Audio Overview
The meaning was unclear. This song is sung at New Year's celebrations, when raising prayer flag poles, and at parties.
- དགའ་ས་ཡ་ལའི་ཚུར་ལ་ནི་ཡོང་པའི། སྐྱིད་ས་ཡ་ལའི་ངས་གླུ་འཛོམས། དགའ་བའི་ཡ་ལ་མི་ཡང་འཛོམས་བྱུང་། བཙོས་པའི་ཡ་ལ་ཆང་ཡང་ཞིམ། ང་ཅག་ཡ་ལཱ་གཞོན་ལ་ནི་གཞོན་འཛོམས་ བྱུང་། དཔུང་པའི་ཡ་ལཱ་དཀར་རྒྱན་ཅིག་བཞངས།
- སྨྱུང་མ་སྐྱེ་ས་ལ་ཡག་ག། སྨྱུང་མ་སྐྱེ་ས་ལ་ཡག་ག། རྩ་ལ་རི་བོ་རོང་གི་ལ་སྨྱུང་མ། རྩ་ལ་རི་བོ་རོང་གི་ལ་སྨྱུང་མ།
- སྨྱུང་མ་རྩེ་ལ་གཟིགས་དང་། སྨྱུང་མ་རྩེ་ལ་གཟིགས་དང་། སྨྱུ་ལ་གུ་རན་པ་བྱུང་ན། སྨྱུ་ལ་གུ་རན་པ་ལ་བྱུང་ན། གླིང་བུ་བརྙེད་པ་བྱུང་ན། ང་ཚོ་བཟང་པོའི་ཕྱག་ལ་ཕུལ་ཆོག ང་ཚོ་བཟང་པོ་ཕྱག་ལ་ཕུལ་ཆོག
- གླིང་བུ་མ་བརྙེད་པ་བྱུང་ན། ང་ཚོ་སྨྱུང་མའོ་སྨྱུང་ཚང་ནང་ལ་ལོག་འགྲོ། ང་ཚོ་སྨྱུག་མའོ་སྨྱུང་ཚང་ནང་ལ་ལོག་འགྲོ།
- སྨྱུང་མ་སྐྱེ་ས་ལ་ཡག་ག། རྩ་ལ་་རི་བོ་རོང་གི་ལ་སྨྱུང་མ། རྩ་ལ་རི་བོ་རོང་གི་ལ་སྨྱུང་མ།
- སྨྱུང་མ་སྐེད་པ་ལ་གཟིགས་དང་། སྨྱུང་མ་སྐེད་པ་ལ་གཟིགས་དང་། ཕྱག་ལ་སྨྱུག་བརྙེད་པ་ལ་བྱུང་ན། ཕྱག་ལ་སྨྱུག་བརྙེད་པ་ལ་བྱུང་ན།
- ཕྱག་ལ་སྨྱུག་བརྙེད་པ་ལ་བྱུང་ན། གྱི་ཕྱག་ལ་ནི་ཕུལ་ཆོག། གྱི་ཕྱག་ལ་ནི་ཕུལ་ཆོག།
- ཕྱག་སྨྱུག་མ་བརྙེད་པ་བྱུང་ན། ང་ཚོ་སྨྱུང་མའོ་སྨྱུང་ཚང་ནང་ལ་ལོག་འགྲོ། ང་ཚོ་སྨྱུང་མའོ་སྨྱུང་ཚང་ནང་ལ་ལོག་འགྲོ།
- སྨྱུང་མ། སྨྱུང་མ་རྩ་བ་ལ་གཟིགས་དང་། སྨྱུང་མ་རྩ་བ་ལ་གཟིགས་དང་། རྩྭ་ལ་རིབོ་རོང་གི་ལ་སྨྱུང་མ། རྩྭ་ལ་རིབོ་རོང་གི་ལ་སྨྱུང་མ།
- སྨྱུང་མ་རྩ་བ་ལ་གཟིགས་དང་། བརྙེད་པ་ལ་བྱུང་ན། བརྙེད་པ་ལ་བྱུང་ན།
- ཤོག་བུ། ཤོག་བུ་བརྙེད་པ་ལ་བྱུང་ན། ང་ཚོའི་ཨ་མའི་ཨོ་ ལོའི་ཚུར་ལ་ཕྱག་ལ་ཕུལ་ཆོག། ང་ཚོའི་ཨ་མའི་ཨོ་ལོའི་ཚུར་ལ་ཕྱག་ལ་ཕུལ་ཆོག།