18 Mar 2016
1 min 53 sec
- ཕ་རིའི་སྤང་དཀར་སྟེང་གི་བསམ་མེད་ལུག་རྫི་ཕ་ལོ།
- རྩྭ་ཆུ་འཛོམས་པ་མིན་ན་ལུག་ཁྱུ་རི་ལ་མ་རྒྱག
- རི་སྤྱང་སྔོན་མོས་ཁྱེར་འགྲོ།
- མ་སྐྱེས་སྡེ་ཆེན་གྲོང་གི་བསམ་མེད་བུ་མོ་སྒྲོན་ནེ།
- བརྩེ་སེམས་མཐུན་པ་མིན་ན་རང་ལུས་རྩེད་སྤྱད་མ་བྱེད།
- གཏམ་ངན་སྡེ་བའི་གོ་འགྲོ
- བརྩེ་སེམས་མཐུན་པ་མིན་ན་རང་ལུས་རྩེད་སྤྱད་མ་བྱེད།
- གཏམ་ངན་སྡེ་བའི་གོ་འགྲོ།
- གདན་ནག་གྲུ་བཞིའི་སྟེང་གི་བསམ་མེད་རྒྱལ་སྐུག་མང་པོ།
- ངོ་མས་ཕྱུག་པོ་མིན་ན་རང་སྲོག་འབེན་ལ་མ་འཇོག
- ཇག་པ་རྐུན་མའི་ལོག་འགྲོ
- ངོ་མས་ཕྱུག་པོ་མིན་ན་རང་སྲོག་འབེན་ལ་མ་འཇོག
- ཇག་པ་རྐུན་མའི་ལོག་འགྲོ