Skip to main content Skip to search
15 Feb 2017
6 min 54 sec
Audio Overview
Creators: 
Yeshi Wangchuk, Penchela, Karma

The song explains the sacredness of a special kind of bamboo called tsari numa, which is used for making arrows and weaving cloths in Bhutan. The lyrics to the song say that, if one were to talk about the growth, cutting and bundling of this exceptional bamboo, one should refer first to a very sacred place called Tsari and its cliffs, on which every one of its shoots grows. Even though due to its sacredness this bamboo should not be cut, if one must do so, it is necessary to observe precise procedures. One should cut the tsai numa with the thought that one is subduing one’s enemies. This is how people are reminded of the sacredness of this bamboo through this song. 

གླུ་གཞས་འདི་གིས་ འབྲུག་རྒྱལ་ཁབ་ནང་ལུ་ རྩ་ཅན་གྱི་ ཙཱ་རི་སྨྱུག་མ་གིས་སྐོར་ལས་ བཤད་པ་རྐྱབ་དོ་ཡོདཔ་དང་ ཙཱ་རི་སྨྱུག་མ་འདི་ མདའ་བཟོ་ནི་དང་ ཐགས་འཐག་པའི་སྐབས་ལག་ལེན་འཐབ་དོ་ཡོདཔ་ཨིན་མས། གླུ་གཞས་ཀྱི་ཚིག་ནང་ལུ་ སྨྱུག་མ་སྐྱེས་ལུགས་དང་ བཅད་ལུགས་ དེ་ལས་ བསྡམ་ལུགས་ཤེས་དགོ་པ་ཅིན་ ཙཱ་རི་སྨྱུག་མ་སྐྱེས་སའི་ ས་གནས་ ཙཱ་རི་བྲག་ལུ་ འགྱོ་དགོ་ཟེར་བཤད་དོ་ཡོདཔ་ཨིན། ཨིན་རུང་ ཙཱ་རི་སྨྱུག་མ་འདི་ རྩ་ཆེ་ཏོག་ཏོ་འབདཝ་ལས་ བཏོག་ནི་མི་འོང་ཟེར་ཨིནམ་དང་ གལ་སྲིད་བཏོག་སྟེ་འབད་རུང་ བཏོག་ཐངས་དང་ བཅད་ལུགས་འདི་ཤེས་དགོ་ཟེར་ཨིནམ་དང་ བཏོག་པའི་སྐབས་ རང་གིས་དགྲ་བྱང་ཕྱད་འདི་བཏུལ་བའི་ཚོར་བ་བསྐྱེད་དེ་བཏོག་དགོ་ཟེར་ཨིན་མས། དེ་འབདཝ་ལས་ ཙཱ་རི་སྨྱུག་མ་འདི་ རྩ་ཅན་ཨིན་ཟེར་ གླུ་གཞས་ཀྱི་ཐོག་ལས་ དྲན་གསོ་འབད་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ཀུན་དགའ་དབང་མོ
    ལགས་སོ་ལགས།སྨྱུག་མ་སྐྱེས་རིགས་སྐྱེས་ཚུལ་བཤད་གསུང་ན་ལ། །
  • ཀུན་དགའ་དབང་མོ
    ཡང་རྗེ་(ཡང་ཅིག་)སྐྱེས་རིགས་སྐྱེས་ཚུལ་བཤད་གསུང་ན། །
  • ཀུན་དགའ་དབང་མོ
    ལགས་སོ་ལགས། སྨྱུག་མ་སྐྱེས་ཡང་ཙཱ་རི་གནས་ལུ་སྐྱེས་ལ། །
  • ཀུན་དགའ་དབང་མོ
    ཡང་རྗེ་(ཡང་ཅིག་)སྐྱེས་ཡང་ཙཱ་རི་གནས་ལུ་སྐྱེས། །
  • ཀུན་དགའ་དབང་མོ
    ལགས་སོ་ལགས། སྨྱུག་མ་བཅད་རིགས་བཅད་ཚུལ་བཤད་གསུང་ན་ལ། །
  • ཀུན་དགའ་དབང་མོ
    ཡང་རྗེ་(ཡང་ཅིག་)བཅད་རིགས་བཅད་ཚུལ་བཤད་གསུང་ན། །
  • ཀུན་དགའ་དབང་མོ
    ལགས་སོ་ལགས། སྨྱུག་མ་བཅད་ཡང་བཅག་ཟེར་ང་མི་བཅད་ལ། །
  • ཀུན་དགའ་དབང་མོ
    ཡང་རྗེ་(ཡང་ཅིག་)བཅད་ཡང་བཅག་ཟེར་ང་མི་བཅད། །
  • ཀུན་དགའ་དབང་མོ
    ལགས་སོ་ལགས། སྨྱུག་མ་བསྡམས་རིགས་བསྡམས་ཚུལ་བཤད་གསུང་ན་ལ། །
  • ཀུན་དགའ་དབང་མོ
    ཡང་རྗེ་(ཡང་ཅིག་)བསྡམས་རིགས་བསྡམས་ཚུལ་བཤད་གསུང་ན། །
  • ཀུན་དགའ་དབང་མོ
    ལགས་སོ་ལགས། སྨྱུག་མ་བསྡམས་ཡང་དགྲ་དང་འདྲ་བས་བསྡམས་ལ། །
  • ཀུན་དགའ་དབང་མོ
    ཡང་རྗེ་(ཡང་ཅིག་)བསྡམས་ཡང་དགྲ་དང་འདྲ་བས་བསྡམས། །
  • ཀུན་དགའ་དབང་མོ
    ལགས་སོ་ལགས། སྨྱུག་མ་སྐྱེས་རིགས་སྐྱེས་ཚུལ་བཤད་གསུང་ན་ལ། །
  • ཀུན་དགའ་དབང་མོ
    ཡང་རྗེ་(ཡང་ཅིག་)སྐྱེས་རིགས་སྐྱེས་ཚུལ་བཤད་གསུང་ན། །
  • ཀུན་དགའ་དབང་མོ
    ལགས་སོ་ལགས། སྨྱུག་མ་སྐྱེས་ཡང་རྫ་ཡི་གྱེན་ལུ་སྐྱེས་ལ། །
  • ཀུན་དགའ་དབང་མོ
    ཡང་རྗེ་(ཡང་ཅིག་)སྐྱེས་ཡང་རྫ་ཡི་གྱེན་ལུ་སྐྱེས།། །།