Skip to main content Skip to search
19 Jul 2018
4 min 52 sec
Audio Overview
Creators: 
Yeshi Wangchuk

Senggé Rindzin from Ura gewog describes how to play the cymbals for summoning rituals according to Drukpa Kagyü school of Bhutan. He demonstrates how to play cymbals by clapping his hands. Generally, in monastic education, a teacher teaches novice players using hand claps; once they are expert, the students are permitted to begin playing the real instruments.

བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ སེངྒེ་རིག་འཛིན་གྱིས་ ཕུརཔ་གི་སྐབས་སུ་ འགུགས་བཞུགས་ཀྱི་རོལམོའདི་ ག་དེ་རྡུང་དགོཔ་ཨིན་ན་ གྱང་ཁ་དང་བཅསཔ་སྦེ་ ལགཔ་གི་སྦེ་ གསལ་སྟོན་འབདཝ་ཨིན་མས། ཏེ་གྲྭ་ཚང་དང་སློབ་གྲྭ་ཚུ་ནང་ དགེ་སློང་ཚུ་ཆོག་ག་ཕྱག་ལེན་ལྷག་པའི་སྐབས་ སློབ་དཔོན་ཚུ་གིས་ ལགཔ་གི་སྦེ་སྟོན་བྱིན་ནི་འདི་ དུས་དང་ཕུ་རྒས་ལས་ཡོདཔ་ཨིན། ཏེ་ལགཔ་གུ་ རོལམོ་གི་གྱང་ཁ་ཚུ་ ལེགས་ཤོམ་སྦེ་ཤེས་ཞིནམ་ལས་ འདི་ལས་འབདན་རོལམོ་ ངོ་མ་གུ་སྦེ་ལྷག་སྦྱང་འབད་དོ་ཡོདཔ་ཨིན། 

Transcript search
No results found for this search
0 of 0
  • སེང་གེ་རིག་འཛིན་ Singye Rigzin
    ད་ ད་ཅི་ཞུ་དོ་བཟུམ་སྦེ་ ཕུར་པའི་དབང་དུ་རང་བཏང་དགོ་པ་ཅིན་ ད་ འདི་ལས་ ་་་འགུགས་བཞུགས་འདི་ཚུ་གི་ ཨ་ནཱི་ཚིག་འདི་ཚུ་གསུངས་ཏེ་ འགུག་ཞུ་ཟེར་མི་འདི་ཨིན་ ད་ འགུགས་བཞུགས་ཡི་རོལ་མོ་འདི།
  • སེང་གེ་རིག་འཛིན་ Singye Rigzin
    ཨུ་་་ ཧུང་་་ ཧུང་་་ ཧུང་་་ ཧུང་ཧུང་་་་ ཧུང་ཧུང་ཧུང་ཧུང་ ཧུང་ཧུང་་་་།
  • སེང་གེ་རིག་འཛིན་ Singye Rigzin
    འ་ནཱི་ ཞི་བ་ཨིན་པས་ལགས་ ད་འགུགས་བཞུགས་གི་ཞི་བ་ ད་ འགུགས་བཞུགས་ཚར་གསུམ་བཏང་དགོཔ་ཨིན་པས་ལགས་ ཚར་གསུམ་བཏངམ་ད་ ད་འདི་དུམ་གྲ་ཅིག་ ད་བཏངམ་ད་ལུ་ གཉིས་པ་འདི་ ཡར་སེང་སུ་ཅིག་ཨིན་པས་ལགས།
  • སེང་གེ་རིག་འཛིན་ Singye Rigzin
    ཨུ་རུ་རུ་་་ འེང་་་ ཧེང་ཧེང་་་ ཧེང་ཧེང་་་ (Speaker claps hands) ཧེང་ རོལ་མོ་འ་ནེ་ཅིག་བཞག་ནི་ བརྡུང་འདི་དུམ་གྲ་ཅིག་ འ་ནཱི་གི་མཇུག་འདི་ སེར་སྦེ་(སེང་སུ་ཅིག་) ཡར་བཀལ་བཞག་ནི་ཅིག་ཡང་འདུག།
  • སེང་གེ་རིག་འཛིན་ Singye Rigzin
    ད་ ད་ གསུམ་པ་འདི་ཨིན་ལགས་ ཀྲིག་ཀྲི་ཡོད་གོ་ཤིག?
  • བསམ་གཏན་ཡེ་ཤེས་ Samten Yeshi
    ལགས་སོ།
  • སེང་གེ་རིག་འཛིན་ Singye Rigzin
    (Speaker claps hands) ཨུ་རུ་རུ་་་་ འེང་་་ ཧེང་ཧེང་་་ འེང་ ཧེང་་་ ཧེད་ ཧེད་་་ ཧེད་་་ ཧེད་ ཧེད་ ཧེད་་་་ ཧེང་འེང་ཧེད་ ཨུ་རུ་རུ་་་་ ཀྲིག་བཏང་བཏང་ཞིནམ་ལས་ ཨུ་རུ་རུ་་་ ཧེང་་་ གཅིག་ གཉིས་ གསུམ་ བཞི་ ལྔ་ དྲུག་ བདུན་ བརྒྱད་ དགུ་གི་བྱ།
  • སེང་གེ་རིག་འཛིན་ Singye Rigzin
    དགུ་གི་བྱ་་་ གཅིག་ གཉིས་ གསུམ་ བཞི་ ལྔ་ དྲུག་ བདུན་ བརྒྱད་ དགུ་གི་བྱ་ དགུ་གི་ཧེང་་་ ཧེང་ ད་ དེ་ལས་ གྲོལ་བའི་གི་ཚིག་འདི་ཚུ་ གསུང་ནི་ཨིན་པས་ལགས་ ད་འདི་དགུ་བརྡུང་ཁ་སྦྱར་ཟེར་སླབ་ནི་ཨིན་ལགས།
  • སེང་གེ་རིག་འཛིན་ Singye Rigzin
    ད་ལྟོ་ ཨ་ནཱ་ལས་ འགུག་ཞུ་ལས་འགོ་བཙུགས་ ཁ་སྦྱར་ལེན་ ད་ དགུ་བརྡུང་ཁ་སྦྱར་དབྱངས་མཇུག་བཟུམ་ཅིག་ དགུ་བརྡུང་ཁ་སྦྱར་ལས་ འབྲེལ་མ་ལེན་ནི་ལགས་ ད་ལེན་མཚམས་ལེན་མཚམས་ཞུ་གེ་ལགས།
  • སེང་གེ་རིག་འཛིན་ Singye Rigzin
    (Speaker claps hands) ཨུ་རུ་རུ་་་་ ཧེང་་་ ཨུ་རུ་རུ་་་ ཧེང་་་ གཅིག་ གཉིས་ གསུམ་ བཞི་ ལྔ་ དྲུག་ བདུན་ བརྒྱད་ དགུ་གི་བྱ་ དགུ་གི་བྱ་ གཅིག་ གཉིས་ གསུམ་ བཞི་ ལྔ་ དྲུག་ བདུན་ བརྒྱད་ དགུ་གི་བྱ་ དགུ་གི་ཧེ་ཧེང་ གཅིག་ གཉིས་ གསུམ་ བཞི་ ལྔ་ དྲུག་ བདུན་ བརྒྱད་ དགུ་ ཧེ་ཧེང་ ཧེ་ཧེང་་་་ འ་ནེ་ཅིག་ཨིན་ལགས་ད།