Skip to main content Skip to search
19 Jul 2018
3 min 34 sec
Rating
0
No votes yet
Audio Overview
Creators: 
Yeshi Wangchuk

Senggé Rindzin from Ura gewog narrates how to play the medium and minor Sumdung cymbal notes according to the Drukpa Kagyü school of Bhutan. He says that there are different ways to play the cymbals, but if a person knows the counting techniques well, then s/he will be well-equipped to succeed. 

Show More

  • སེང་གེ་རིག་འཛིན་ Singye Rigzin
    ད་ ནཱ་ལས་ ད་ནཱ་ལས་ སྤྱིར་བཏང་ང་བཅས་རའི་ ཚོགས་ཀྱི་བརྡབ་ལེན་(?) ཟེར་སླབ་ཨིན་ལགས་ བརྡབ་ལེན་འདི་ཚུ་ ལེ་ཤ་རང་ཡོད་ ཡོད་ནི་འདི་ དེ་འབད་རུང་ ད་ ད་ལྟོ་ང་གིས་ཞུ་མི་འདི་ལགས་ ད་ དགུ་བརྡུང་(?)ཁ་སྦྱར་ དགུ་བརྡུང་ཁ་སྦྱར་ལས་ འབྲེལ་མ་ལེན་ཐངས་ དེ་ལས་ དེ་སྦེ་ཨིན་པས་ ད།
  • སེང་གེ་རིག་འཛིན་ Singye Rigzin
    ད་ འབྲེལ་མ་ལས་ ད་ བརྔམ་གདངས་ལེན་དགོཔ་ཚུ་ཡོད་ ཏེ་ བརྔམ་གདངས་ལེན་དགོཔ་ཚུ་འདི་ ད་ཅི་ཡར་གོང་ལུ་ཞུ་དོ་བཟུམ་ཨིན་ འདི་དེ་འདི་གི་རང་འཐུས་ དེ་ལས་ད་ འདི་ལས་མར།
  • སེང་གེ་རིག་འཛིན་ Singye Rigzin
    ད་ ཞུ་དགོཔ་ག་ཅི་སྨོ་ཟེར་བ་ཅིན་ ནཱ་ལས་ གནམ་མེད་ས་མེད་ལོགས་སུ་ཅིག་ག་ནི་ཡང་མེད་ ད་རོལ་མོ་གཅིག་རང་ཨིན་ལགས་ ད་འདི་ཡང་ མ་ཞུ་རུང་ བཏུབ་ནི་མས་ ད་ ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་འདི་ཚུ་མ་ཞུ་བའི་གོང་ལུ་ ད་ནཱ་ལས་ཕར་ཡར་ རྒྱས་པ་ རྒྱས་པའི་དབང་དུ་ཨིན་ལགས་ད།
  • སེང་གེ་རིག་འཛིན་ Singye Rigzin
    ད་ནཱ་ལས་མར་ རོལ་མོ་འདི་ཚུ་ དབྱེ་བ་ལེ་ཤ་ཡོད་ གསུམ་བརྡུང་ཚང་ལོ་ དེ་ལས་ གསུམ་བརྡུང་སྤང་ལེབ་ལོ་ དེ་ལས་ གསུམ་བརྡུང་རྐྱང་མ་ལོ་ཟེར་མི་ཚུ་ཡོད་ལགས།
  • སེང་གེ་རིག་འཛིན་ Singye Rigzin
    དེ་ལས་ གསུམ་བརྡུང་ཨ་ནཱི་རྐྱང་མ་དབྱངས་འགོ་དབྱངས་མཇུག་ལོ་ སྤང་ལེབ་དབྱངས་འགོ་དབྱངས་མཇུག་ལོ་ དེ་ལས་ འབེྲལ་མ་བསྡུས་པ་དབྱངས་འགོ་དབྱངས་མཇུག་ལོ་ ཟེར་མི་ཚུ་ལེ་ཤ་ཡོད་ ད་ང་གིས་ཡང་ འདི་གི་དབྱེ་བ་ཅིག་ཞུ་གེ་ལགས།
  • སེང་གེ་རིག་འཛིན་ Singye Rigzin
    ད་མ་པ་རྒྱས་པའི་དབང་དུ་འདི་ཚུ་འདི་ ད་ལྟོ་འདི་བཟུམ་ཅིག་རང་ཨིན་ མ་པ་ཁོ་ར་ཆོ་ག་དང་འཁྲིལ་ཡི་འཁྲིལ་ཡི་ ཁོ་ར་འདི་དང་ ད་ལྟོ་གསུམ་བརྡུང་ཨིན་ལོ་ གསུམ་བརྡུང་དབྱངས་འགོ་ཨིན་ལོ་ དབྱངས་མཇུག་ཨིན་ལོ་ དེ་ལས་ འབྲེལ་མ་ལེན་ཐངས་ཨིན་ལོ་ ལེན་མཚམས་འདི་ཚུ་ ད་ལྟོ་ང་གིས་ཞུ་དོ་བཟུམ་སྦེ་ ལེན་མཚམས་ལེན་མཚམས་འ་ནེ་ཅིག་ཨིན་ལགས།
