19 Jul 2018
2 min 42 sec
Audio Overview
Creators:
Yeshi Wangchuk
Senggé Rindzin from Ura gewog provides an overview on how to play cymbals during feast offerings according to the Drukpa Kagyü Buddhist tradition as practiced in Bhutan. There are many types of notes, the cadence and duration of which reflect particular ritual sequences.
ཆོག་ག་བཏང་བའི་སྐབས་ མཆོད་ལོ་ སྤྱན་འདྲེན་ལོ་ དམ་བཞག་ལོ་ བསྟོདཔ་ལོ་ཟེར་ ཁག་ལེ་ཤ་ཅིག་ཡོད་མི་ཚུ་ནང་ རོལམོ་འདི་ཡང་ འདི་དང་འཁྲིལ་ཏེ་རྡུང་སྲོལ་ཡོདཔ་ད་ ཏེ་ད་ལྟོའི་གློག་བརྙན་འདི་ནང་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ སེངྒེ་རིག་འཛིན་གྱིས་ ཚོགས་ཀྱི་སྐབས་ འཛབ་ཀྱི་རོལམོ་རྡུང་ཐངས་ཀྱི་སྐོར་ལས་ གསལ་སྟོན་འབདཝ་ཨིན་མས། ཨིན་རུང་ ཚོགས་ལུ་འཛབ་ཀྱི་རོལམོ་རྐྱངམ་ཅིག་གི་མ་དོ་བར་ གཞན་ཡང་དགུ་རྡུང་ལ་སོགས་པའི་ རོལམ་གི་ལེའུ་གཞན་ཡང་རྡུང་དགོཔ་ཨིན།
- སེང་གེ་རྡོ་རྗེ་ Singye Dorjiད་ ད་ནཱ་ལས་མར་ ཚོགས་ཟེར་མི་འདི་ཨིན་ ཚོགས་ཀྱི་རོལ་མོ་འདི་ ད་ འཛབ་འགྱོ་དགོ་ལགས་ འཛབ་ད་ཅི་དང་ཅོག་གཅིགཔ་རང་ཨིན་ལགས་ ད་ཅི་གི་ཅོག་གཅིགཔ་རང་ དེ་འབད་རུང་ ཚར་གཅིག་བཏང་གེ་ལགས།
- སེང་གེ་རྡོ་རྗེ་ Singye Dorji(Speaker claps hands) བིར་བིར་བིར་ གཅིག་ གཉིས་ གསུམ་ བཞི་ ལྔ་ དྲུག་ བདུན་ བརྒྱད་ དགུ་ འ་ནཱི་འཛབ་དབྱངས་འགོ་འགྱོ་ནི་ཨིན་ལགས་ དེ་ལས་ ཁོ་ཚོགས་ཀྱི་བྱིན་བརླབས་ཡར་གྱི་ཚུ་གི་ ཚོགས་ཚུ་གི་ཚིག་གསུང་ ཚོགས་ཀྱི་ཤུལ་ལས་ ད་ ཚོགས་ཀྱི་ཚིག་རྫོགསཔ་ཅིག།
- སེང་གེ་རྡོ་རྗེ་ Singye Dorjiའདི་ལས་མར་ དེ་ལས་ ཕབ་ཐངས་ ཕབ་མཚམས་ དེ་ལས་ འཛབ་ལས་ཕབ་ཐངས་ ཚོགས་ཀྱི་རོལ་མོ་ཟེར་ སོ་སོ་ཡོད་ འ་ནཱི་ཚོགས་ཀྱི་རོལ་མོ་གུ་ལུ་ཕབ་ནི་གི་ ལེན་མཚམས་ཅིག་ ཚར་གཅིག་ཞུ་གེ་ལགས།
- སེང་གེ་རྡོ་རྗེ་ Singye Dorji(Speaker claps hands) ཨུ་་་བིར་ཧུང་ གཅིག་ གཉིས་ གསུམ་ བཞི་ ལྔ་ དྲུག་ བདུན་ བརྒྱད་ དགུ་ ཧུང་་་ ཧེང་་་ བཅད་མ་ཟེར་སླབ་ནི་ཨིན་ལགས་ མཇུག་ད་ལྟོ་བཟུམ་སྦེ་ བཏང་མི་འདི་ལུ་ དེ་ལས།
- སེང་གེ་རྡོ་རྗེ་ Singye Dorjiདེ་ལས་ཚོགས་ཕུད་ ཚོགས་ཕུད་ཟེར་ཡོད་ ཚོགས་ཕུད་གསུམ་ཕུལ་ནི་ཡོད་ འ་ནཱི་ཕུལ་ཚེ་གཅིགཔ་ལུ་ད་འ་ནཱི་ དང་པ་རང་འདི་བཏང་འོང་ ད་ཚོགས་ཕུད་ཀྱི་ཚིག་གསུམ་རྫོགསཔ་ཅིག།
- སེང་གེ་རྡོ་རྗེ་ Singye Dorji(Speaker claps hands) ཧེང་་་ ཧེང་་་ ཚོགས་རོལ་ཟེར་མི་འདི་ འདི་ཨིན་ལགས། སྤྱིར་བཏང་ང་བཅས་ར་ཆོས་སྲུང་ཚུ་ལུ་ཡང་ ཚོགས་རོལ་འདི་རང་འགྱོ་དགོ་ འ་ནཱི་ཚོགས་ཡར་གནམ་མཁའ་སྦེ་ མཆོད་དཔོན་གྱིས་ཕུལཝ་ད་ལུ་ འ་ནཱི་འགྱོ་ནི་ ད།
- སེང་གེ་རྡོ་རྗེ་ Singye Dorjiཨ་ནཱི་ ཚར་གསུམ་བཏང་དགོཔ་ཡོད་ ཚར་གསུམ་ཆ་རང་ཅོག་གཅིགཔ་རང་ཨིན་ ད་ འདི་ལས་ ཕུར་པའི་དབང་དུ་འབད་བ་ཅིན་ འདི་ལས་བཅད་མ་ཟེར་ དེ་ལས་དུམ་གྲ་རེ་དྲག་པོ་ལེན་ནིའི་དོན་ལུ་ མར་བཅད་མ་འདི་ལེན་གེ་ལགས།
- སེང་གེ་རྡོ་རྗེ་ Singye Dorjiཨུ་ཌུ་ཌུ་་་ (Speaker claps hands) ཧེང་་་ འེང་འེང་་་ ཧེང་་་ ཟེར་ རོལ་མོ་གི་དབྱེ་བ་འ་ནེ་ཅིག་ཡོདཔ་ཨིན་ལགས་ འ་ནཱི་བཅད་མ་ཟེར་ སླབ་ཨིན་ལགས།