེ་སྦེ་རྡུང་དགོཔ་ཨིན་ན་ ལགཔ་གི་སྦེ་དཔེ་སྟོན་འབདཝ་ཨིན་མས། ཏེ་རྙིང་མའི་ལུགས་ལས་ གསུམ་རྡུང་འདི་ཕྱག་འཚལ་རོལམོ་ནང་འབད་རུང་ བྱིན་འབེབས་ཀྱི་སྐབས་སུ་འབད་རུང་ མཆོདཔ་དང་བསྟོདཔ་ ག་ཅིའི་ནང་ཡང་ གསུམ་རྡུང་འདི་འགྱོ་དགོཔ་ཨིན།
- སེང་གེ་རིག་འཛིན་ Singye Rigzinདེ་ལས་འདི་གི་ཤུལ་ལས་ དེ་ལས་ད་བསྟོད་པ་ལས་མར་བཏང་སྟེ་ མཆོད་པ་བཏང་ནི་ཟེར་ ག་ནི་ཡང་མེད་ གཙོ་བོ་སྤྱིར་བཏང་ག་ར་ལུ་འགྱོ་དགོཔ་འདི་ གསུམ་བརྡུང་རང་འགྱོ་ནི་ལགས།
- སེང་གེ་རིག་འཛིན་ Singye Rigzinད་གསུམ་བརྡུང་ཟེར་མི་འདི་ ཆོ་ག་ག་ཅི་དང་ག་ཅི་ལུ་རང་འདི་གི་ སྡེ་ཚན་མ་པ་སྤྱན་འདྲེན་ལོ་ ཨ་ནཱི་སྤྱན་འདྲེན་ལོ་ བྱིན་འབེབས་ལོ་ དེ་ལས་ ཕྱག་འཚལ་རོལ་མོ་ལོ་ཟེར་ འགྱོ་ནི་མ་གཏོགས་ནི་དང་ མིང་ཡང་དེ་ཅིག་རང་ཨིན་ འདིནི་ག་ར་གསུམ་བརྡུང་གིས་རང་འཁྱིད་ནི་ཨིན་ལགས།
- སེང་གེ་རིག་འཛིན་ Singye Rigzin(Speaker plays cymbals)
- སེང་གེ་རིག་འཛིན་ Singye Rigzinགཅིག་ གཉིས་ གསུམ་བྱ་ གཅིག་ གཉིས་ གསུམ་ འ་ནཱི་སྦེ་ འ་ནཱི་གིས་ག་ཏེ་ལུ་ཡང་འགབ་ནི་ཨིན་ལགས།
- སེང་གེ་རིག་འཛིན་ Singye Rigzinད་ཅི་ ང་བཅས་རའི་བཀའ་བརྒྱུད་ཀྱི་བཟུམ་སྦེ་ དབྱངས་མཇུག་ལོ་ དབྱངས་འགོ་ལོ་ཟེར་མེད་ འདི་ལུ་མེད་ལགས།
- སེང་གེ་རིག་འཛིན་ Singye Rigzinད་རོགས་གཏེར་གསར་གྱི་ལུགས་ལས་འབད་བ་ཅིན་ཏེ་ཡོད་ དབྱངས་བཏང་ནི་ཨིན་ཟེར་བ་ཅིན་ མདོག་(?)རོལ་ཟེར་ མདོག་ཟེར་བཏང་སྟེ་ དབྱངས་འགོ་བཟུམ་ཅིག་ཨིན་པས་ ལེའུ་དུམ་གྲ་ཅིག་མ་འདྲཝ་སྦེ་ བཙུགས་ནི་ཅིག་ཡོདཔ་ཨིན།
- སེང་གེ་རིག་འཛིན་ Singye Rigzinདབྱངས་མཇུག་ཚུ་ལུ་ སྤྱིར་བཏང་ག་ནི་ཡང་བཏང་ནི་མེད་ དེ་བཟུམ་སྦེ་ ང་གིས་བཏང་མི་ རྙིང་མ་གི་ ད་ལྟོ་ང་གིས་ བཏང་དོ་བཟུམ་ཅིག་ལུ་ དབྱངས་འགོ་དབྱངས་མཇུག་ཟེར་ ག་ནི་ཡང་མེད།
- སེང་གེ་རིག་འཛིན་ Singye Rigzinའ་ནཱི་བཟུམ་ཅིག་ ད་འ་ནཱི་གསུམ་བརྡུང་གིས་ ག་ར་གསུམ་བརྡུང་གིས་འགབ་ཞིནམ་ལས་ དེ་ལས་ སྤྱན་འདྲེན་དང་ མཆོད་པ་འདི་ཚུ་ག་ར་ ཨ་ནཱི་སྤྱན་འདྲེན་དང་འདི་ཚུ་གིས་ འཐུསཔ་ཅིག་རང་ཨིན་ལགས།