  • སེང་གེ་རིག་འཛིན་ Singye Rigzin
    ད་ང་གིས་ ནཱ་ལུ་ གསུང་བརྡུང་སྤང་ལེབ་སླབ་མི་འདི་ རྒྱས་པ་འབྲིང་ཅིག་འོང་ནི་མས་ སྤང་ལེབ་ཟེར་མི་འདི་འབྲིང་ཅིག་སྦེ་ ཆོ་ག་འབྲིང་འབད་དེ་འབག་པ་ཅིན་ སྤང་ལེབ་ཟེར་མི་འདི་ཨིནམ་འོང་ནི་མས་ལགས་ དེ་ལས།
  • སེང་གེ་རིག་འཛིན་ Singye Rigzin
    དེ་ལས་ ཨིན་རྒྱུ་འདི་ གསུམ་བརྡུང་ལོ་ གཉིས་བརྡུང་ལོ་ གཉིས་བརྡུང་ཚང་ལོ་ གཉིས་བརྡུང་ཚང་དབྱངས་མཇུག་ལོ་ དེ་ལས་ སྤང་ལེབ་ལུ་འདི་ཚང་ཟེར་མི་འགྱོ་ སྤང་ལེབ་དབྱངས་འགོ་ལོ་ སྤང་ལེབ་དབྱངས་མཇུག་ དབྱངས་འགོ་དབྱངས་མཇུག་འདི་ཚུ་ དབྱངས་གྲོལཝ་ད་ གྲོལཝ་ད་བཏང་མི་འདི་ལུ་ དབྱངས་འགོ་དབྱངས་མཇུག་ དབྱངས་ཡོདཔ་ད་ཡོདཔ་ད་བཏང་མི་འདི་ལུ་ དབྱངས་འགོ་འདི་ཚུ་ཨིན་པས་ ད་ང་གིས།
  • སེང་གེ་རིག་འཛིན་ Singye Rigzin
    སྤང་ལེབ་དབྱངས་འགོ་ཟེར་མི་འདི་བཏང་ནི་ཨིན་ ཆོ་ག་དཔེ་ཅིག་འབད་བ་ཅིན་ ཚབ་སུ་ཙམ་ཅིག་འབད་བ་ཅིན་ དབྱངས་ཀྱི་མགུ་ལུ་ ག་ར་སྤང་ལེབ་ཟེར་མི་འདི་ བཏང་ནི་ཨིན་པས་ལགས།
  • སེང་གེ་རིག་འཛིན་ Singye Rigzin
    ཨུ་རུ་རུ་་་ གཅིག་ གཉིས་ གསུམ་བྱ་ གཅིག་ གཉིས་ གསུམ་བྱ་ ཧེང་་་ཟེར་འ་ནཱི་དབྱངས་འགོ་ཨིན་ལགས་ སྤང་ལེབ་དབྱངས་འགོ་ཟེར་མི་འདི་ཨིན་ ད་སྤང་ལེབ་དབྱངས་མཇུག་ ཨུ་རུ་རུ་་་ ཧུང་་་ གཅིག་ གཉིས་ གསུམ་བྱ་ གཅིག་ གཉིས་ གསུམ་ འ་ནཱི་དབྱངས་མཇུག་ཟེར་མི་འདི་ཨིན།
  • སེང་གེ་རིག་འཛིན་ Singye Rigzin
    ད་ སྤང་ལེབ་ཟེར་མི་འདི་འགྱོ་འོང་ ད་ བསྡུས་ཏེ་བཏང་པའི་དབང་དུ་ལུ་འབད་བ་ཅིན་ ད་ གསུམ་བརྡུང་རྐྱང་མ་ཟེར་མི་འདི་ རྐྱང་མ་ཟེར་མི་འདི་ཨིན་ ད་ ཆོ་ག་བསྡུས་ཏེ་བཏང་པའི་སྐབས་ལུ་ ད་ རྐྱང་མ་ དེ་ལས།
  • སེང་གེ་རིག་འཛིན་ Singye Rigzin
    བསྡུས་རུང་དྲག་ རྒྱས་རུང་དྲག་ ལ་ལུ་ཅིག་ལུ་དབྱངས་འགོ་འགྱོ་དགོཔ་ཡོད་ སྤང་ལེབ་འགྱོ་དགོཔ་ཡོད་རྒྱས་པའི་སྐབས་ལུ་ཡང་ ལ་ལུ་ཅིག་རྒྱས་པའི་སྐབས་ལུ་ཡང་ རྐྱང་མ་འགྱོ་དགོཔ་ཡོད་ དེ་འབད་རུང་ རྒྱས་བསྡུས་ཀྱི་བར་ན་དབྱེ་བ་སྦེ་ཞུ་གེ་ལགས།
  • སེང་གེ་རིག་འཛིན་ Singye Rigzin
    ད་ རྐྱང་མ་བསྡུས་པའི་རྐྱང་མ་ཅིག་སྦེ་ཞུ་གེ་ ཨུ་རུ་རུ་་་ ཧུང་ གཅིག་ གཉིས་ གསུམ་གྱི་བྱ་ གཅིག་ གཉིས་ གསུམ་གྱི་བྱ་ ཧུང་་ འ་ནཱི་ཏེ་ གསུམ་བརྡུང་རྐྱང་མའི་དབྱངས་འགོ་ཟེར་མི་འདི་ཨིན་པས་ལགས་ ད་ དབྱངས་མཇུག་ཟེར་མི་འདི་འབད་བ་ཅིན་ ཨུ་རུ་རུ་་་ཧུང་ གཅིག་ གཉིས་ གསུམ་གྱི་བྱ་ གཅིག་ གཉིས་ གསུམ་མོ་བྱ་ འ་ནཱི་རྐྱང་མའི་དབྱངས་མཇུག་ཟེར་མི་འདི་ཨིན།