Skip to main content Skip to search
19 Jul 2018
1 min 51 sec
Audio Overview
Creators: 
Yeshi Wangchuk

Senggé Rindzin from Ura gewog describes how to play the Gudung cymbal notes for subjugation according to the Drukpa Kagyü school. Senggé Rindzin is a well-known expert musician for both the Drukpa Kagyü and Nyingma traditions. Here, he uses his hands to demonstrate how to maintain certain notes and keep the correct intervals in between while playing the cymbals. 

འབྲུག་པ་བཀའ་བརྒྱུད་ཀྱི་ལུགས་ལས་ དགུ་རྡུང་གི་རོལམོ་འདི་ ག་དེ་སྦེ་རྡུང་དགོཔ་ཨིན་ན་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ སེངྒེ་རིག་འཛིན་གྱིས་ དཔེ་སྟོན་འབདཝ་ཨིན་མས། སེངྒེ་རིག་འཛིན་འདི་ འབྲུག་པ་བཀའ་བརྒྱུད་ཀྱི་ལུགས་དང་ རྙིང་མི་ལུགས་གཉིས་ཆ་ར་ ལེགས་ཤོམ་སྦེ་ མཁྱེན་མི་ཅིག་ཨིན་ལས་ ཁོ་གིས་ད་ལྟོ་ ལགཔ་གི་ཐོག་ལས་ དགུ་རྡུང་གི་གྱང་ཁ་ ག་དེ་སྦེ་ཡོདཔ་ཨིན་ན་དང་ མཚམས་ག་དེ་སྦེ་བཞག་དགོཔ་ཨིན་ན་ གསལ་སྟོན་འབད་མི་གིས་ ཆོག་ག་ལུ་སྤྲོ་བ་ཡོད་མི་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་མས། 

Transcript search
No results found for this search
0 of 0
  • བསམ་གཏན་ཡེ་ཤེས་ Samten Yeshi
    ལགས་སོ།
  • སེང་གེ་རིག་འཛིན་ Singye Rigzin
    ཨ་ནཱི་ བཀའ་དོན་པ་གི་ བཀའ་དོན་པའི་ཚིག་རྫོགསཔ་ཅིག་ དེ་ལས།
  • སེང་གེ་རིག་འཛིན་ Singye Rigzin
    ཨུ་རུ་རུ་་་ བ་རཱམ་་་བེར་ གཅིག་ གཅིག་ གཅིག་ གཉིས་ གསུམ་བཞི་ ལྔ་ དྲུག་ བདུན་ བརྒྱད་ དགུ་ དགུ་ ཚང་ཚང་་་ དེ་ལས་ གྲོལ་བའི་ཚིག་བཙུགས་ དེ་ལས་ གྲོལ་བའི་ཚིག་རྫོགསཔ་ད།
  • སེང་གེ་རིག་འཛིན་ Singye Rigzin
    བིར་བིར་་་་ གཅིག་ གཉིས་ གསུམ་ བཞི་ ལྔ་ དྲུག་ བདུན་ བརྒྱད་ དགུ་ བ་རཱམ་ བ་རཱམ་ བ་རཱམ་ འགྲོས་ཀྱིས་སྦེ་ཕབ་ དེ་ལས་ གསུམ་བརྡུང་ལེན་ནི་ བ་རཱམ་བ་རཱམ་་་ བ་རཱམ་ གཅིག་ གཉིས་ གསུམ་བྱ་ གཅིག་ གཉིས་ གསུམ་བྱ།
  • སེང་གེ་རིག་འཛིན་ Singye Rigzin
    བ་རཱམ་་་ ཁྲང་ཁྲང་་་ དེ་ལས་ ཞེས་དྲག་པོའི་ཚིག་ དེ་སྦེ་ཨིན་ལགས།
  • བསམ་གཏན་ཡེ་ཤེས་ Samten Yeshi
    ལགས་སོ།
  • སེང་གེ་རིག་འཛིན་ Singye Rigzin
    དེ་སྦེ་ དེ་ལས་ བརྡབ་ལེན་(?)འདི་ཚུའི་ནང་ལུནི་ ཏེ་ དེ་སྦེ་འབྲེལ་བ་ཟེར་ཡང་མེད་ ཚིག་རྫོགསཔ་ད་རྫོགསཔ་ད་རང་ ཁོ་ར་མར་ ཨ་ནཱི་འདི་ འདི་རང་ལེན་ནི་ལགས་ ཨ་ནཱི་ད་ལྟོ་ང་གིས་ཞུ་མི་འདི་ དེ་ཅིག་ལེན་ནི་ ད་གནམ་མེད་ས་མེད་ག་ནི་ཡང་མེད་ གཙོ་བོ་ཁོ་རའི་ཚིག་དང་འཁྲིལ་ཏེ་ ད་དཔེ་འབད་བ་ཅིན་ ང་བཅས་རའི་ ད་ཡར་ཞི་ཁྲོ་གི་སྐབས་ལུ་འབད་བ་ཅིན་ ཁོ་རའི་མར་ ཨ་ནཱི་འབྲེལ་བ་ལྷ་རེ་རེ་གི་འབྲེལ་བ་རེ་རེ་འདུག་མེན་ན་ལགས།
  • བསམ་གཏན་ཡེ་ཤེས་ Samten Yeshi
    ལགས་སོ།
  • སེང་གེ་རིག་འཛིན་ Singye Rigzin
    འ་ནཱ་ལུ་ ཚར་རེ་རེ་ཕབ་ཅི་ཕབ་ཅི་ དེ་ལས་ ལོག་ཅི་ལོག་ཅི་ད་རུང་འདི་བཏང་ ད་རུང་ལྷ་རེ་རེ་འབྲེལ་བའི་སྔར་གི་དང་ དོན་དུ་འདི་ཚུ་འབདཝ་ད་ལུ་ འབདཝ་ད་ ཚར་རེ་ཕབ་ཅི་ཕབ་ཅི་འབག་སྟེ་ དེ་སྦེ་འབད་ནི་མ་གཏོགས་ ཚིག་དང་འཁྲིལ་ཏེ་འགྱོ་ནི་མ་གཏོགས་མེད་ གཞུང་རྐྱང་ངོ་མ་ཨ་ནཱི་ད་ལྟོ་བཟུམ་ཅིག་ གཞུང་ངོ་མ་འ་ནེ་ཅིག་རང་ཨིན་ལགས།
  • བསམ་གཏན་ཡེ་ཤེས་ Samten Yeshi
    ལགས་སོ།
  • སེང་གེ་རིག་འཛིན་ Singye Rigzin
    འ་ནཱི་ རོལ་མོ་འ་ནེ་ཅིག་ ཐུགས་ལུ་བཟུང་ཚུགས་པ་ཅིན་ཏེ་ ཕར་ཚིག་དང་འགབ་ཅི་འགབ་ཅི་འབག་ནི་ཅིག་རང་ཨིན་ལགས།
  • བསམ་གཏན་ཡེ་ཤེས་ Samten Yeshi
    ལགས་སོ།
  • སེང་གེ་རིག་འཛིན་ Singye Rigzin
    ལགས་སོ།